སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་གསུམ་པའི༼གངས་རྒྱན་མེ་ཏོག༽གི་རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ།
སྤེལ་དུས། 2012-12-26   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ནོར་བུས་བསྒྲིགས།

    

     རྒྱལ་ཡོངས་སྐབས་གསུམ་པའིགངས་རྒྱན་མེ་ཏོགརྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་བསྡུས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སའེ་ཆིན་ཧྥུའུ་སོགས་འབྲེལ་ཡོད་མགོ་ཁྲིད་དང་མཚོ་སྔོན་གྱི་དུས་དེབ་དང་ཚགས་པར་ཁང་གི་གཙོ་སྒྲིག་པ་དང་རྩོམ་པ་པོ་སོགས་མི་བརྒྱ་ལྷག་ཚོགས་འདུར་ཞུགས།
    ཚོགས་འདུར་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་གི་མགོ་གཙོ།༼གངས་རྒྱན་མེ་ཏོག༽རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་འཕགས་པ་ཐར་ལགས་ཀྱིས་མགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་ལགས་ཀྱིས་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་ལོ་འདི་འགའི་བྱ་བར་གདེང་འཇོག་གང་ལེགས་གནང་བར་མ་ཟད་ཐེངས་འདིའི་རྒྱལ་ཡོངས་སྐབས་གསུམ་པའི༼གངས་རྒྱན་མེ་ཏོག༽རྩོམ་རིག་བྱ་དགའ་བདེ་བླག་ངང་བསྡུས་པར་དགའ་བསུ་དང་ཐེངས་འདིར་བྱ་དགའ་ཐོབ་པའི་རྩོམ་པ་པོ་དག་ལ་རྟེན་འབྲེལ་ཞུས།
      རྒྱལ་ཡོངས་སྐབས་གསུམ་པའིགངས་རྒྱན་མེ་ཏོག༽རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་དང་བརྩམས་ཆོས་ནི༢༠༡༠ལོའི༼གངས་རྒྱན་མེ་ཏོག༽དེབ་གསུམ་པའི་སྟེང་བཀོད་པའི་ཉི་ཟླ་རི་བོའི་སྙན་ཚིག་གི་ཕྲན་དཔྱད་ཅེས་པའི་རྩོམ་པ་པོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་བདུད་ལྷ་རྒྱལ་དང་། ༢༠༡༡ལོའི༼གངས་རྒྱན་མེ་ཏོག༽དེབ་གཉིས་པའི་སྟེང་བཀོད་པའི་རུས་རྐང་གི་མཆོད་མེ་ཞེས་པའི་རྩོམ་པ་པོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དགེ་ཐོན་སློབ་གྲྭའི་བྱ་གཞུང་དབྱངས་བྷ། ༢༠༠༩ལོའི༼གངས་རྒྱན་མེ་ཏོག༽དེབ་བཞི་བའི་སྟེང་བཀོད་པའི་འབྲོག་ཁྱི་ཞེས་པའི་རྩོམ་པ་པོ་རྨ་ལྷོ་ཁུལ་རེབ་གོང་རྫོང་དབྱི་ཧྥུ་སློབ་འབྲིང་གི་འཆི་མེད། ༢༠༠༩ལོའི༼གངས་རྒྱན་མེ་ཏོག༽དེབ་བཞི་བའི་སྟེང་བཀོད་པའི་ད་ནངས། རྒྱུས་ཡོད་ཀྱི་བྱིའུ་སྐད་ཅིག་གིས་ང་གཉིད་ལས་བསླངས་བྱུང་གི་རྩོམ་པ་པོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་༼གངས་རྒྱན་ན་ཆུང་ཚགས་པར་༽རྩོམ་སྒྲིག་ཁང་གི་གེ་སར་ལགས། དེ་མིན༢༠༡༠ལོའི༼གངས་རྒྱན་མེ་ཏོག༽དེབ་བཞི་བའི་སྟེང་བཀོད་པའི་གུ་གེའི་གནའ་ཤུལ་གྱི་ངོས་གསུམ་ཞེས་པའི་རྩོམ་པ་པོ། ཡུན་ནན་ཞིང་ཆེན་བདེ་ཆེན་ནང་བསྟན་སློབ་གླིང་གི་རྩོམ་པ་པོ་སྤེན་པ་བཀྲ་ཤིས་ལགས་བཅས་ཡིན་པ་དང་། ཁོང་ཚོ་མི་རེར་བྱ་དགའི་རྟགས་མ་དང་དམངས་སྒོར་སྟོང་གསུམ་གྱི་བྱ་དགའ་གནང་།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060