སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་ནང་པའི་ཆོས་སྒར་ཆེན་མོའི་དགེ་འདུན་སྨན་པས་སྨན་བཅོས་ཀྱི་འགྲོ་དོན་མཛད་པ།
སྤེལ་དུས། 2014-05-01   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

འདི་གའི་སྐུ་ཞབས་ལགས་ནི་བྱམས་བརྩེའི་ངང་རྒྱུད་བཟང་ལ།  ལས་དོན་ལ་སེམས་རྣལ་དུ་ཕབ་མཁན་ཞིག་ཡིན་པ་མ་ཟད།  སྨན་ཡོན་ཡང་ཉུང་ཙམ་ལེན་པ་རེད།      ཟླ༤པའི་གཟའ་མཇུག་གི་ཉིན་ཞིག་ལ།  བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་ཞིང་པ་མིག་དམར་ཕུར་ཁྲིས་ལག་ཏུ་ས་གནས་དམངས་སྲིད་པུའུ་ཡི་ཕན་བདེ་གླིང་གི་བཏོན་པའི་ནད་བཅོས་དཔང་ཡིག་ཅིག་བཟུང་ཏེ་བཀྲ་ཤིས་ལྷུན་དགོན་གྱི་དགོན་པའི་སྨན་ཁང་གི་ཐོག་བརྩེགས་གཉིས་པའི་གྲུ་ཁ་ཞིག་ཏུ་སྨན་བཅོས་བྱེད་པར་སྒུག་ནས་བསྡད་ཡོད།

             བཀྲ་ཤིས་ལྷུན་དགོན་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་སྒར་རེད།  ཞོགས་པའི་ཉི་ཟེར་གྱི་ངོགས་སུ་བཀྲ་ཤིས་ལྷུན་དགོན་གྱི་བྱམས་ཁང་དང་ཚོགས་ཆེན་འདུ་ཁང་ནི་རི་འདབས་སུ་གོ་རིམ་ལྡན་པའི་ངང་ཕྲེང་མར་བསྟར་ནས་ཡོད།  དགོན་པའི་སྨན་ཁང་ནི་སྒོ་ཆེན་གཡས་ཕྱོགས་སུ་ཁང་བརྩེགས་གཉིས་ཅན་གྱིས་བསྐོར་པའི་བོད་ལུགས་ཐོག་ཁང་ཞིག་ཏུ་ཡོད་ལ།  ཁང་བརྩེགས་ཀྱི་སྔ་གཞུག་གི་ར་སྐོར་དུ་ནེམ་ཤ་ལྡན་པའི་རྩྭ་ལྗང་གིས་ཡོངས་སུ་བརྒྱན་པས་ཀུན་ལ་ཁུ་སིམ་སྤྲོ་སྐྱིད་ཀྱི་སྣང་བ་སྟེར།

སྨན་ཁང་གི་མིག་ལ་འཚེར་རྒྱུ་མེད་པའི་སྒོ་ཆུང་དེའི་ཕྱོགས་སུ་སྨན་གྱི་དྲི་མ་གང་སར་ཁྱབ་ཡོ་པ་དང་།  བོད་སྨན་རིལ་བུ་བཟོ་བྱེད་ཀྱི་འཕྲུལ་འཁོར་ཡང་བར་མེད་དུ་འཁོར་བཞིན་འདུག  ར་སྐོར་ནང་གི་སྒྲོམ་སྟེགས་སྟེང་དུ་ཁབ་བཙའ་དང་ཁྲག་བསྟར་སོགས་བོད་ལུགས་གསོ་རིག་གི་ཐུན་མིན་སྨན་བཅོས་ཡོ་བྱད་བཤམས་འདུག་ལ།     པར་དང་ཡི་གེ་ཟུང་འབྲེལ་སྒོས་བོད་ལུགས་གསོ་རིག་གི་ཁྱད་མཚར་པའི་གསང་པ་ཕྱི་རུ་བརྟོལ་ཡོད་པ་རེད།

སྨན་ཁང་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཐུགས་བཀོད་འོག་༡༩༥༤ལོར་གསར་དུ་བཙུགས་ཤིང་སྐབས་དེར་གཙོ་བོ་དགོན་པའི་གྲྭ་བར་ཞབས་འདེགས་ཞུ་བཞིན་ཡོད།  ཧྲང་ཧེའི་སྐོར་ཁག་གཉིས་པའི་བོད་སྐྱོར་གྱིས་མ་དངུལ་སྐོར་ཁྲི༧༠ལྷག་བཏང་ནས་སྨན་ཁང་རྒྱ་བསྐྱེད་གནང་པ་མ་ཟད་༢༠༠༣ལོའི་ཟླ༡༠པར་དངོས་སུ་བཀོལ་སྤྱོད་མཁོ་འདོན་གནང་པ་རེད།  དེང་སྐབས།  སྨན་ཁང་དུ་དགེ་འདུན་སྨན་པ༡༨ཡོད་ལཁོང་ཚོས་ཉིན་རེར་སྟོན་པའི་ན་བཟའི་སྟེང་དུ་སྨན་ལྭ་དཀར་པོ་གྱོན་ནས་འགྲོ་དོན་སྨིན་པར་མཛད་པ་དེས་དགོན་པ་ཡོངས་ཀྱི་དགེ་འདུན༨༠༠ལྷག་ཕྱི་རུ་གཏོང་མི་དགོས་པར་དགོན་པ་ནས་སྨན་བཅོས་བྱེད་ཐུབ་པ་བྱུང་པ་རེད།

  སྨན་ཁང་འདིསབོད་ལུགས་ཀྱི་གསོ་རིག་གི་ཁྱད་ཆོས་གཙོ་བོ་དང་བོད་ལུགས་དང་ནུབ་ལུགས་ཟུང་འབྲེལ་གྱི་སྨན་བཅོས་བྱེད་ཐབས་སྤྱད་ནས་ཉིན་རེར་ཆ་སྙོམས་ནད་པ༡༨༠ལྷག་ལ་སྨན་བཅོས་བྱེད་པ་དང་ལོ་རེར་སྨན་བཅོས་བྱེད་ཚད་ཀྱི་ཞིང་འབྲོག་ནད་པའི་མི་གྲངས་ཁྲི༦ལྷག་ལ་སླེབས་ཡོད་ཅིང་།  དགོན་པའི་ནང་གི་གྲྭ་བ་སྨན་བཅོས་བྱེད་མཁན་ནི་དེ་ལས་ཀྱང་བགྲང་གིས་མི་ལངསཔ་རེད།  དེ་འདྲའི་ཁོད་ཡངས་རྒྱ་ཆེར་མི་སྣང་པའི་ར་སྐོར་འདིའི་ནང་དུ་ཁ་ནད་ཚན་ཁག་དང་རྫས་འགྱུར་བརྟག་ཞིབ།  འཕྲོ་ནད་ཚན་ཁག  B ཁྲའོ་སོགས་ཅི་རིགས་ཆ་ཚང་ཡོད་པ་རེད།  

ཡོན་ཀྲང་བཀྲ་ཤིས་བསམ་འགྲུབ་ཀྱིས་གསར་འགོད་པར་ཁོ་ཚོའི་ཉིན་རེའི་སྔ་དྲོར་ནད་པར་སྨན་བཅོས་བྱེད་པ་དང་ཕྱི་དྲོར་བོད་སྨན་ཐོན་སྐྱེད་བྱས་པ་ཡིན་ལ།  མིག་སྔར་བོད་ལུགས་སྲོལ་རྒྱུན་བོད་སྨན་བཟོ་ཐབས་ལྟར་སྨན་སྣ་༡༡༢ལྷག་ཐོན་སྐྱེད་བྱེད་བཞིན་ཡོད་ཟེར།  གསར་འགོད་པས་འདི་གར་གྲྭ་བ་མ་གཏོགས་སྨན་བཅོས་བྱེད་མཁན་གྱི་ནད་པ་མང་ཤོས་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཡིན་ཏེ།  སྨན་ཁང་གི་ཚན་ཁག་སོ་སོར་སྨན་བཅོས་བྱེད་མཁན་གྱི་ནད་པ་རྒྱུན་མི་ཆད་པ་མཐོང་།

ད་ནི་ཅུང་བདེ་རུ་ཕྱིན་ཡོད་དམ།  མགོ་བོ་ན་བ་ཅུང་བདེ་བར་ཆགས་ཡོད་དམ། མིག་དམར་ཕུར་ཁྲིས་སྔར་བཞིན་ལག་ཏུ་དཔང་ཡག་དེ་བཟུང་ནས་བསྡད་འདུག་མོད།  སྨན་པས་ཁོ་རང་དེ་གར་བསྡད་པ་ཡོད་པ་མཐོང་ནས་ནད་གཞི་འདྲི་བ་དང་ངོ་མདངས་ལ་ཞིབ་ལྟ་གནང་པ།  ཐོད་པར་ལག་པས་མྱངས་པ་བཅས་ཀྱིས་ནད་ལ་བརྟག་བཞིན་འདུག    སྨན་པ་དང་ནད་པས་རྒྱབ་ཀྱི་གྱང་ལྡེབས་སུ་བོད་ལུགས་གསོ་རིག་གི་རྒྱུད་བཞིལས་གསོ་རིག་སྡོང་འགྲེམས་ཀྱི་ཐང་ཀ་ཞིག་བཀལ་འདུག

བོད་བརྒྱུད་ནང་བསྟན་གྱི་ཐང་ཀའི་ཁྲོད་དུ་སྡོང་བོ་གཉིས་ཞིབ་འབྲི་བྱས་ཡོད་ཅིང་།  སྡོང་བོ་དེའི་སྟེང་དུ་ཡལ་ཀ་མང་པོ་སྐྱེས་པ་དང་།  ཡལ་གའི་སྟེང་དུ་ལོ་མའི་ཚོམས་མང་པོ་ཡོད་པའི་ལོ་མའི་མདོག་ལ་སྔོན་པོ་དང་།  སེར་པོ།  ལྗང་ཁུ་ཡོད་ཅིང་དེ་དག་གིས་ནད་གཞིའི་མདོག་མི་འདྲ་བ་མཚོན་ཡོད།  བོད་ལུགས་གསོ་རིག་ལྟར་ན། ཁ་དོག་གསུམ་གྱིསདབུགས།  མཁྲིས་པ།  བད་ཀནབཅས་པ་མཚོན་པ་ཡིན་ཏེ།  རྒྱུ་ཆ་འདི་གསུམ་གྱིས་མིའི་ལུས་ཕུང་གྲུབ་པ་མ་ཟད་ཚེ་སྲོག་འགུལ་སྐྱོད་ཀྱི་དངོས་པོ་དང་ནུས་པའི་རྨང་གཞི་གྱུར་ཡོད་ཅིང་།  དེ་དང་མཉམ་དུ་རིམས་ནད་འབྱུང་པའི་རྩ་བའི་རྒྱུ་རྐྱེན་དུའང་གྱུར་ཡོད་པ་རེད།

             བོད་ལུགས་གསོ་རིག་རྒྱུད་འཛིན་གྱི་གོ་རིམ་ཁྲོད།   བོད་རིགས་ཀྱིས་ཐུན་མིན་གྱིསརྒྱུ་གསུམ་སྨྲ་བའདིར་བརྟེན་ནས་གསོན་ཉམས་ལྡན་པའི་དཔེ་བཀོད་ནས།  མི་རྣམས་ལ་གསོ་རིག་འདིའི་ནང་དོན་ངོམས་པ་དང་།  གསོ་རིག་སྡོང་འགྲེམསའདི་ཡང་བོད་ལུགས་གསོ་རིག་གི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ནས་འཛམ་གླིང་གསོ་རིག་གི་ལོ་རྒྱུས་སྟེང་སྔ་ན་མེད་པ་ཞིག་ཡིན་ལ།  བཀྲ་ཤིས་ལྷུན་དགོན་གྱི་སྨན་པ་དག་གིས་ནན་ཏན་གྱིས་གཟིགས་པ་དང་།  མྱངས་པ། འདྲི་བའི་སྨན་བཅོས་བྱེད་ཐབས་གཙོ་བོར་བཟུང་ནས་ནད་པར་སྨན་བཅོས་དང་ན་བའི་སྡུག་བསྔལ་སེལ་བར་བྱས་པ་རེད།

བཀྲ་ཤིས་བསམ་འགྲུབ་ཀྱིས་སྦ་གསང་མེད་པར་འདི་གའི་སྨན་པ་དག་གིས་བོད་ལུགས་གསོ་རིག་གི་ཉིང་བཅུད་རྒྱུད་འཛིན་དང་།  པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་སློབ་སྟོན་བརྩི་སྲུང་ནན་མོ་བྱེད་པ་དང་།   བྱམས་སྙིང་རྗེའི་སེམས་་བསྐྱེད་ནས་མར་གྱུར་སེམས་ཅན་ལ་ཕན་པ་སྒྲུབ་རྒྱུ་དང་ནད་པ་རྣམས་ཀྱི་སྡུག་བསྔལ་སེལ་ཅི་ཐུབ་བྱེད་པ་ཡིན་ལ  རྒན་གསོ་ཁང་དང་། དྭ་ཕྲུག་གླིང་།  དབུལ་ཕོངས་ཁྱིམ་ཚང་གི་ནད་པར་སྨན་ཡོན་མི་ལེན་པར་སྨན་བཅོས་བྱེད་བཞིན་ཡོད།  ང་ཚོས་དཔལ་འབྱོར་གྱི་ཁེ་ཕན་དང་རང་གི་ཁེ་ཕན་ཙམ་འཚོལ་སྙེགས་བྱེད་ཀྱི་མེད་དེ།  སྔོན་ཆད་འདི་ལྟར་བྱས་པ་ཡིན་ལ་ད་ལྟའང་སྔར་བཞིན་འགྱུར་བ་བྱུང་མེདཟེར།

གཞན་ད་དུང་བོད་ལྗོངས་ཀྱི་ས་ཁུལ་གཞན་དག་ནས་ཕེབས་པའི་ནད་པ་ཡོད་པ་མ་ཟད། ཐ་ན་ལྗོངས་ནང་ཁུལ་དང་ལྗོངས་ཕྱི་ནས་ཕེབས་པའི་ཡུལ་སྐོར་པས་ཀྱང་སྨན་བཅོས་བྱེད་པའམ་སྨན་ལེན་པ་དང་།  སྨན་པ་རྣམས་ཀྱི་སྨན་བཅོས་ལག་རྩལ་དང་བློ་ཞིབ་མོས་ཞབས་ཞུའི་རྣམ་འགྱུར་ལའང་བསྟོད་བསྔགས་བྱེད་བཞིན་ཡོདཅེས་བཀྲ་ཤིས་བསམ་འགྲུབ་ཀྱི་དེ་སྐད་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060