སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༢༠༢༠ལོར་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་འབོར་ཁྲི༤༨.༣ཟིན་རྒྱུ་རེད།
སྤེལ་དུས། 2014-10-13   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ནས་ཤེས་རྟོགས་པར་གཞིགས་ན།  བོད་རང་སྐྱོང་ལྗོངས་ཀྱི་ཡུན་རིང་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་འཆར་འགོད་གནད་བསྡུས་༢༠༡༠༢༠༢༠)》ཞེས་པ་དེ་གཞིར་བཟུང་ནས་སྤྱི་ལོ༢༠༢༠ལོར་སླེབས་སྐབས་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་འབོར་ཁྲི༤༨.༣ཟིན་པ་བྱ་རྒྱུ་ཡིན་པ་རེད།  

 བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་གི་ཐིང་ཀྲང་མཱ་ཞང་ཚུན་གྱིསད་ལྟའི་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ཁྱོན་ཡོངས་ཀྱི་ཆུ་ཚད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བར་ཧེ་བག་ཅུང་ཙམ་ཡོད་པ་དང་།   ཤེས་ལྡན་མི་སྣའི་དཔུང་ཁག་གི་ཁྱོན་ཡོངས་ཀྱི་བྱང་ཚད་སྔར་བས་འཐུས་ཚང་དུ་གཏོང་དགོསཅེས་གསུངས།   གྲངས་གཞི་ལས་མངོན་གསལ།  མིག་སྔར།  བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་འབོར་ཁྲི ༢༦.༩ཟིན་གྱི་ཡོད། 

 འཆར་འགོད་ལྟར་བོད་ལྗོངས་ཀྱིས་ཞིང་ལས་ཚན་རྩལ་དང་།  འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་གཞིར་བཟུང་དང་།   ཆེད་ལས་ཆུ་ཚད་གོང་མཐོར་དང་ནུས་སྟོབས་གསར་གཏོད་ལྟེ་བར་བྱས་པ།  ཆུ་ཚད་མཐོ་བའི་ཚན་ཁག་གི་སྣེ་ཁྲིད་མི་སྣ་དང་ན་གཞོན་གྱི་མཐོ་རིམ་ཆེད་མཁས་གསོ་སྐྱོང་བྱས་པ།   ཆུ་ཚད་མཐོ་བའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྐྲུན་པ་བཅས་བྱས་ནས།    ཤེས་ལྡན་མི་སྣའི་བྱང་ཚད་གོང་མཐོར་གཏོང་བའི་ལས་གཞི་དེ་བཞིན་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་དཀོན་པའི་གསོ་སྐྱོང་ལས་གཞི།  ཁྱད་ལྡན་གྱི་ཕུལ་བྱུང་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་ལས་གཞི་སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཆར་གཞི་རབ་དང་རིམ་པ་ལག་བསྟར་བྱས་ཏེ་སྤྱི་ལོ༢༠༢༠ལོར་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཁྱོན་ཡོངས་ནས་ལེགས་བཅོས་ཐུབ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།      

མཱ་ཞང་ཚུན་གྱིས་བོད་རང་སྐྱོང་ལྗོངས་མི་ཤུགས་དང་སྤྱི་ཚོགས་འགན་ལེན་ཚན་པས་རང་འགུལ་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དགོས་མཁོར་བསྟུན་ནས་སྤྱི་ལོ༢༠༢༠ལོར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་དང་ཚད་མཐོའི་དམིགས་ཚད་ལ་བློ་བརྟན་འགྱུར་མེད་གྱི་ཤེས་ལྡན་མི་སྣ་འགན་ལེན་དང་ཤེས་རིག་གི་རྒྱབ་སྐྱོར་ཡོངས་ཁྱབ་བྱ་རྒྱུ་ཡིན་པ་རེད།

ཁ་བྱང་ཕྱི་མོ། ༢༠༢༠ལོར་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་འབོར་ཁྲི༤༨.༣ཟིན་རྒྱུ་རེད།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060