སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་རིགས་གྲངས་ཉུང་གི་རྩོམ་རིག་འཕེལ་རྒྱས་ལས་གཞི་སྐོར་དང་པོའི་གྲུབ་འབྲས་ཕྱིར་བསྒྲགས།
སྤེལ་དུས། 2014-04-22   ཡོང་ཁུངས། མི་དམངས་དྲ་བ།    རྩོམ་སྒྲིག་པ།  ཁོན་ཐར་འཚོ།

          ཉེ་ལམ་པེ་ཅིང་དུ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གསར་རྩོམ་འབྲེལ་བ་པུའུ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཀྲུང་གོའི་མི་རིགས་གྲངས་ཉུང་གི་རྩོམ་རིག་གོང་སྤེལ་ལས་གཞི་སྐོར་དང་པོའི་གྲུབ་འབྲས་ཕྱིར་བསྒྲགས་ཤིང་། དེའི་ནང་དུ་༼དུས་རབས་གསར་བའི་ཀྲུང་གོའི་མི་རིགས་གྲངས་ཉུང་གི་རྩོམ་རིག་བདམས་བཀོད༽དང་༼ཀྲུང་གོའི་དེང་རབས་གྲངས་ཉུང་མི་རིགས་རྩོམ་རིག་གི་འགྱུར་རྩོམ་གཅེས་བསྡུས་༽སོགས་ཚུད་པའི་དེབ་༥༥ཕྱིན་བཏོན་པ་དང་། དཔེ་སྐྲུན་དང་ཡིག་བསྒྱུར། གཞུང་ལུགས་འགག་སྒྲུབ་ཀྱི་རོགས་སྐྱོར་སོགས་ཆེད་དོན་གྲུབ་འབྲས་༣ཐུན་མོང་ཐོག་ཁྱབ་བསྒྲགས་གནང་།

  ཀྲུང་གོའི་མི་རིགས་གྲངས་ཉུང་གི་རྩོམ་རིག་གོང་སྤེལ་ལས་གཞི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རང་རྒྱལ་གྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་བྱ་གཞག་ཡར་ངོས་ཟླ་བཞིན་འཕེལ་ཕྱིར། ཀྲུང་གོའི་དྲིལ་སྒྲོག་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་རྒྱབ་སྐྱོར་འོག ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་༢༠༡༣ལོ་ནས་བཟུང་རྩོམ་རིག་གོང་སྤེལ་གྱི་རྣམ་གྲངས་ལག་བསྟར་བྱེད་འགོ་བརྩམས་པ་རེད། རྣམ་གྲངས་དེ་ལོ་ལྔ་རིང་ལ་སྤེལ་རྒྱུ་ཡིན་ཞིང་། གཙོ་བོ་མི་རིགས་གྲངས་ཉུང་གི་རྩོམ་རིག་འཇོན་ཐང་ཅན་སྐྱེད་སྲིང་དང་། བརྩམས་ཆོས་གལ་ཆེན་གསར་རྩོམ་བྱེད་པར་རམ་འདེགས། ཕ་སྐད་ཀྱི་རྩོམ་རིག་བརྩམས་ཆོས་ཕུལ་བྱུང་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཐད་ལ་སྲིད་ཇུས་ཀྱིས་རོགས་རམ་དང་གྲོན་དངུལ་གྱིས་རོགས་སྐྱོར་གནང་རྒྱུ་རེད། 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060