སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་དུ་ལོ་ངོ ༥༠ ཡི་རིང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་སྤྱི་འབོར་ལྡབ ༡༣ འཕར།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསྟན་འཛིན།

གསར་འགོད་པས་ཉེ་སྔོན་བོད་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་ད་བར་བོད་དུ་བོད་རིགས་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཁྲི ༡༠ ཙམ་ཡོད་པ་དེས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་སྤྱི་འབོར་གྱི ༧༠ ཡན་ཟིན་ཡོད། གྲངས་གཞི་དེ་ནི ༡༩༦༥ ལོའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་སྐབས་བོད་རིགས་གཙོ་བོར་བྱས་པའི་གྲངས་ཉུང་མི་རིགས་ལས་བྱེད་ཀྱི་བསྡོམས་འབོར ༧༦༠༨ ཀྱི་ལྡབ ༡༣ ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་འཛུགས་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་རིམ་ཁག་སྲིད་གཞུང་གིས་སྔར་ནས་ད་བར་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་གདམ་གསེས། བེད་སྤྱོད་བཅས་བྱེད་པའི་ཐད་ཚད་མཐོའི་མཐོང་ཆེན་གྱིས་བྱ་ཐབས་ནུས་ལྡན་བེད་སྤྱད་དེ་གྲངས་འབོར་མང་བ་དང་གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་པས་ཕུལ་བྱུང་གི་མི་རིགས་ལས་བྱེད་པ་འབོར་ཆེན་སྔ་རྗེས་སུ་རིམ་ཁག་འགོ་ཁྲིད་ཀྱི་ལས་གནས་ཐོག་བསྐྱོད་ཐུབ་པ་བྱུང་བ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་འཐབ་ས་ཁག་གི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པ་རེད།

༡༩༨༤ ལོརཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསཁྱབ་བསྒྲགས་ལག་བསྟར་བྱས་པ་ནས་བཟུང་། སྐབས་རིམ་བྱུང་གི་བོད་ཀྱི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་གཙོ་བོའི་འགན་བོད་རིགས་ལས་བྱེད་པས་འཁུར་བ་དང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རྫོང་བཅས་རིམ་པའི་ཏང་སྲིད་ལས་འགན་གཙོ་བོ་འཁུར་མཁན་ཕལ་ཆེ་བ་ནི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཡིན་པ་རེད། སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་གྲངས་ཉུང་མི་རིགས་ཀྱིས༧༠ཡན་ཟིན་ཡོད། གཞན་ཡང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ཞུགས་མཁན་བོད་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁྲོད་བོད་རིགས་དང་དེ་མིན་གྲངས་ཉུང་མི་རིགས་ཀྱིས༨༠ཡན་ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོའི་རིང་བོད་ཀྱིས་ལས་བྱེད་པའི་ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་། དེ་བཞིན་ལྗོངས་ནང་ཁུལ་གྱི་རིམ་ཁག་ཏང་གི་སློབ་གྲྭ་ཁག་ཏུ་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་མངགས་པ་རེད།  གྲངས་ཉུང་མི་རིགས་གཙོ་བོར་བྱས་པའི་ལས་བྱེད་པ་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་དུས་ཐེངས ༨༠༠ ལྷག་ཙམ་ནང་ཞུགས་པ་དང་གསོ་སྦྱོང་དང་ལེན་བྱེད་མཁན་ལས་བྱེད་པ་ཁྲི ༧ ལྷག་ཙམ་ཟིན་ཡོད།

ལས་ཐོག་ལས་བྱེད་པར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་ཕུད་བོད་ཀྱིས་ད་དུང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་ཡོངས་ཁུངས་རྒྱ་ཆེར་བཏང་ཞིང་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་གཞུང་ཞབས་པ་དང་བྱ་གཞག་ཚན་པའི་ལས་དོན་པ་བསྡུ་ཚད་ཤུགས་ཆེར་བཏང་ཡོད། ༢༠༠༦ ལོ་ནས་བཟུང་བོད་ལྗོངས་ཀྱིས་སློབ་ཆེན་ཐོན་པའི་སློབ་མ་དང་འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་པའི་སློབ་མའི་ཁྲོད་གཞུང་ཞབས་པ་དང་བྱ་གཞག་ཚན་པའི་ལས་དོན་པ་བསྡུས་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་ཀྱིས ༧༥ ཡན་ཟིན་ཡོད་པ་རེད།

 ང་ཚོའི་སྐབས་སུ་སློབ་ཐོན་སློབ་མའི་ལས་ཞུགས་སྲིད་ཇུས་ཧ་ཅང་ཡག་པོ་ཡོད། ངས་ད་ལྟའི་རང་གི་ལས་ཀར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། མི་དམངས་ཉེན་རྟོགས་པ་ཞིག་བྱེད་རྒྱུ་ནི་ཆུང་དུས་ནས་བཟུང་ངའི་ཕུགས་འདུན་ཞིག་ཡིནཅེས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་ཐོན་སློབ་མ་བཀྲ་ཤིས་ཀྱིས་བཤད་པ་དང་ལོ་ངོ་ལྔའི་ལས་ཀའི་ཉམས་མྱོང་གིས་ཁོང་ད་ལྟ་ལས་སྒོའི་རྐང་འཛིན་པར་གྱུར་ཡོད།

དེ་མིན་ཤེས་རྟོགས་བྱུང་གསལ། ལས་བྱེད་པའི་འཚར་ལོངས་ཀྱི་ཆོས་ཉིད་ལ་གཞིགས་ནས་བོད་ཀྱིས་ཕྱིར་གཏོང་བ་དང་གཞི་རིམ་དུ་མངགས་པ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་ལག་ལེན་དངོས་ཀྱི་སྦྱོང་བརྡར་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་གཅིག་ནས་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་གྱི་གོ་སྐབས་དམ་འཛིན་གྱིས་གྲང་ཉུང་མི་རིགས་ཀྱི་ལས་བྱེད་པ་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་ནས་འགོ་ཁྲིད་ཀྱི་ནུས་པ་དང་ལས་སྒོའི་ནུས་པ་མཐོ་རུ་བཏང་བ་དང་། གཉིས་ནས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་དང་གྲོང་ཁྱེར་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ། གྲོང་ཚོའི་ཧྲུའུ་ཅི་དང་པོ་འདེམས་གཏོང་སོགས་ཀྱི་ལས་བྱེད་པ་འབོར་ཆེན་ཞིག་གཞི་རིམ་དུ་ལས་ཀ་དང་སྦྱོང་བརྡར་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད། ཉེ་བའི་ལོའི་རིང་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་དམངས་ཕན་ཉེན་རྟོགས་ཞབས་ཞུའི་ས་ཚིགས་ཀྱི་ལས་བྱེད་པའི་ཁྲོད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་༧༠ཡན་ཟིན་ཡོད་པ་རེད།

བྱང་ཆུབ་སྒྲོལ་མ་ནི་བོད་རང་སྐྱོང་ལྗོངས་གནམ་གཤིས་ཚན་པའི་ལྷོ་ཁ་ས་ཁུལ་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཤར་གསོ་གྲོང་ཚོར་བཅའ་སྡོད་བྱེད་མཁན་ཞིག་ཡིན་པ་རེད། ས་བབ་མཐོ་སྨི ༥༢༠༠ ཡོད་པའི་ས་ཆ་དེར་ཟླ་བ ༡༠ ལྷག་ཙམ་བཅའ་སྡོད་བྱེད་རིང་བྱང་ཆུབ་སྒྲོལ་མ་དང་ལས་རོགས་ཚོས་གྲོང་ཚོའི་དུད་ཁྱིམ་ཚང་མར་བསྐྱོད་ནས་སློབ་མ་རྣམས་ལ་སློབ་སྦྱོང་གི་མཁོ་ཆས་དང་རྒན་རྒོན་ལ་དྲོ་འཇམ་གྱི་ཉལ་ཆས་སྤྲད་ཡོད་པ་རེད།  ཁོང་གིས ང་ཚོ་གཞི་རིམ་དུ་བསྐྱོད་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་དེ་འདྲ་ཐོབ་པ་ཧ་ཅང་ཡག་པོ་འདུག འདི་གར་ང་ཚོས་ཡུལ་དེ་གའི་མང་ཚོགས་ལ་རོགས་རམ་བྱེད་ཐུབ་པ་མ་ཟད་གཞི་རིམ་དུ་བཅའ་སྡོད་བྱེད་རིང་ལས་ཁུངས་ནང་ཤེས་མི་ཐུབ་པའི་ཤེས་བྱ་མང་པོ་ཤེས་བྱུངཞེས་བརྗོད།

ཁ་བྱང་ཕྱི་མོ། བོད་དུ་ལོ་ངོ ༥༠ ཡི་རིང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་སྤྱི་འབོར་ལྡབ ༡༣ འཕར་བ།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060