སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
སྤེལ་དུས། 2017-12-28   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཉི་ཆོས།
             ཟླ་12ཚེས་25དང་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
             ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་25དང་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་བཅས་བརྗོད་དོན་གཙོ་བོར་བྱས་ནས《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》དང《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ལག་བསྟར་ཞིབ་སྲོལ》ལ་གཙོ་གནད་ཐོག་ཞིབ་བསྡུར་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱེད་པའི་དོན་དངོས་དང་ཟུང་འབྲེལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་རང་སྐྱོན་རང་བཤེར་དང་། ཏང་གཤིས་ལ་དབྱེ་ཞིབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད། 
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། 
             ཚོགས་འདུ་མ་འཚོག་གོང་འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཡོད་ཅིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་སྤེལ་རེས་གླེང་མོལ་གནང་ནས་བརྗོད་དོན་གཙོ་བོར་དམིགས་ཏེ་གནད་དོན་བཙལ་འཚོལ་གནང་བ་དང་འབྲེལ་གཏམ་བཤད་ཡི་གེ་བྲིས་གནང་བ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རེ་རེ་བཞིན་གྱིས་གཏམ་བཤད་གནང་ནས་བླང་བྱ་གཞིར་བཟུང་ཞིབ་བསྡུར་སྐྱོན་བཤེར་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ཀྱི་ངོས་འཛིན་ཟབ་པ་དང་། མྱོང་ཚོར་ཏན་ཏིག བཤེར་འདོན་ནན་པོ། དགོངས་འཆར་ལྷག་བསམ་རྣམ་དག་བཅས་ཡོད་པས་བསམ་བློ་གཅིག་གྱུར་དང་། ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་དམིགས་ཚད་དུ་སླེབས་ཡོད་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གོང་བུ་འགྲིལ་ནུས་དང་། དམག་འཐབ་ནུས་པ། བློ་ཁ་ཕྱོགས་ཤུགས་བཅས་ཆེ་རུ་ཕྱིན་ཡོད་པ་རེད། 
             ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་བཤད་ནང་གཙོ་གནད་ཁག་བཞི་ཁོང་དུ་ཆུད་པ་དང་མངོན་པ་སྟེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་བྱས་ནས་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་དངོས་འབྲེལ་ཐུབ་པ་བྱས་ཏེ་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་སྐོར་དང་། གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྣེ་ཁྲིད་དེ་སྲུང་སྐྱོང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་། ཏང་ལ་ལྷག་བསམ་རྣམ་དག་དང་ཁ་གསལ་གཏིང་གསལ། སྒྲིག་ཁྲིམས་སྲུང་བ་དང་སྒྲིག་ལམ་ལ་སྣང་ཆེན་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་སྐོར།
             གསུམ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་ལ་སྣེ་ཁྲིད་དེ་བརྩི་སྲུང་དང་ལག་ལེན་བསྟར་བའི་གནས་ཚུལ་དང་། བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་དང་། ཚོགས་འདུ་དང་བྱེད་སྒོ་ཁུ་བསྡུ། ཡིག་ཆ་དང་གསར་འགྱུར་གནད་བསྡུས་ཁུ་བསྡུ། ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ། གསར་འགྱུར་འགོད་སྤེལ་བྱེད་སྟངས་ལེགས་བཅོས། ཧུར་བསྲི་གྲོན་ཆུང་ནན་ཏན་བྱེད་པ་བཅས་དངོས་འབྲེལ་ཐུབ་པ་རང་རྟོགས་ངང་དམིགས་བསལ་དབང་ཆར་ངོ་རྒོལ་དང་དམིགས་བསལ་དབང་ཆ་མི་སྤྱོད་པའི་སྐོར། བཞི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གི་སྣེ་ཁྲིད་དེ་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་ཏན་ཏན་ཏིག་ཏིག་གི་བྱ་ཐབས་དངོས་འབྲེལ་འདོན་ཐུབ་པ་དང་དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་ཀྱིས་ལས་བགོས་འགན་འཁུར་གྱི་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་པ་དང་འབྲེལ་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱས་སྐོར་བཅས་རེད། 
             ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པའི་ཐད་སྲིད་དོན་མཛད་ཇུས་ཆེ་མོ་རབ་དང་རིམ་པ་རྒྱས་བཤད་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་བཀོད་སྒྲིག་གཏན་འབེབས་བྱས་ཡོད་ཅིང་། དེ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཁྲིད་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་རང་རྟོགས་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱེད་དགོས། 
             ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་གདོང་ལེན་དང་གསར་འབྱེད་ཡར་བརྩོན་བྱས་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡང་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགོ་ཁྲིད་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་རྒྱུར་འགོ་ཁྲིད་གནང་བའི་བརྒྱུད་རིམ་ནང་འགྱུར་མེད་ཀྱི་དད་མོས་དད་སེམས་དང་། ཧ་ཅང་གསལ་བའི་མི་དམངས་ཀྱི་ལངས་ཕྱོགས། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས། ཞུམ་མེད་ཀྱི་བློ་སྟོབས་དང་ཀུན་སྤྱོད། ཤུགས་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས། ཧ་ཅང་མཁས་པའི་ཆབ་སྲིད་ཀྱི་སྒྱུ་རྩལ་བཅས་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཏང་སེམས་ཕྱོགས་ཡུལ་དང་དམངས་སེམས་གཏད་ཡུལ་ཞིག་ཏུ་གྱུར་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཁྲིད་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཡོངས་ཀྱི་སྲོག་ཤིང་དང་། ཏང་ཀྲུང་དབྱང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས། 
             ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་ཤིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་བརྩིས་པ་དེ་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རླབས་ཆེན་གྱི་འཐབ་རྩོད་སྤེལ་བ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་བྱེད་པ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ཚེ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་ལྟེ་བའི་དོན་སྙིང་དང་གསར་གཏོད་ཀྱི་ལྟ་བ་ཁོང་དུ་ཆུད་པ་དང་། ཆབ་སྲིད་ཀྱི་དོན་སྙིང་དང་། ལོ་རྒྱུས་ཀྱི་དོན་སྙིང་། རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་ཁོང་དུ་ཆུད་པ། གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བྱེད་པ་དང་གོ་དོན་མཐིལ་རྟོགས་བྱེད་པ་བཅས་བྱས་ནས་ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་དང་ཆབ་སྲིད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་ནུས་ལྡན་གཏོང་དགོས། 
             ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམ་པའི་ཞིབ་བསྡུར་སྐྱོན་བཤེར་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ་དང་འབྲེལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《གཏན་འབེབས》དང《ལག་བསྟར་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད་བླང་བྱ་བཏོན་གནང་བ་རེད། 
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ནས་ཀྲུང་གོའི་མི་འབོར་དུང་ཕྱུར་13ལྷག་ཙམ་ཐེག་པའི་གྲུ་གཟིངས་ཆེན་པོ་མདུན་སྐྱོད་བྱེད་ཆེད་ཆུ་ལམ་སྟོན་རྟགས་གསར་པ་ཞིག་བསླངས་ཡོད་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་རུབ་འཛོམས་དུང་བརྡ་ཡང་བསྒྲགས་ཡོད། ཐབས་ཇུས་དང་འཆར་གཞི་ཡག་པོ་ཡོད་པས་འགག་རྩ་ནི་དོན་འཁྱོལ་བྱེད་རྒྱུར་ཐུག་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀའི་བརྗོད་དོན་གཙོ་བོ་དེ་ཡིན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་ལས་འགན་གལ་ཆེན་ཡང་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་ཐུབ་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ་སློབ་སྤྱོད་ཟུང་འབྲེལ་དང་ཤེས་སྤྱོད་ཟུང་འབྲེལ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཕྱི་ཚུལ་ཙམ་དུ་ལུས་མི་ཉན་པ་དང་། འབོད་ཚིག་ཁོ་ན་སྒྲོག་པ་དང་བྱ་སྤྱོད་མ་སྤེལ་ན་མི་འགྲིག་པ། ཚོགས་འདུ་ཁོ་ན་འཚོག་པ་དང་ཡིག་ཆ་ཁོ་ན་སྤྲད་ནས་མི་འདང་བས་ངེས་པར་དུ་དོན་འཁྱོལ་ཏན་ཏིག་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་རྒྱུ་ནི་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ་འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་དོན་ལས་རྗེས་ལྟ་བར་ཚད་འཇལ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན། དངོས་འཛིན་བྱེད་པའི་ནུས་ཤུགས་དངོས་དང་། དམ་འཛིན་ནན་པོ་བྱེད་པའི་ངར་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་ཇུས། རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་བརྟན་པོ་བཅས་ཡོད་པ་བྱས་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་གི་ལས་འགན་གསལ་པོ་ཤེས་པ་བྱས་ནས་མངོན་གསལ་དོད་པའི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་འཛིན་བྱེད་པ་དང་། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གསལ་པོ་དབྱེ་བ། སྲིད་ཇུས་ལེ་ལག་ཚང་བ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམིགས་ཚད་དང་ལས་འགན་ཁག་དུས་ཐོག་ཏུ་སྤུས་ཚད་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། 
             དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་འགན་འཁུར་བ་ཨང་དང་པོ་ནི་འགག་རྩ་ཡིན་པས་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཏེ་འགན་ལྕི་ཤོས་འཁུར་ཕོད་པ་དང་། འགན་ལྕི་ཤོས་སྒྲུབ་ཕོད་པ། ཐག་གཅོད་དཀའ་ཤོས་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པ་བཅས་བྱས་ཏེ་ལས་བགོས་འགན་འཁུར་གྱི་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པ་དང་འབྲེལ་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱེད་དགོས། 
             ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པར་དང་ཐོག་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་བྱེད་རྒྱུར་འགན་ལེན་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཤིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་དེའི་ཐད་ངེས་པར་ངོས་འཛིན་ཧ་ཅང་གསལ་པོ་ཡོང་བ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱའི་ནང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་གསལ་སྟོན་བྱས་ནས་ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་དེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ་ནི་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ་གནད་སྨིན་འཐུས་ཚང་གི་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་གི་ཏང་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཞིག་ཡིན་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ཚད་གཞི་ཁ་གསལ་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས་བསམ་བློའི་ཐད་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱེད་པ་དང་། ཆབ་སྲིད་ཐད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། རྩ་འཛུགས་ཐད་རང་རྟོགས་ངང་བརྩི་བཀུར་ཞུ་བ། བྱ་སྤྱོད་ཐད་དམ་པོར་སྙེགས་པ་བཅས་བྱེད་དགོས་པ་དང་ཆབས་ཅིག་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཐོག་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་དགོས། དེ་ནི་ཚང་མའི་ཏང་གཤིས་ལ་ཚོད་བགམ་ཞིག་ཡིན་ལ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་རྩ་བ་ཞིག་ཀྱང་ཡིན། 
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “སྤྱོད་ཚུལ་བཞིའི”གནད་དོན་ལ་མཁྲེགས་བཟུང་རང་བཞིན་དང་བསྐྱར་སྐོར་རང་བཞིན་ཆེན་པོ་ལྡན་ཡོད། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་མཚམས་འཇོག་མི་རུང་བར་སྤྱོད་ཚུལ་འཛུགས་སྐྱོང་ལ་ནམ་ཡང་ཚར་དུས་མེད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཉིས་རང་རེའི་ཏང་གི་ངོ་བོའི་དམིགས་ཡུལ་དང་སྤྱོད་ཚུལ་བཟང་པོ་དང་གཏན་ནས་མཐུན་ཐབས་མེད་པར་རང་རེའི་ཏང་དང་མི་དམངས་ཀྱི་དགྲ་དགྲ་ནག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སྣེ་འཁྲིད་ཀྱིས་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མི་དྲང་པོ་ཞིག་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ། ལས་ཀ་དྲང་པོ་བྱེད་པ་བཅས་བྱས་ཏེ་རང་རྟོགས་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་འཁྲིད་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མི་བྱེད་པ་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མཚོན་ཚུལ་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣ་མང་རང་བཞིན་དང་འགྱུར་ལྡོག་རང་བཞིན་ཤེས་རྟོགས་གང་ལེགས་བྱེད་པ་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་དུས་སྐབས་མི་འདྲ་བ་དང་། ས་ཁུལ་མི་འདྲ་བ། སྡེ་ཚན་མི་འདྲ་བ་བཅས་ཀྱི་མཚོན་ཚུལ་མི་འདྲ་བ་གསལ་པོ་ཤེས་པ་བྱས་ཏེ་ཞིབ་ཕྲའི་བྱ་སྤྱོད་དང་འབྲེལ་བ་དམ་ཟབ་བྱས་ནས་གནད་དོན་རྙིང་པ་ཐག་གཅོད་བྱེད་དགོས་ལ་གནད་དོན་གསར་པ་ཡང་ཤེས་རྟོགས་ཐུབ་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ་མངོན་གསལ་མི་དོད་པའི་གནད་དོན་ཡང་ཐག་གཅོད་བྱེད་པ། གཏིང་མི་ཟབ་པའི་གནད་དོན་ཐག་གཅོད་བྱེད་དགོས་ལ་གཏིང་ཟབ་པའི་གནད་དོན་ཡང་ཐག་གཅོད་བྱས་ནས་གོམས་གཤིས་འཇགས་པ་དང་ཕུགས་ཕན་ཐོན་པ་བྱེད་དགོས། 
             ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་རང་རེའི་ཏང་གི་ཕ་ནོར་ཞིག་དང་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཞིག་རེད། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྣམ་པ་དར་བ་བྱས་ཏེ་ཏང་ཡོངས་སུ་དངོས་སྒྲུབ་ལ་བརྩི་མཐོང་དང་། སྟོང་གཏམ་སྤོངས་བ། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་དོན་འཁྱོལ་དང་མི་སེར་ལ་ཕན་པ་ཐོབ་པའི་ལས་དོན་ཁག་ལག་ལེན་ཏན་ཏིག་བསྟར་ནས་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་རྩ་བ་བརྟན་ཚུགས་ཡོང་རྒྱུར་སྐུལ་མ་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མི་དམངས་དགེ་རྒན་ལ་བསྟེན་པ་དང་མི་དམངས་ལ་སློབ་སྦྱོང་བྱས་ནས་སྒྲོབ་ཉམས་མེད་པ་དང་ལུས་ཚུགས་པ། མང་ཚོགས་དང་འབྲེལ་འདྲིས་དང་གཤམ་འོག་གི་གནས་ཚུལ་ཤེས་རྟོགས། དེའི་ནང་ཞུགས་པ་མ་ཟད་དེ་བས་སེམས་གནས་ཐུབ་པ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གནད་དོན་ལ་དམིགས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམིགས་པ། ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ལ་དམིགས་པ། སྒྱུར་འཕེལ་བརྟན་གསུམ་གྱི་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ལ་ཞིབ་ཚགས་བྱེད་པ་དང་མི་སེར་གྱི་དགོས་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། འཁོན་འཛིན་ཆེ་ཤོས་བཅས་ཀྱི་གནད་དོན་ལ་དམིགས་ནས་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་དོན་དངོས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གནད་དོན་དངོས་འཚོལ་ཞིབ་དང་། ཐབས་ཤེས་དངོས་འདོན་པ། ལས་དོན་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོན་པ་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་དཔེ་གཞན་སྟོན་གྱིས་རིམ་ཁག་ལས་བྱེད་པས་ལས་དོན་སྤེལ་བ་དང་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་མ་བཏང་སྟེ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་ཏང་ཡོངས་སུ་དར་སྲོལ་ཆགས་པ་བྱེད་དགོས། 
             ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་རྒྱུ་དེ་དང་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ནས་འགོ་འཛུགས་དགོས། གོ་གནས་ཇི་ཙམ་མཐོ་བ་ཡོད་པ་དེ་ཙམ་གྱིས་མི་དམངས་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་སྐྲག་དང་རང་གཅུན་ཐུབ་པ་བྱས་ནས་སྤྱོད་གཙང་རང་གཅུན་ཐད་མིག་དཔེ་བསྟན་ཚེ་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་དེ་གཞི་ནས་འཁུར་ཐུབ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གནས་ལུགས་ཤེས་རྟོགས་ཐུབ་པ་བྱས་ནས་སྤྱི་དང་སྒེར་ཕྱིན་ཅི་མི་ལོག་པ་དང་། ཡིན་མིན་མཉམ་བསྲེས་མི་བྱེད་པ། ཁེ་གྲགས་གསལ་པོ་ཤེས་པ། གཉེན་ཉེའི་འབྲེལ་བ་གང་བྱུང་དུ་མི་སྤྱོད་པ་བཅས་བྱས་ཏེ་སྣེ་འཁྲིད་ཀྱིས་སྤྱོད་གཙང་རང་གཅུན་གྱི“རླུང་ཕྱོགས་སྟོན་རྟགས”ཡག་པོ་བཟོས་ནས་སྤྱོད་གཙང་གཞུང་དྲང་གི་ཏང་སྲོལ་ཆགས་རྒྱུར་སྐུལ་མ་གཏོང་དགོས། སེམས་ཁམས་དྭངས་གཙང་དང་རིན་ཐང་གི་གནས་ཚད་ཐོག་ནས་ཕུགས་བསམ་གྱི་དད་སེམས་བརྟན་པོ་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་དང་ཀུན་སྤྱོད་ཀྱི་ངེས་ཤུགས་ཆེ་རུ་བཏང་ནས་རུལ་སུངས་བྱེད་མི་འདོད་པའི་བསམ་བློའི་འགོག་རགས་བསྐྲུན་ཏེ་སྤྱོད་གཙང་དང་ལས་ཀ་དྲང་པོ་དྲང་གཞག་སྒྲུབ་དགོས། ནང་མི་དང་བུ་ཕྲུག་དང་ཉེ་འགྲམ་གྱི་མི་སྣར་དོ་དམ་ཡག་པོ་བྱས་ཏེ་དབང་ཆ་སྤྱོད་པའི་རྣམ་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ཁྱིམ་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས། 
             ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། རང་རེའི་ཏང་ནི་སེམས་ཁྲལ་ཁྲོད་དུ་དར་བ་དང་། སེམས་ཁྲལ་ཁྲོད་དུ་འཚར་ལོངས་བྱུང་བ། སེམས་ཁྲལ་ཁྲོད་དུ་སྟོབས་ཆེར་སོང་བའི་སྲིད་ཏང་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་དང་མི་རབས་ཀྱིས་སེམས་ཁྲལ་དང་ཕྲག་ཐོག་ཏུ་འགན་འཁྲི་ལྕི་པོ་ཁུར་ཚེ་གཞི་ནས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་ཐུབ། རང་རྒྱལ་གྱི་དུས་བབ་སྤྱིར་ཡག་པོ་ཡོད་མོད། འོན་ཀྱང་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁའང་མི་ཉུང་བ་ཞིག་ཡོད། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ཁ་གཏད་གཅོག་པའི་འགལ་བ་དང་གནད་དོན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། འཕེལ་རྒྱས་ཀྱི་དུས་མཚམས་དང་འཕེལ་རྒྱས་ཀྱི་ལས་འགན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། ལས་ཀ་བྱ་ཡུལ་དང་ལས་ཀའི་ཆ་རྐྱེན་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ། རང་རེའི་ཏང་གི་དུས་ཡུན་རིང་པོའི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཀྱི་ཆུ་ཚད་ཐད་ཀྱི་རེ་བ་ལའང་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་དང་བདེ་སྡོད་ཉེན་བསམ་ཆེ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱས་ནས། ཉེན་ཤེས་བདེ་བསམ་དང་། ལས་འགན་གཙང་སྒྲུབ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཧུར་ཐག་སེལ་བ་དང་ཉེན་ཁ་སྣ་ཚོགས་དོགས་ཟོན་དང་སེལ་དགོས། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716