སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཐང་ག་བརྒྱ་ཞེས་པ་སྐབས་དང་པོའི་བོད་ལྗོངས་ཀྱི་དངོས་མང་འགྲེམས་ཚོགས་སུ་ཞུགས་རྒྱུ་རེད།
སྤེལ་དུས། 2014-09-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།


ཐང་ག་གསར་བ་
གཅེས་པའི་ཕ་ཡུལ

 ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བའི་ཐང་ག་བརྒྱའི་ལས་རིམ་དང་པོ་དེ་ཟླ༩བའི་ཚེས་༢༥ཉིན་བོད་ལྗོངས་ཡུལ་སྐོར་དང་རིག་གནས་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་སྐབས་དང་པོའི་སྟེང་ཐོག་མར་བཤམས་རྒྱུ་རེད།
      ཤེས་གསལ་ལྟར་ན། བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་༦༠འཁོར་བའི་ཐང་ག་བརྒྱའི་ལས་གཞི་དེ་ལས་ཀ་ཡོངས་མཇུག་རྫོགས་ཡོད་ཅིང་། ལས་གཞི་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི་རིག་གནས་ཀྱི་ཉིང་བཅུད་འདུས་པའི་ལས་གཞི་གལ་ཆེན་ཞིག་ཡིན། ༢༠༡༢ལོར་འགོ་ཚུགས་ཤིང་། ལོ་གཉིས་རིང་ལ་ལྷ་རིས་པ་༧༠ཡིས་རྩལ་དགུ་བཏོན་ནས་ཐང་ག་བརྒྱ་བརྩམས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བར་སྐྱེས་སུ་ཕུལ་བ་ཡིན། ད་ལོའི་ཟླ་༩བའི་ཚེས༢༥ཉིན་ནས་ཚེས༢༧ཉིན་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་དེ་ལྷ་ས་ནས་འཚོག་རྒྱུ་ཡིན་ཞིང་། སྐབས་དེར་ཐང་ག་བརྒྱ་དེའང་འགྲེམས་ཚོགས་སུ་ཞུགས་ནས་ཀུན་གྱི་མིག་གི་དགའ་སྟོན་དུ་སྤེལ་རྒྱུ་རེད།
        ཐེངས་འདིའི་ཐང་ག་བརྒྱའི་ལས་གཞི་ནང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་༦༠འཁོར་བ་དང་། མཛེས་པའི་བོད་ལྗོངས། བོད་ཀྱི་ལོ་རྒྱུས་དང་རིག་གནས་བཅས་བརྗོད་བྱ་ཁག་གསུམ་ཚུད་ཡོད་པ་དང་། ཁྱོན་སྡོམ་ཐང་ག་སུམ་རྒྱ་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060