སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་ལྗོངས་ཀྱི་ཐང་ག་བརྒྱའི་ལས་གཞིའི་རྣམ་གྲངས་དང་པོ་གསར་རྩོམ་ལེགས་སྒྲུབ་ཟིན་པ།
སྤེལ་དུས། 2014-05-01   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།

           སྤྱི་ཟླ ༤ པའི་ཚེས ༢༩ ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  རང་ལྗོངས་ཀྱི་ཐང་ག་བརྒྱའི་ལས་གཞིའི་རྣམ་གྲངས་དང་པོ་བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ ༦༠ འཁོར་བའི་ཐང་གའི་བརྩམས་བྱ་བརྒྱ་ཉེ་དུས་ཚང་མ་གསར་རྩོམ་ལེགས་སྒྲུབ་ཟིན་པ་མ་ཟད་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
       ཐེངས་དང་པོའི་ཐང་གའི་བརྩམས་བྱ་གསར་པ་བརྒྱའི་ནང་གནའ་བོའི་ཐང་ཁའི་སྒྱུ་རྩལ་གྱི་ནང་དོན་གཙོ་བོ་དེ་དུས་རབས་ཀྱི་ཁྱད་ཆོས་མངོན་པའི་གསར་བརྗེའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་དམ་ཚགས་བྱས་ནས།  མི་ཚོར་མཐོང་ཐོས་གསར་པ་ཡོང་བ་བྱས་པ་རེད།  གསར་རྩོམ་ནང་ཞུགས་མཁན་རི་མོ་བའི་ནང་རང་ལྗོངས་ཀྱི་ཐང་གའི་ལུགས་བཞིའི་རྒན་དར་གཞོན་བཅས་མི་རབས་གསུམ་གྱི་ཐང་གའི་སྒྱུ་རྩལ་པ་དང་ཐང་གའི་རྒྱུན་འཛིན་པ་ཚུད་ཡོད་པ་རེད།  པེ་ཅིང་དང་མཚོ་སྔོན་སོགས་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་བའི་སྒྱུ་རྩལ་པ ༡༩ ཡང་དེའི་ནང་ཞུགས་ཏེ་ནང་དོན ༢༡ གསར་རྩོམ་གྱི་འགན་འཁུར་བ་རེད།
        ཐང་ག་བརྒྱའི་ལས་གཞི་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲོལ་རྒྱུན་རྒྱུད་འཛིན་དང་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་གཞིར་བཟུང་།  སྒོ་ཀུན་ནས་རིག་གནས་ཀྱིས་བོད་དར་སྤེལ་དང་བོད་སྟོབས་ཆེར་གཏོང་རྒྱུ་ལག་བསྟར་བྱེད་པའི་གལ་ཆེའི་ཐབས་ཇུས་ཤིག་ཡིན་པ་དང་།  ལས་གཞི་དེས་ལོ་གསུམ་ནས་ལྔའི་བར་གྱི་དུས་ཚོད་ནང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ ༦༠ འཁོར་བ་དང་།  མཛེས་སྡུག་ལྡན་པའི་བོད་ལྗོངས།  བོད་ཀྱི་ཤེས་དཔལ་དང་གོང་འཕེལ་གྱི་ལོ་རྒྱུས་བཅས་རིགས་གསུམ་གྱི་ཐང་གའི་བརྩམས་བྱ་ཁག་བརྒྱ་རེ་ལེགས་སྒྲུབ་བྱེད་རྩིས་ཡོད་པ་རེད།
     ཐང་ག་བརྒྱའི་ལས་གཞིའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་།  གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ ༦༠ འཁོར་བའི་བརྙན་དེབ་དང་ཆེད་རྩོམ་ཕྱོགས་བསྡུས་དང་།  དེ་བཞིན་འབྲེལ་ཡོད་ཀྱི་རིག་རྩལ་དཔྱད་གཏམ་རྩོམ་སྒྲིག་དཔེ་སྐྲུན་བྱེད་རྒྱུ་དང་ཆབས་ཅིག  ཐང་ག་བརྒྱའི་ལས་གཞི་གཉིས་པའི་མཛེས་པའི་བོད་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་ནང་དོན་གྱི་འབྲེལ་ཡོད་དུས་མཚམས་གོང་མའི་ལས་དོན་སྤེལ་རྒྱུ་དང་།  ཐེངས་དང་པོར་ལེགས་སྒྲུབ་བྱུང་བའི་བརྩམས་བྱ་བརྒྱ་ཡང་དུས་བསྟུན་ངང་ལྷ་ས་དང་པེ་ཅིང་།  ཧྲང་ཧེ་སོགས་གྲོང་ཁྱེར་དང་ཕྱི་རྒྱལ་གྱི་གྲོང་ཁྱེར་ཁག་ཅིག་ཏུ་གཅིག་མཇུག་གཉིས་མཐུད་ངང་འགྲེམས་སྟོན་བྱ་རྒྱུ་རེད།།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060