སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སློབ་ཆེན་ཚོགས་པས་རྒྱུན་འཁྱོངས་ངང་ལྷ་སའི་དམིགས་བསལ་སློབ་གྲྭའི་སློབ་མ་བདག་སྐྱོང་བྱས།
སྤེལ་དུས། 2014-08-15   ཡོང་ཁུངས། ཤིན་ཧྭ་དྲ་བ་ལས།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས་བསྒྱུར།

 

ཟླ་༨པའི་ཚེས་༢ཉིན་ཀྲུང་གོ་ཞིང་ལས་སློབ་ཆེན་ཧྥུན་ཡོན་ཚན་ཁག་གི་རིག་གནས་དང་ཚན་རིག་དཔྱད་ཞིབ་རུ་ཁག་གི་དང་བླངས་བ་༡༦བོད་ལྗོངས་ལྷ་སའི་ཚའེ་ཆུན་ཆན་ཕན་བདེ་དམིགས་བསལ་སློབ་གྲྭར་ཕེབས་ཏེ་གཟའ་འཁོར་གཅིག་གི་རིང་ལ་སློབ་ཁྲིད་རོགས་སྐྱོར་བྱས། དེ་ནི་ཁོ་ཚོ་ཐེངས་༡༠་བར་བོད་ལྗོངས་སུ་སླེབས་ནས་སྤྱི་ཚོགས་ལག་ལེན་གྱི་བྱེད་སྒོ་སྤེལ་བ་ཡིན། དེ་ཡང་ཚའེ་ཆུན་སློབ་གྲྭའི་སློབ་མ་དག་དང་མཉམ་དུ་རོལ་བའི་དབྱར་གནང་ཐེངས་བརྒྱད་པ་ཡིན་པ་རེད།

ང་རང་སློབ་གྲྭའི་ནང་འབྱོར་མ་ཐག་ཏུ་བསོད་ཏེས་ང་ཁྲིད་ནས་ན་ནིང་གི་འདྲ་པར་བསྟན། ད་དུང་ང་ལ་མགོ་སྒུར་དུ་བཅུག་ནས་སྐེ་དཀྲིས་དམར་པོ་དེ་མདུད། ཅེས་ཀུའུ་ཁྲིན་ཀྲི་ཡིས་ང་ཚོས་ལ་སྐེ་དཀྲིས་དེ་མངོན་བཞིན་དེ་ལྟར་བཤད། བོད་ལྗོངས་སུ་ཐེངས་པར་ཕྱིན་མྱོང་བའི་ཁོ་མོས་ད་ལོར་ཧྥུང་ཡོན་རིག་གནས་དང་ཚན་ཞིབ་རུ་ཁག་གི་རུ་གཙོའི་ལས་འགན་བཞེས་ཡོད་པ་རེད།

ཀུའུ་ཁྲིན་ཀྲི་དང་བསོད་བདེ་ནི་༢༠༡༣ལོའི་དབྱར་གནང་སྐབས་སུ་ངོ་ཤེས་པ་ཡིན། ལོ་འཁོར་གཅིག་གི་རིང་ལ་ཁོ་མོས་ནམ་ཡང་སྤྱང་གྲུང་ལྡན་ཞིང་གཅེས་སུ་འོས་པའི་བོད་ཀྱི་བུ་མོ་ཆུང་ཆུང་སེམས་སུ་བཟུང་ཡོད། ཐེངས་འདིར་སླར་ཡང་བསོད་བདེ་དང་འཕྲད་པས་ཁོ་མོ་སྤྲོ་སེམས་རབ་ཏུ་རྒྱས་ཡོད། ཁོ་མོས་ང་རང་ངོས་ཟིན་པ་མ་ཟད་ངའི་མིང་གིས་བོས་བྱུང་ལ། ད་དུང་ང་ལ་ལེགས་སྐྱེས་ཆུང་ཆུང་སྦྱིན་པས། ཐེངས་འདིར་སླར་ཡང་སློབ་གྲྭ་འདིར་ཡོང་བར་རིན་ཐང་ལྡན་སྙམ་བྱུང་ཞེས་ཁོ་མོས་དེ་ལྟར་བཤད།

ལྷ་སའི་ཚའེ་ཆན་ཕན་བདེ་དམིགས་བསལ་སློབ་གྲྭ་དེ་ནི་༡༩༩༣ལོར་དབུ་ཚུགས་པ་དང་། གཙོ་བོ་བོད་ལྗོངས་ཀྱི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ། ད་དུང་ཁྱིམ་ཚང་འབྱོར་བ་ལྷག་ཏུ་ཞན་པའི་ཁྱིམ་ཚང་གི་བྱིས་པ་སོགས་བསྡུ་གཉོར་བྱས་ཡོད། སློབ་གྲྭ་འདི་ནས་སྔ་གཞུག་ཏུ་བོད་རིགས་དང་རྒྱ་རིགས་ཧེ་རིགས་སོགས་ཀྱི་བྱིས་པ ༣༠༠ ལྷག་ལ་རོགས་སྐྱོབ་བྱས་ལ། དེ་དག་གི་ཁྲོད་དུ་སྐྱེས་ནས་ཉིན་ཁ་ཤས་ལས་འགོར་མེད་པའི་བྱིས་པ་ནས་ལོ་གྲངས ༢༠ ལྷག་ལོན་པའི་ན་གཞོན་སོགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད ༡༠ སྟེང་དུ། ཚོགས་མི ༡༦ གིས་ཚའེ་ཆན་ཕན་བདེ་སློབ་གྲྭའི་ར་སྐོར་ནང་ནས་སྦྲང་ཆར་བསིལ་མའི་ཁྲོད་ཕན་ཚུན་འདྲེས་ལོབ་བྱུང་ལ། དགའ་སྤྲོ་ཚད་མེད་ངང་སློབ་མ་རྣམས་ལ་ཁ་བརྡ་བྱས། ཚོགས་མི་གསར་བ་དག་གིས་སློབ་མ་ཚོའི་མིང་འདྲི་བ་དང་སོ་སོའི་ཁྱད་ཆོས་ཡིད་ལ་བཅངས་བར་བྲེལ་ཞིང་།  ཕྱི་ལ་དམར་སྐྱ་གྱོན་པའི་བུ་མོ་ཞིག་གིས་ཟིན་བྲིས་སུ་ཚེ་རིང་ནི་ནེ་ཁི་རྟགས་ཅན་གྱི་གོས་ལྭ་དཀར་པོ་གྱོན་པའི་བུ་ཆུང་དེ་ཡིན་ཞེས་བཀོད་ཡོད། ཚོགས་མི་རྙིང་བ་དག་བྱིས་པ་འགའ་རེས་སྐོར་ནས། ཕུ་བོ་ཁ་ལ་ཡོང་ཡོད་དམ། སོང་སོང་ཁྱེད་རང་སློབ་ཐོནབྱསཔ་མིན་པས། སླར་ཡོང་དོན་ཅི་ཡིན་ཞེས་དེ་ལྟར་དྲིས།

༢༠༠༧ལོར་ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་ཧྥུན་ཡོན་རིག་གནས་དང་ཚན་རིག་དཔྱད་ཞིབ་རུ་ཁག་ཐོག་དང་པོར་བོད་ལྗོངས་ཚའེ་ཆན་ཕན་བདེ་དམིགས་བསལ་སློབ་གྲྭར་སླེབས་པ་ནས་བཟུང་། ཐག་རིང་པེ་ཅིན་ན་ཡོད་པའི་སློབ་ཆེན་སློབ་མ་དག་བོད་ལྗོངས་ཀྱི་བྱིས་པ་རྣམས་ལ་མཛའ་བརྩེ་ཟབ་མོ་ཆགས་ཡོད། ལོ་བརྒྱད་ཀྱི་རིང་ལ་རུ་ཁག་དེས་ལོ་རེ་བཞིན་ཚའེ་ཆན་སློབ་གྲྭ་ལ་ཕྱི་འབྲེལ་དང་རོགས་དངུལ་སོགས་རེ་ཞུ་བྱས་ཡོད་པ་དང་། དཔེ་མཛོད་ཁང་འཛུགས་སྐྲུན་རོགས་སྐྱོར་བྱས་ཏེ། བྱིས་པ་ཚོ་ལ་སློབ་སྦྱོང་ཡོ་བྱད་དང་དཔེ་ཆ། གྱོན་ཆས་སོགས་ལེགས་སྐྱེས་ལ་ཕུལ་ཡོད་པ་རེད།

རུ་གཙོ་ཀུའུ་ཁྲིན་ཀྲི་ཡིས་བཤད་རྒྱུར། ད་ལོར་ང་ཚོས་ཤེས་བྱ་རིག་གནས་དང་ལག་རྩལ་སོགས་ཀྱི་ཁྲིད་གཞི་གྲ་སྒྲིག་བྱས་ཡོད། ད་དུང་རང་ཉིད་ཀྱི་བསྒྲིགས་པའི་སློབ་དེབ་ཆུང་ཆུང་སྟེ་འཇིག་རྟེན་གྱི་སྒོ་ཆེན་འབྱེད་པའི་སྒྲོ་བཏགས་རི་མོ་ཞེས་པ་དང་སྤྱི་ཚོགས་ལས་རིགས་ཁག་སོ་སོས་ནས་ཕུལ་བའི་རོགས་སྐྱོར་དངོས་ཟོག་ལེགས་སྐྱེས་སུ་འཁྱེར་ཡོད། ང་ཚོས་དུས་ནམ་ཡང་ཚ་ཆན་སློབ་གྲྭ་ལ་དོ་ཁུར་བྱས་པའི་སྟབས་ཀྱིས། ལོ་རེ་རེར་ཁོ་ཚོའི་བློ་ཁ་དང་འཚམ་པའི་ཁྲིད་གཞི་དང་བྱ་འགུལ་ཇུས་འགོད་བྱེད་ཐུབ་པ་རེད། ཚོགས་ཀྱི་ལས་རིགས་ཁག་སོ་སོ་ནས་ཁོ་ཚོ་ལ་ཆེས་དགོས་མཁོ་ཆེ་བའི་རོགས་དངུལ་དང་གོ་སྐབས་ཀྱང་འཚོལ་ཐུབ་པ་རེད།

ཚོགས་མི་ཁོང་ཏི་སུན་གྱིས་ལོ་བརྒྱད་རིང་ཟིན་འགོད་བྱས་པའི་པར་ཁུག་དེ་འབྱེད་བཞིན་བཤད་རྒྱུར། དུས་ནམ་ཡང་འདི་ལྟར་རྒྱུན་འཁྱོངས་བྱེད་པའི་རྒྱུ་མཚན་ནི་ང་ཚོའི་བརྩེ་བ་དེ་རྒྱུན་བསྐྱང་ཐུབ་པ་དང་། དུས་ཚོད་ཐུང་ཐུང་རིང་གི་སློབ་ཁྲིད་རོགས་སྐྱོར་གྱི་མི་འདང་ས་ཁ་གསབ་བྱེད་འདོད་པ་ཡིན། ང་ཚོས་བྱ་འགུལ་དེ་ཡང་སློབ་ཁྲིད་རོགས་སྐྱོར་སྣ་རྐྱང་ནས་ཡུན་རིང་བདག་སྐྱོང་དུ་གྱུར་བའི་ཆེད་ཡིན། ང་ཚོ་ལ་མཚོན་ན་ཆེས་ཆེ་བའི་བདེ་སྐྱིད་ནི་བྱིས་པ་འདི་ཚོ་ནར་སོན་པའི་གོ་རིམ་ཁྲོད་ནམ་ཡང་མི་མང་བོ་ཞིག་གིས་བདག་སྐྱོང་བྱེད་བཞིན་ཡོད་པ་དེ་ཡིན། ཁོ་ཚོ་དང་འགྲོགས་ཞོར་དུ་རང་ཉིད་ལའང་བློ་བསྐྱེད་མང་བོ་བྱུང་ཞེས་བཤད། ཁོ་ནི་གནས་འདིར་ཐེངས་བཞི་པར་སླེབས་པ་ཡིན་ལ། ཁོ་རང་ད་བར་སློབ་མཐར་ཕྱིན་ནས་ལས་ཞུགས་བྱས་ཡོད་ན་ཡང་ད་དུང་ཚ་ཆན་སློབ་གྲྭའི་སློབ་མ་དག་ལ་སེམས་ཁུ་བྱེད་བཞིན་ཡོད་པ་རེད།  

སྤྱིར་ན་པེ་ཅིན་ནས་ལྷ་ས་བར་གྱི་བར་ཐག་ཧ་ཅིང་རིང་། ཡིན་ནའང་རུ་ཁག་འདིས་ང་ཚོའི་བར་ཐག་ཇེ་ཉེར་བཏང་། ཁོ་ཚོས་སློབ་མ་རྣམས་ལ་སློབ་སྤྱོང་གི་ཐབས་ཤེས་ཡག་པོ་ཁྲིད་ཡོད་པ་མ་ཟད་ད་དུང་བསམ་གཞིག་བྱེད་སྟངས་ཅིང་ཁྲིད་ཡོད། དེ་ནི་དངོས་པོའི་རོགས་སྐྱོར་གྱི་ཚབ་བྱེད་མི་ཐུབ་པ་ཞིག་རེད་ཅེས། ལྷ་སའི་ཚ་ཆན་ཕན་བདེ་དམིགས་བསལ་སློབ་གྲྭའི་སློབ་གཙོ་བྱམས་པ་དོན་འགྲུབ་ཀྱིས་དེ་ལྟར་བཤད། ཚོགས་མི་ཚོས་དང་སློབ་མ་ཚོ་དང་མཉམ་དུ་ཁོ་རང་ལ་སློབ་གཙོ་ཨ་ཕ་ཞེས་འབོད་པ་རེད།

ཀུའུ་ཁྲིན་ཀྲི་ཡིས་ངོ་སྤྲོད་བྱ་རྒྱུར། ཚན་རིག་དཔྱད་ཞིབ་རུ་ཁག་འདིས་ཚ་ཆན་སློབ་གྲྭ་ནས་སློབ་ཁྲིད་རོགས་སྐྱོར་མཇུག་རྫོགས་རྗེས། བོད་ལྗོངས་མཐའ་མཚམས་ཀྱི་གྲོང་རྡལ་འགྲམ་གྲོང་རྡལ་དུ་སོང་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུ་རེད། ༢༠༠༥ལོ་ནས་ད་བར། ཀྲུང་གོ་ཞིང་ལས་སློབ་ཆེན་ཧྥུན་ཡན་རིག་གནས་དང་ཚན་རིག་དཔྱད་ཞིབ་རུ་ཁག་ནི། སྔ་གཞུག་ཏུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ། ལྷོ་ཁ་ས་ཁུལ།  ཉིང་ཁྲི། ནག་ཆུ་ས་ཁུལ་སོགས་རྫོང་དང་གྲོང་རྡལ་༩ ལ་སོང་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060