སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ཟླ་༩བའི་ཚེས༢༥ཉིན་ལྷ་སར་འཚོག་འཆར་ཡོད།
སྤེལ་དུས། 2014-09-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ཁོན་ཐར་འཚོས་བསྒྱུར།


བོད་ལྗོངས་ཀྱི་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་འདུའི་ཚོགས་རྟགས།

    ཟླ༩བའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བར་དུ། ཀྲུང་གོའི་བོད་ལྗོངས་གྱི་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དང་པོ་དེ་མི་འགྱང་བར་ལྷ་སར་འཚོག་གྲབས་ཡོད། ངོ་སྤྲོད་ལྟར་ན། ཐེངས་འདིའི་འགྲེམས་ཚོགས་ཀྱིས་རང་བྱུང་དང་། རྩོལ་བྱུང་རིག་གནས། མཛེས་པའི་བོད་ལྗོངས་ཞེས་པ་བརྗོད་གཞིར་བཟུང་བ་དང་། ནང་དོན་འགོ་ཚུགས་མཛད་སྒོ་དང་། གླེང་སྟེགས། འགྲེམ་སྟོན། ཉོ་ཚོང་ངོ་འཕྲད་གྲོས་མོལ། མཇུག་རྫོགས་པའི་མཛད་སྒོ་བཅས་ཕྱོགས་ལྔའི་གྲུབ་ཡོད།

    གསར་འགོད་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱི་འགྲེམ་སྟོན་བྱེད་སྒོ་དེ་ཟླ༩བའི་ཚེས༢༦ཉིན་དངོས་སུ་འགོ་ཚུགས་རྒྱུ་ཡིན་ཞིང་། འགྲེམ་སྟོན་བྱ་ཡུལ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་བཀོད་སྒྲིག་བྱས་ཡོད་པ་དང་། ཡུལ་སྐོར་དང་རིག་གནས་ཀྱི་འགྲེམ་སྟོན་ཁག་གཉིས་བགོས་ཡོད། ཡུལ་སྐོར་འགྲེམ་སྟོན་དུ་གཙོ་བོ་ཡུལ་སྐོར་འཕེལ་རྒྱས་གྲུབ་འབྲས་འགྲེམ་སྟོན་དང་། ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་པར་རིས། པར་ལེན་པར་རིས་འགྲེམ་སྟོན། ཡུལ་སྐོར་ཐོན་རྫས་འགྲེམ་སྟོན་སོགས་ནང་དོན་ཚུད། རིག་གནས་འགྲེམ་སྟོན་གྱིས་གཙོ་བོ་བོད་ཀྱི་རིག་དངོས་འགྲེམ་སྟོན་དང་བོད་ལྗོངས་ཀྱི་ཐང་ག་བརྒྱ་འགྲེམ་སྟོན་སོགས་གནང་རྒྱུ་རེད།

    ཤེས་གསལ་ལྟར་ན། སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས་ནི་རྒྱལ་ཁབ་རིག་གནས་པུའུ་དང་། རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་ཡིན། ཆེད་དོན་གླེང་སྟེགས་སུ་འཛམ་གླིང་གི་ཡུལ་སྐོར་བྱེད་གནས་གལ་ཆེན་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱེད་གནས་གལ་ཆེན་འཛུགས་སྐྲུན་བཅས་གྲོས་གཞི་གཙོ་བོ་གཉིས་བཀོད་སྒྲིག་གནང་ཡོད།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060