|
བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གནས“མཐོ་རམས་པའི”གསོ་སྦྱོང་འཛིན་གྲྭ་བཙུགས་པ། |
སྤེལ་དུས། 2013-04-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། དཔལ་མགོན་སྐྱབས་ཀྱིས་བསྒྱུར། |
སྤྱི་ཟླ ༤ བའི་ཚེས༢༡ ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གནས་ཏེ“མཐོ་རམས་པའི”གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་ནས་སྤེལ་ལ། བོད་ལྗོངས་ལྷ་ས་དང་ཆབ་མདོ། ཉིང་ཁྲི། ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ་སོགས་ནས་ཕེབས་པའི“མཐོ་རམས་པའི”སློབ་གནས་ཐོབ་མཁན་མི ༡༩ ཐེངས་འདིའི་གསོ་སྦྱོང་བྱ་འགུལ་དུ་ཞུགས། “མཐོ་རམས་པ”ནི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གནས་ཤིག་ཡིན་ལ། “མཐོ་རིམ་རམས་འབྱམས་པའི”བསྡུས་མིང་ཡིན། “མཐོ་རིམ་པ”ནི་“རིམ་པ་མཐོན་པོའི”དོན་ཡིན་ལ། “རམས་འབྱམས་པ”ནི“མཁས་ཆེན་སྐྱེས་བུ་དམ་པའི”དོན་ཡིན། དེ་གཉིས་མཉམ་དུ་སྦྱར་ཚེ་མཁས་པ་ཆེན་མོའི་དོན་ཡིན་པ་གཏོགས་ལ། ཕལ་ཆེར་ནང་བསྟན་ཆོས་ལུགས་ཀྱི་འབུམ་རམས་པའི་སློབ་གནས་དང་གཅིག་མཚུངས་ཡིན། “མཐོ་རམས་པའི”མཐོ་རིམ་སློབ་གནས་ནི་སྤྱི་ལོ ༢༠༠༤ ལོ་ཐོག་མར་བཙུགས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་སྡེ་ཁག་གི་མི་སྣ་ཡིས་ཐོག་མར་བཏོན་པ་ཡིན། ལམ་ལུགས་དེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ཁག་སོ་སོར་ལག་བསྟར་བྱེད་བཞིན་ཡོད་ལ། ལམ་ལུགས་དེའི་ཁྲོད་དུ་དགོན་སྡེའི་ཆོས་གཞུང་རྒྱུགས་ལེན་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་་པ་མ་ཟད། དེང་རབས་ཀྱི་སློབ་གསོའི་ཐབས་ལམ་ཀྱང་མཉམ་འབྲེལ་བྱས་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་བོད་བརྒྱུད་ནང་བསྟན་སྡེ་ཁག་གི་མཐོ་རིམ་ཤེས་ཡོན་ཅན་གྱི་བཙུན་པ་གསོ་སྐྱོང་བྱེད་ཆེད་ཡིན། བོད་བརྒྱུད་ནང་བསྟན་གྱི་སློབ་གནས་ལམ་ལུགས་གསར་བ་ལག་བསྟར་བྱས་པ་ནས་བཟུང་། མིག་སྔར“མཐོ་རམས་པའི”སློབ་གནས་ཐོབ་པའི་མི་སྣ ༨༨ ཡོད། ཐེངས་འདིའི་གསོ་སྦྱོང་བྱ་འགུལ་དུ་ཞུགས་པའི་སློབ་མ་ཡིས་སྐབས་བདུན་པའི“མཐོ་རམས་པའི”སློབ་གནས་ཐོབ་མཁན་ཁེབས་ཡོད་ལ། ཁོ་ཚོ་ནི་བོད་ལྗོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་ཁག་གི་རྐང་འཛིན་ཡིན་པས། ནང་ཆོས་ཉམས་ལེན་དང་སྤྱི་ཆོགས་ཤུགས་རྐྱེན་ཆེན་པོ་ལྡན་པ་རེད། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ་མཆོག་གིས་ངོ་སྤྲོད་བྱ་རྒྱུར། བོད་བརྒྱུད་ནང་བསྟན་གྱི་སློབ་གནས་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་ལས་ཁུངས་ཡིན་པའི་ཆ་ནས། ད་ལོའི་སྟོན་དུས་སུ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གིས་སྐབས་དང་པོའི་འབྲིང་རིམ་སློབ་གནས་གནང་བའི་བྱ་འགུལ་དང་། སྐབས་གཉིས་པའི་ཆོས་ལུགས་དགེ་རྒན་འདེམས་གསེས། སྐབས་དགུ་བའི “མཐོ་རམས་པའི” མཐོ་རིམ་སློབ་གནས་གནང་བའི་བྱ་འགུལ་སོགས་སྤེལ་རྩིས་ཡོད་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་ཆེད་དོན་སློབ་ཁྲིད་དང་བཞུགས་མོལ་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱེད་པ་མ་ཟད། ད་དུང་ཆེད་དུ་སློབ་མ་རྩ་འཛུགས་བྱས་ཏེ་ནང་ལོག་ཞིང་ཆེན་ཁག་ཏུ་ལྟ་སྐོར་ལ་ཁྲིད་རྩིས་ཡོད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཛུགས་པའི་དུས་ནི་དག་དག་སི་ཁྲོན་གཡག་རྔར་ས་འགུལ་བྱུང་བའི་དུས་དང་ཁེལ་བས། གསོ་སྦྱོང་འཛིན་གྲྭར་ཞུགས་པའི“མཐོ་རམས་པའི”སློབ་གནས་ཐོབ་མཁན་ཚོས་གནོད་འཚེ་ཐེབས་པའི་མི་དག་ལ་མྱ་ངན་ཞུས་པ་དང་། རང་ཉིད་སོ་སོའི་ཐབས་ལ་བརྟེན་ནས་ས་འགུལ་གནོད་སེལ་ལས་དོན་ཐད་རོགས་སྐྱོར་བྱས་ཏེ་ཚེ་སྲོག་སྔར་ལས་མང་བ་སྐྱོབ་ཐུབ་པ་བྱེད་ཅེས་བསྟན། |
|
|||||||||||
| |||||||||||