སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་ནང་བསྟན་མཐུན་ཚོཊ་ཀྱི་བོད་ལྗོངས་ཡན་ལག་ཚོཊ་པས་བོད་བརྒྱུད་ནང་བསྟན་སྐོར་གྱི་འཆད་ཁྲིད་འཚོཊ་པ།
སྤེལ་དུས། 2016-12-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  བློ་ཕུན་གྱིས་བསྒྱུར།
          ཟླ12ཚེས4ཉིན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པས་ལས་འཛིན་སྦྱོང་བརྡར་འཛིན་གྲྭ་བསྡུས་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་ནས《བོད་བརྒྱུད་ནང་བསྟན་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་གཤིབ་བྱས་ཚེ། ད་གཟོད་གསོན་ཤུགས་རྒྱས་ཐུབ》ཅེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཁྲིད་གནང་།

          སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་མཆོག་གི་དགོངས་ཚུལ་ལྟར། མིག་སྔར་བོད་བརྒྱུད་ནང་བསྟན་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་བཟང་ཤོས་ཀྱི་དུས་རིམ་དུ་སླེབས་ཡོད་པ་དང་། གོ་སྐབས་ཀྱང་ལེགས་ཤོས་སུ་འཁེལ་བས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་གཤིབ་ཀྱི་ཆ་རྐྱེན་ཡོངས་སུ་རྫོགས་པ་ཡིན།དེའང་གཙོ་བོ། ལམ་ལུགས་ཐོག་གི་མཐུན་གཤིབ་དང་གོ་སྐབས་བཟང་པོ། དད་མོས་རང་དབང་ཐོག་གི་མཐུན་གཤིབ་དང་གོ་སྐབས་བཟང་པོ། ཀྲུང་ཧྭ་རིག་གནས་དང་ཆོས་ལུགས་རིག་གནས་གཉིས་ཕན་ཚུན་མཐུན་འདྲེས་ངང་འཕེལ་རྒྱས་འགྲོ་བའི་གོ་སྐབས་བཟང་པོ། དགོན་སྡེའི་དོ་དམ་ཐོག་ནས་མཐུན་གཤིབ་དང་གོ་སྐབས་བཟང་པོ། ནང་དོན་ཐོག་གི་མཐུན་གཤིབ་དང་གོ་སྐབས་བཟང་པོ། བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་ནས་མཐུན་གཤིབ་དང་གོ་སྐབས་བཟང་པོ་བཅས་ཡིན་པར་གསུངས།
          འཆད་ཁྲིད་ཐོག་ཏུ་ཁོང་ནས་བརྗོད་པར། དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ཏེ་མདུན་སྐྱོད་བྱེད་དགོས་ཤིང་། བར་ཆད་ཡོད་ཚད་སེལ་ཏེ་ཟམ་མ་ཆད་པར་གསར་སྤེལ་བྱེད་དགོས། “འགོ་ཁྲིད”ཀྱི་ཐོག་ཏུ་ནུས་ཤུགས་བཏོན་ནས། ཆབ་སྲིད་ཉིད་ཚེ་སྲོག་ཏུ་བརྩིས་ཏེ། ཡིད་རྟོན་འཕེར་བ་དང་།  སློབ་སྦྱོང་ཉིད་ཟ་མ་བཟའ་བ་ལྟར་དུ་གོམས་བྱང་ཡོད་དགོས་ཤིང་། སྒྲིག་ལམ་ཉིད་འགན་སྲུང་དུ་བརྩིས་ནས་བཀུར་གཟོ་བྱེད་དགོས་ལ། ལེགས་སྐྱེས་ཉིད་དམིགས་ཡུལ་དུ་བརྩིས་ནས་གནད་འགག་ཆེ་སར་ནུས་པ་ཐོན་དགོས་ཞེས་གསུངས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716