སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་སློབ་ཐོན་སློབ་མའི་ལས་རིགས་གསར་གཏོད་ལ་རམ་འདེགས་གནང་།
སྤེལ་དུས། 2014-09-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན་དུ།    ཉེ་ལམ།  ལྷ་ས་གྲོང་ཁྱེར་སློབ་ཆེན་སློབ་ཐོན་སློབ་མའི་ལས་རིགས་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོནདེ་ནོར་བུ་གླིང་ག་ནས་འགོ་ཚུགས་ཤིང་།  སློབ་ཆེན་སློབ་ཐོན་སློབ་མའི་ལས་རིགས་གསར་གཏོད་ཀྱི་གྲུབ་འབྲས་དང་རྒྱལ་ཁའི་ཉམས་མྱོང་ཕྱོགས་བསྡུས་སྒོས་འགྲེམས་སྟོན་གནང་བྱུང་།

གསར་གཏོད་ལྟེ་བར་བཟུང་ནས་ཕུགས་སེམས་ཀྱི་གོམ་ཁ་དང་པོ་སྤོས་པ།

            ནོར་བུ་གླིང་གར་གྲུབ་འབྲས་འགྲེམས་སྟོན་དུ་ཞུགས་མཁན་གསར་གཏོད་རང་དབང་གི་ལས་རིགས་ཀུང་ཟི་༡༣གྲལ་དུ་བསྟར་ཡོད་ཅིང་།  ཚོང་སྟེགས་སུ་ཚོང་རྫས་ཅི་རིགས་བཤམས་འདུག་པ་ལས་རིགས་བདུན་ལ་ཁྱབ་ཅིང་ཚོང་སྣ་༡༠འདུས་ཡོད་པ་དང་།   དེ་དག་ལས“YING”ཡི་གེ་ལྷུ་ཆག་ལས་སྒྲུབ་ཁང་ལྟ་བུའི་རིག་གནས་གསར་གཏོད་ལས་རིགས་ཀྱིས་ཀུན་གྱི་མིག་དབང་ཅིག་ཅར་འཕྲོག་ཡོང་

    “ང་ཚོས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་དང་། རི་མོར་འགྱུར་བ་བཏང་ནས་དེང་རབས་རང་བཞིན་ཤུགས་དྲག་པའི་ཡི་གེ་ལྷུ་ཆག་དང་མཉམ་དུ་འདྲེས་པར་ཇུས་འགོད་བྱས་པ་ཡིནཞེས་སྟོད་ཐུང་ནག་པོ་ཞིག་བཀལ་བའི་ཚོང་སྟེགས་ཀྱི་མདུན་དུ།  ན་གཞོན་ལས་རིགས་གསར་གཏོད་མཁན་ཚེ་ནོར་གྱིས་ངལ་བ་མེད་པའི་སྒོ་ནས་རང་ཉིད་ཀྱི་ཇུས་འགོད་བྱེད་ཐབས་ངོ་སྤྲོད་གནང་གི་འདུག ལོ་ན༨ཀྱི་སྟེང་པེ་ཅིང་གི་ནང་སའི་བོད་ལྗོངས་འཛིན་གྲྭར་ཞུགས་ནས་ལོ་ངོ་བདུན་རིང་ཡི་གེ་ལྷུ་ཆག་དང་འཕྲད་སྐལ་བྱུང་པ་དེས་ཁོས་མཐོང་རྒྱ་ཆེ་རུ་བསྐྱེད་པ་རེད།བོད་ལྗོངས་སུ།  ཡི་གེ་ལྷུ་ཆག་ནི་ དངོས་རིགས་གསར་བ་ཞིག་ཡིན།ཞེས་བཤད། ཁོ་བོ་དེར་འཕྲད་པས་དགའ་སྤྲོ་དཔག་མེད་སྐྱེས་འདུག་ལ།   དེས་ཁོ་རང་ལ་སྦྱང་བྱའི་ཤེས་བྱའི་ཐོག་དབབ་པའི་ལས་རིགས་གསར་གཏོད་ཀྱི་ལས་ཞིག་རྙེད་པ་ལྟ་བུའི་སྣང་བ་ཞིག་སྦྱིན་འདུག

   ༢༠༡༤ལོའི་ཟླ༦པར།  སློབ་མཐར་ཕྱིན་མ་ཐག་པའི་ཚེ་ནོར་གྱིས་གྲོགས་པོ་དང་མཉམ་དུ་“YING”ཡི་གེ་ལྷུ་ཆག་ལས་སྒྲུབ་ཁང་བཙུགས་ཏེ་གཙོ་བོ་མིམི་སྒེར་གྱི་ཆེད་བཟོ་དང་།  མ་རྩོམ་གསར་གཏོད་ཡིན་པ།  གཅིག་པུ་ཁོ་ན་ལས་མེད་པའིགཉེར་ཕྱོགས་གཙོར་འཛིན་པ་དང་ཆབས་ཅིག    ཚེ་ནོར་གྱིས་ཡང་དང་བསྐྱར་དུ་མི་རྣམས་ཀྱི་ཡི་གེ་ལྷུ་ཆག་དང་ལེན་བྱེད་ཐབས་ལ་བསམ་གཞིགས་བཏང་།ང་རང་བོད་རིགས་ཡིན་ཙང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་རང་གིས་གསར་གཏོད་དང་ཇུས་འགོད་བྱེད་ཡུལ་གཙོ་བོར་ཆགས་འདུགཐེངས་ཤིག་གྲོགས་པོ་དང་མཉམ་དུ་ཁ་བརྡ་བྱེད་དུས།  ཚེ་ནོར་གྱི་ཐེ་ཚོམ་མེད་པརམི་རིགས་ཀྱི་རྒྱུ་ཆ་དང་དུས་རབས་ཀྱི་ཡི་གེ་ལྷུ་ཆག་མཉམ་འདྲེས་ཀྱིསཇུས་འགོད་བྱེད་ཐབས་གཏན་འཁེལ་བྱས་བྱུང་།

  དམིགས་ཕྱོགས་དེ་འདྲའི་སློབ་སྟོན་འོག   ཡི་གེ་ལྷུ་ཆག་ལས་སྒྲུབ་ཁང་གི་དེང་ཐོག་དྲན་རྟེན་སྟོད་ཐུང་བརྒྱ་བཏོན་པ་དྲ་ལམ་ནས་ཡོངས་སུ་བཙོང་ཚར་པ་མ་ཟད་ཆེད་བཟོ་འགོ་ཚུགས།  ལས་རིམ་རྗེས་མར་ལུས་རིས་ཕབ་པ་དང་།   དྲིལ་སྒྲོག་ཤོག་བྱང་བཟོ་བ་སོགས་ཀྱི་ལས་ཀྱང་སྒྲུབ་འཆར་འདུག    དེ་དང་མཉམ་དུ།  ཚེ་ནོར་གྱི་ཧུར་ཐག་སྒོས་གློག་བརྙན་ཀུང་སི་དང་དུས་དེབ་ལ་མཉམ་འབྲེལ་བྱེད་པར་བརྩོན་ལེན་བྱེད་ཀྱི་འདུག

བསམ་ཕྱོགས་དང་གསར་གཏོད་ལེགས་པོ་ནི་ལས་རིགས་གསར་གཏོད་ལ་རྒྱལ་ཁ་ལོན་པའི་སྔོན་འགྲོའི་ཆ་རྐྱེན་རེད་དེ།  དེས་སྐད་ཅིག་མར་མི་ལ་སྙན་གྲགས་རྒྱས་སུ་འཇུག་པ་མ་ཟད།  དེ་ལས་ཀྱང་ལས་ཀ་སྒྲུབ་པའི་ཁ་ཕྱོགས་སྟོན་ཐུབཟླ་ངོ་གཉིས་ཀྱི་ལས་ཀའི་དུས་ཚོད་ནི་དེ་འདྲའི་རིང་རྒྱུ་མེད་ནའང་།  ཚེ་ནོར་ལ་བློ་སྐྱེད་ཆེན་པོ་ཐོབ་འདུག

   སྲིད་ཇུས་སྔོན་དུ་ཐོན་ནས།  ཕུགས་འདུན་མངོན་འགྱུར་ལ་རོགས་སྐྱོར་ཐོབ་པ།

        རྒྱུས་ལོན་བྱུང་པ་ལྟར་ན།   བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་རིགས་རང་དབང་གསར་གཏོད་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ་དང་།  ལས་རིགས་གསར་གཏོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་བྱེད་ཆེད།  བོད་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་རིགས་རང་དབང་གསར་གཏོད་ལ་སྒོར་ཁྲི་ལྔའི་གྲངས་ཉུང་འགན་ལེན་དངུལ་བུན་བསྐྱི་ཐུབ་པ་དང་།  དངུལ་བུན་སྐྱིས་རིང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྐྱེད་ཀ་ཆ་ཚང་སྤྲོད་པ་དང་།  མཉམ་འབྲེལ་སྒོས་ལས་རིགས་གསར་གཏོད་བྱེད་མཁན་ལ་ཆེས་མཐོ་བའི་སྒོ་ཁྲི༡༠༠ཡི་བསྟུད་མའི་དངུལ་བུན་བསྐྱི་ཐུབ།

         དེ་ལས་གཞན།  སྒེར་ཚོང་གཉེར་མཁན་སློབ་ཆེན་སློབ་ཐོན་སློབ་མས་ལོ་ངོ་གསུམ་རིང་གི་ཐོ་འགོད་རིགས་དང་།  དོ་དམ་རིགས།  དཔང་ཡིག་རིགས་ཀྱི་སྲིད་འཛིན་ལས་དོན་རང་བཞིན་གྱི་ཁྲལ་རིགས་སྤྲོད་མི་དགོས་པ་མ་ཟད།  ཁང་གླ་སོགས་ཀྱི་ཐད་ནས་ཀྱང་གཟིགས་སྐྱོང་སྲིད་ཇུས་རག་ཐུབ།  ཚེ་ནོར་གྱིས་གསར་འགོད་པར། ཁོས་ཧུར་ཐག་སྒོས་ལྷ་ས་གྲོང་ཁྱེར་གྱི་སློབ་ཆེན་སློབ་མའི་ལས་རིགས་རང་དབང་གསར་གཏོད་རྒྱབ་སྐྱོར་ཐེབས་རྩར་བརྩོན་ལེན་བྱས་ནས་ལས་འགོ་ཚུགས་སྐབས་མ་དངུལ་དཀོན་པའི་གནད་དོན་སེལ་ཐུབ་བྱ་རྒྱུ་ཡིན་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060