སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཐང་ཀ་གསར་བ་གསར་གཏོད་བྱས་ནས“རིག་གནས་མིང་བྱང” བསྐྲུན་པར་ནུས་ཤུགས་འདོན་པ།
སྤེལ་དུས། 2014-05-04   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

   བོད་ལྗོངས་རི་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་ཡིས་གསར་འགོད་པརཐང་ཀ་གསར་པ་གསར་གཏོད་ནི་བོད་ཀྱི་སྲོལ་རྒྱུན་ཐང་ཀ་སྒྱུ་རྩལ་གྱི་གསར་སྤེལ་ཆེན་པོ་ཞིག་ཡིན་ལ།   དེས་བོད་ཀྱི་ཐང་ཀའི་ས་ཞིང་གཤིན་པོ་སྔར་ལས་ལྷག་པའི་སྲུང་སྐྱོབ་བྱས་ཏེ།  བོད་ལྗོངས་ཀྱིས་འཛམ་གླིང་ཐང་ཀ་སྒྱུ་རྩལ་ལྟེ་གནས་བསྐྲུན་པའི་ཕུགས་འདུན་མངོན་འགྱུར་བྱེད་པར་རམ་འདེགས་ཐུབ་ཡོདཅེས་ཟེར།

    ཟླ༤པའི་ཚེས༣༠ཉིན།   སྐོར་ཁག་དང་པོས་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ༦༠འཁོར་ཚུན་གྱི་འགྱུར་ལྡོག་ཆེན་པོ་བརྗོད་གཞི་བྱས་པའི་བོད་ལྗོངས་ཀྱི་ཐང་ཀ་གསར་པའི་བརྩམས་ཆོས་བརྒྱ་ལྷག་དུས་ཡུན་ལོ་ངོ་གཉིས་རིང་ལེགས་འགྲུབ་བྱུང་བ་མ་ཟད། ཆེད་མཁས་ཚོགས་པས་ཞིབ་བཤེར་རྩིས་ལེན་ཡང་བྱས  སྐོར་ཁག་གཉིས་པ་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་བཀོད་པ།  ས་མཐོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐང་ཀ་གསར་པ་གསར་རྩོམ་དེ་ཡང་མི་འགྱངས་པར་འགོ་རྩོམ་རྒྱུ་རེད།

  ཐང་ཀ་ནི་འཁལ་འཐག་ཐོན་རྫས་སྟེང་བྲིས་པའི་ཚོན་རིས་ཤིག་སྟེ་ད་བར་དུ་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན།  སྲོལ་རྒྱུན་ཐང་ཀའི་རི་མོའི་བརྗོད་དོན་གཙོ་བོ་ནི་ཆོས་ལུགས་རེད།  ༢༠༡༢ལོར་བོད་ལྗོངས་ཀྱིས་ཐང་ཀ་གསར་པ་བརྒྱའི་གསར་རྩོམ་ལས་གཞི་འགོ་བརྩམས་པ་དང་།  བོད་ལྗོངས་ཀྱི་རྒན་དར་གཞོན་གསུམ་གྱི་སྒྱུ་རྩལ་པས་སྲོལ་རྒྱུན་དང་དེང་རབས་ཀྱི་འབྲི་ཐབས་ཟུང་འབྲེལ་བྱས་ནསའོ་ཞོའི་དྲི་ཞིམ་འཐུལ་བའི་ཞོ་སྟོན་དུས་ཆེན》《སྤྲོ་སྐྱིད་ལྡན་པའི་ཇ་ཁངསོགས་སྤུས་ལེགས་ཐང་ཀ་གསར་པ་སྐོར་ཞིག་གསར་རྩོམ་གནང་།

ཐང་ཀ་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས།  ངས་ནི་ཐང་ཀ་གསར་པ་གསར་གཏོད་བྱས་པ་དེས་བོད་ཀྱི་སྲོལ་རྒྱུན་ཐང་ཀར་གསོན་ཤུགས་གསར་པ་བསྩལ་ཡོད་པ་མཐོང་ཞེས་བོད་ལྗོངས་སློབ་ཆེན་གྱི་ཐང་ཀ་ཞིབ་འཇུག་མཁས་པ་ངག་དབང་འཇིགས་མེད་ཀྱིས་སྒྱུ་རྩལ་ལ་མེ་ཏོག་མཉམ་བཞད་ཡོང་དགོས་པ་མ་ཟད།  དེ་ལས་ཀྱང་དུས་བསྟུན་མདུན་སྐྱོད་ཡོང་དགོས་པས་ཐང་ཀའང་དེ་ལས་མ་འདས་སོ་ཟེར།

     དོན་དངོས་སུ་བོད་ཀྱི་ཐང་ཀ་སྒྱུ་རྩལ་གསར་གཏོད་ནི་གནའ་ནས་ཡོད་པ་ཞིག་ཡིན་ཏེ།  དཔེར་ན།  སྤྱི་ལོ་དུས་རབས༡༦པའི་སྐབས་སུ་གསར་གཏོད་མཛད་པའི་ཀརྨ་བཀའ་ཁྲིའི་ལུགས་ཀྱི་ཐང་ཀར་ནང་སའི་རྒྱ་རིགས་ཁོངས་ཀྱི་རི་མོ་དང་རི་ཆུའི་འབྲི་ཐབས་ཁྱད་མཚར་པའི་ཆ་དེ་བསྡུ་ལེན་བྱས་པ་དེས་ནང་སའི་ལྟད་མོ་བའི་སྔར་ལས་བློ་ཉེ་བར་བྱས་ཡོདཅེས་བོད་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སའོ་ཡི་སའོ་ཀྲང་གཞོན་པ་ཨོ་ཁྲའོ་ཡིས་དེ་སྐད་ཟེར།

       ཧན་ཧྲུའུ་ལི་ཡིས་ ཐང་ཀའི་སྒྱུ་རྩལ་དེ་མི་དམངས་ཀྱི་འཚོ་བ་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་གཤིན་སར་རྐང་ཚུགས་པར་བྱས་ན། ནང་ས་དང་ཐ་ན་རྒྱལ་སྤྱིའི་ཚོང་རའི་མཛེས་དཔྱོད་བར་སྦྲེལ་མཐུད་ཐུབ་པརཕན་ཆེ  ཟེར།  སྐོར་ཁག་གཉིས་པའི་ཐང་ཀ་གསར་པ་གསར་རྩོམ་གྱིས་བོད་ཀྱི་མཛེས་ལྗོངས་གཙོ་བོ་དམིགས་སུ་བཟུང་ནས་བཀོད་ཡོད་ཅིང་།   ནང་དོན་རི་ཆུ་ནགས་གསུམ་དང་བྱ་བྱེའུ་མེ་ཏོག་གཙོ་བྱས་ཡོད་པས།  བོད་ཕྱིའི་ཉར་ཚགས་མཁན་གྱིས་རི་མོའི་སྐད་ཆའི་མཚོན་ལུགས་ཀྱི་ཁྱབ་ཁུངས་ནས་ཐུན་མོང་ཁས་ལེན་བྱེད་བདེ་བར་བྱས་ཡོད། ཐང་ཀ་གསར་པའི་འབྲི་ལུགས་ཀྱིས་སྲོལ་རྒྱུན་ཐང་ཀའི་བརྗོད་དོན་ལ་ཐོལ་བརྒལ་བྱུང་ནས་དངོས་ཡོད་འཚོ་བར་ཁ་ཕྱོགས་པ་ནི་སྲོལ་རྒྱུན་དོར་བ་མིན་ཏེ།  ཐང་ཀ་གསར་པ་ནི་བློ་བཀོད་ནས་གསར་རྩོམ་བར་དུ།   ཐང་ཀ་བཞེངས་པ་དང་།  གསར་པ་འབྲི་བ།   མཛེས་སྡུག་མཚོན་པ’‘བཅས་རིག་གནས་ཀྱི་ཚད་ཐིགབརྩི་སྲུང་ནན་མོ་བྱས་ནས།  རི་མོ་འབྲི་བའི་ནུས་རྩལ་དང་ཁ་དོག་བདམས་གསེས་བཅས་ཕྱོགས་གང་ཅིའི་ཐད་སྲོལ་རྒྱུན་ལྟར་མཚོན་པར་བྱས་ཡོདཅེས་ཧན་ཧྲུའུ་ལི་ཡིས་དེ་སྐད་ཟེར།

   བརྗོད་དོན་བདམས་རྒྱུ་ལས་གཞན་འཇོན་མིའི་དཔུང་སྡེ་འཛུགས་བསྐྲུན་ཀྱང་བོད་ལྗོངས་ཀྱིས་འཛམ་གླིང་ཐང་ཀ་སྒྱུ་རྩལ་ལྟེ་གནས་འཛུགས་པའི་གནད་གཙོ་བོ་ཞིག་རེད།  རྒྱུས་ལོན་པ་ལྟར་ན།  མིག་སྔར།  བོད་ལྗོངས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་༡༨༩ཡི་ཁྲོད་དུ་དམངས་ཁྲོད་ཐང་ཀ་སྒྱུ་རྩལ་པ༣་མ་གཏོགས་མེད་པས་ཐང་ཀའི་འཇོན་མི་ཧ་ཅང་དཀོན་པར་གྱུར་ཡོད།

     བོད་ལྗོངས་ཀྱི་མིང་དུ་གྲགས་པའི་རི་མོ་བ་ཡུ་ཡུའུ་ཤིན་གྱིས་ཐང་ཀ་གསར་པ་གསར་གཏོད་ལས་གཞི་ནིསློབ་ཆེན་ཞིག་ཡིན།   དེས་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགསའདོན་ཐུབ་པ་མ་ཟད། ད་དུང་ཆུ་ཚད་མཐོ་ཤོས་ཀྱི་དམངས་ཁྲོད་ལྷ་རིས་པ་སྐོར་རྙེད།  དེ་དག་ལས་དེང་རབས་རི་མོ་་འཇོན་ཐང་ཅན་གྱི་དཔུང་སྡེ་སྐྱེད་བསྲིངས་བྱེད་ཐུབ་པས། ཐང་ཀའི་སྒྱུ་རྩལ་གྱི་རྒྱུད་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་དགེ་མཚན་ཆེན་པོ་ལྡན་ཟེར།

   ཆེད་མཁས་ཁ་ཤས་ཀྱིས་བོད་ལྗོངས་ཀྱི་ཐང་ཀའི་ལས་རིགས་ལ་མཐུན་ཚོགས་གྱི་རྩ་འཛུགས་གཅིག་གྱུར་དང་ས་གནས་ཀྱི་ཚད་གཞི་གཅིག་གྱུར་བཅས་སྟོང་བས་ཐོན་ལས་ཅན་གྱི་ཚད་གཞི་ཅུང་དམའ་བ་དང་།  ཐང་ཀའི་སྒྱུ་རྩལ་རིན་ཐང་དང་ཉར་ཚགས་རིན་ཐང་ཟུང་འབྲེལ་ལེགས་པོ་བྱེད་ཐུབ་མེད་ས།  ཕྱི་ཕྱོགས་དྲིལ་སྒྲོག་གི་ཤུགས་ཚད་ཇེ་མཐོར་གཏོང་དགོས་པར་འདོད།

   གོང་གི་གནད་དོན་དེ་དག་ཐག་གཅོད་བྱ་ཆེད། བོད་ལྗོངས་གཞུང་ཕྱོགས་ཀྱིས་འཆར་འགོད་འཐུས་ཚང་ཞིག་བཟོས་པ་ནི།  ཀྲུང་གོའི་ཐང་ཀ་སྒྱུ་རྩལ་པའི་མཐུན་ཚོགས་བཙུགས་ནས་རྒྱལ་ཡོངས་ཀྱི་ཆེས་ཕུལ་དུ་བྱུང་པའི་ཐང་ཀ་གསར་རྩོམ་གྱི་འཇོན་མིའི་སྟོབས་ཤུགས་ཕྱོགས་བསྡུས་བྱེད་པ  རྒྱལ་ཡོངས་རང་བཞིན་གྱི་ཐང་ཀའི་སྒྱུ་རྩལ་དཔྱད་ཞིབ་གསལ་འབྱེད་དང་ལྷ་རིས་པའི་རིམ་པ་བདམས་པའི་ཚད་གཞི་འཐུས་ཚང་བཙུགས་ནས་ཐང་ཀའི་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་ཕྱོགས་ཀྱི་སྣེ་ཁྲིད་དབང་ཆ་དང་སྨྲ་བརྗོད་དབང་ཆ་དམ་པོར་འཛིན་པ།  ཀྲུང་གོའི་ཐང་ཀའི་སྒྱུ་རྩལ་རྟེན་མཛོད་ཁང་བཙུགས་ནས་ཐང་ཀ་བརྗེ་ཚོང་ཚོང་རའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་བཅས་སོ། །

    མིག་སྔར།  གོང་ག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་བཞིན་ཡོད།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཁོངས་གཏོགས་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་བོད་ལྗོངས་ལཀྲུང་གོའི་ཐང་ཀའི་ཕ་ཡུལཞེས་སྩོལ་པར་དངོས་སུ་མཆན་བཀོད་བཀའ་ལན་ཐོབ་པ་དང་  རིག་གནས་པུའུ་ཡིས་ཀྱང་བཀའ་ལན་སྤྲད་ནས་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིསཀྲུང་གོའི་བོད་ལྗོངས་ཐང་ཀ་སྒྱུ་རྩལ་ལྟེ་གནསའཛུགས་པར་ཆོག་མཆན་གནང་པ་རེད།

ཧན་ཧྲུའུ་ལི་ཡིས་བཤད་པ་ལྟར་ན།  བོད་ལྗོངས་ཀྱི་ཐང་ཀ་གསར་པའི་བརྩམས་ཆོས་དག་རྒྱལ་ནང་གི་གྲོང་ཁྱེར་ཆེ་གྲས་དང་འཛམ་གླིང་ཁྱབ་ཁོངས་སུ་བསྐོར་བསྐྱོད་འགྲེམས་སྟོན་བྱེད་འཆར་ཡོད་པ་དང་།  སྐབས་དེར།  སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ལེགས་པོ་བྱས་པའི་ཐང་ཀ་གསར་པ་ནི་ཕྱི་ཕྱོགས་ཀྱི་སབོད་ལྗོངས་ལ་རྒྱུས་ལོན་བྱེད་པའིརིག་གནས་མིང་བྱངཞིག་ཏུ་གྱུར་ངེས

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060