སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དགོན་སེར་དང་གོང་མའི་ཕོ་བྲང་།
སྤེལ་དུས། 2016-12-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          པེ་ཅིང་དགོན་སེར་ནུབ་མ་ནི་ཆིང་གོང་མ་ཧྲུན་ཀྲིའི་རིང་གི་གོང་མའི་དགོན་སྡེ་ཡིན་ཏེ།  པེ་ཅིང་དུ་བཅའ་སྡོད་བླ་མས་པེ་ཅིང་གི་བོད་བརྒྱུད་ནང་བསྟན་ལས་དོན་ཐག་གཅོད་བྱེད་སའི་ལྟེ་གནས་ལྟ་བུར་ཆགས་ཡོད་པ་རེད། གོང་མའི་ཕོ་བྲང་ནི་མིང་རྒྱལ་རབས་དང་། ཆིང་རྒྱལ་རབས་གཉིས་ཀྱི་གོང་མའི་བཞུགས་གནས་ཕོ་བྲང་ཡིན་ལ། དེ་ནི་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱེད་སའི་ལྟེ་གནས་ཀྱི་མཚོན་རྟགས་ཤིག་རེད། ཟླ12པའི་ཚེས8ཉིན་ནས་ཚེས9ཉིན་བར། ཆེད་མཁས་པ་མང་པོ་པེ་ཅིང་དུ་མཉམ་འཛོམས་བྱས་ཏེ་དགོན་སེར་ནུབ་མ་དང་ཕོ་བྲང་གཞིར་བྱས། “ དགོན་སེར་གླེང་སྟེགས” ཐོག་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ཟློས་གར་ལས་ཀྱང་མི་སེམས་སྒུལ་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དངོས་ལ་བགྲོ་གླེང་གང་ལེགས་མཛད་པ་རེད།
དགོན་སེར་ནུབ་མའི་མཆོད་རྟེན།
          དགོན་སེར་ནུབ་མའི་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧྲི་ཧའོ་ཡིས། ད་རེས་ཀྱི“ དགོན་སེར་གླེང་སྟེགས” ནི་འཚོགས་སྐབས་གསུམ་པ་ཡིན་ལ། དེ་ནི“ བོད་བརྒྱུད་ནང་བསྟན་རིག་གནས—— དགོན་སེར་དང་གོང་མའི་ཕོ་བྲང་” ཞེས་པ་བརྗོད་གཞིར་བཟུང་ཡོད་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཕོ་བྲང་རྙིང་མའི་རྟེན་མཛོད་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད་ཅེས་ངོ་སྤྲོད་གནང་བྱུང་།
          ཀྲང་ཧྲི་ཧའོ་ཡིས།  དགོན་སེར་དང་གོང་མའི་ཕོ་བྲང་བར་འབྲེལ་པ་དམ་པོ་ཡོད་དེ། དེས་ནི་ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་ཀྱི་བདག་དབང་འབྲེལ་བ་དམ་ཟབ་ཡིན་པ་ར་སྤྲོད་བྱས་ཡོད། “ ལྷ་ཁང་སེར་པོ་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་འཐུས་ཚབ་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཡིན་པ་མ་ཟད།   རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རྡོ་རིང་ཞིག་ཀྱང་རེད། གོང་མའི་ཕོ་བྲང་དུ་ཆིང་གོང་མའི་ཕོ་བྲང་ནང་གི་བོད་བརྒྱུད་ནང་བསྟན་གྱི་འདུ་ཁང65དང་།  བོད་བརྒྱུད་ནང་བསྟན་ཀྱི་རིག་དངོས་རྩ་ཆེའི་ཁྲི3ལ་ཉེ་བ་ཉར་ཚགས་གནང་ཡོད་པ་དང་། དེའི་ནང་པཎ་ཆེན་སྐུ་ཕྲེང་དྲུག་པ་གནས་སྐོར་འགྲོ་འོང་གི་རིག་དངོས་སོགས་ཀྱང་འདུས་ཡོད་ལ།  དེས་ནི་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཐད་བཞག་པའི་བྱས་རྗེས་ཀྱང་ར་སྤྲོད་བྱས་ཡོད་པ་མ་ཟད། མི་རིགས་ཁག་མཉམ་འདྲེས་དང་རིག་གནས་སྤེལ་རེས། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྒྱུ་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་སོགས་གཏོང་ཐད་ཀྱང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་རེད ”ཅེས་བརྗོད་བྱུང་།
          ཀྲང་ཧྲི་ཧའོ་ཡིས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ལ་ཞིབ་འཇུག་དང་། རིག་དངོས་རྩ་ཆེན་སྲུང་སྐྱོབ། ཕུལ་བྱུང་རིག་གནས་རྒྱུད་འཛིན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་པ་སོགས་བརྒྱུད་བོད་བརྒྱུད་ནང་བསྟན་རིག་གནས་ཀྱིས་མིག་སྔའི་སྤྱི་ཚོགས་གོང་འཕེལ་ཡོང་ཐད་བྱས་རྗེས་བླ་མེད་བཞག་ཡོད་པ་རེད། ཕྱོགས་འདི་དག་ནས་བལྟས་ན།  གླེང་སྟེགས་ལ་དོན་སྙིང་གཏིང་ཟབ་ལྡན་པ་རེད་ཅེས་ངོས་འཛིན་བྱེད་ཀྱི་འདུག
          ཕོ་བྲང་རྙིང་མའི་རྟེན་མཛོད་གླིང་ལ་གོང་སྨྲས་ཐད་ཞིབ་འཇུག་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་དེ།   རིག་དངོས་དང་གནའ་བོའི་འཛུགས་བསྐྲུན་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། གྲངས་འབོར་ཆེ་ཞིང་མི་ཕལ་བ་དག་གིས་མཐོང་དཀོན་པའི་ཆིང་ཀྲུང་དབྱང་སྲིད་གཞུང་གི་ལོ་རྒྱུས་ཡིག་ཚགས་ཀྱང་ཡོད་པ་རེད། ཕོ་བྲང་རྙིང་མའི་རྟེན་མཛོད་གླིང་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་ལོ་ཝུན་ཧྭ་ཡིས། དུས་རབས་སྔོན་མའི་ལོ་རབས་80 པ་ནས་འགོ་བརྩམས་ཏེ་ཕོ་བྲང་རྙིང་མའི་རྟེན་མཛོད་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་བྱ་བ་འགོ་བརྩམས་པ་ཡིན་ཞེས་ངོ་སྤྲོད་གནང་བྱུང་།
          ལོ་ཝུན་ཧྭ་ཡིས།  “འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་པེ་ཅིང་གི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་ཙམ་མིན་པར། གོང་མས་ཇི་ལྟར་བོད་བརྒྱུད་ནང་བསྟན་བརྒྱུད་ཕྱོགས་བཞི་བྱམས་ཀྱིས་བསྐྱངས་ཏེ། མི་རིགས་དང་ཆོས་ལུགས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ནུས་པ་འདོན་སྤེལ་བརྒྱུད།  བོད་སོག་ས་ཁུལ་ཧྲིལ་པོ་བརྟན་ལྷིང་དང་སྟངས་འཛིན་ཡོང་པའི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་ཆེད་རེད ” ཅེས་བརྗོད་བྱུང་ལ།  མིག་སྔར། གསེལ་དཀྲོལ་བྱས་པ་བརྒྱུད།  ཆིང་རྒྱལ་རབས་སུ་པེ་ཅིང་ལྟེ་བར་བྱས་ཏེ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ།  ཤིན་ཅང་། སི་ཁྲོན།  ཡུན་ནན། ཧྲའན་ཤིས་སོགས་ས་ཁུལ་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དར་ཁྱབ་བྱུང་པའི་འབྲེལ་བ་ཞིག་རིམ་བཞིན་ཆགས་ཡོད་པ་མངོན་གསལ་དུ་ཤེས་ཐུབ།
          ལོ་ཝུན་ཧྭ་ཡིས་དམིགས་བསལ་བསྟན་དོན།“ལྷ་ཁང་སེར་པོ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་སྐུ་ཕྲེང་དྲུག་པའི་གདན་ས་འདི་ག་ཡིན་པས་གོང་མ་ཚང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེར་གྱུར་བ་ཙམ་མ་ཡིན་པར ” ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ནི་ཚོགས་སྤྱི་ཞིག་ཡིན་ཞིང་། ལྷ་ཁང་སེར་པོ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཚང་གི་བོད་བརྒྱུད་ནང་བསྟན་གྱི་ཆ་ཤས་ཤིག་ཡིན་ཏེ། ལྷ་ཁང་སེར་པོའི་འགྲོ་གྲོན་ཡོད་ཚད་ཆིང་ཀྲུང་དབྱང་སྲིད་གཞུང་གིས་གཏོང་གི་ཡོད་པས་ལྷ་ཁང་སེར་པོ་ནི་གོང་མ་ཚང་གིས་ཐད་ཀར་དོ་དམ་བྱེད་ཀྱིན་པ་ཞིག་རེད་ཅེས་འགྲེལ་བཤད་གནང་བྱུང་།
          དེ་དང་ཆབས་ཅིག   དགོན་སེར་དུ་སྤེལ་བའི་ཆོས་ལུགས་ཆོ་ག་དང་། ཞིག་གསོ་བཅས་ནི་ཆིང་ཀྲུང་དབྱང་སྲིད་གཞུང་གཞུང་ཕྱོགས་ནས་བདག་དོམ་བྱེད་ཀྱི་ཡོད་པ་དང་། དགེ་འདུན་པ་འདི་གར་རབ་ཏུ་བྱུང་པ་དང་། དེའི་མི་གྲངས། མཁན་པོ་བསྐོ་གཞག་བྱེད་པ་སོགས་ཀྱང་གཞུང་ཕྱོགས་ནས་ཚོད་འཛིན་བྱས་ཏེ་གཏན་འབེབས་གསལ་པོ་གནང་ཡོད་པ་རེད།འདི་ནི་གོང་མའི་ཕོ་བྲང་དང་ཡཱོན་མིན་ཡོན་སྐྱེད་ཚལ།  དབྱི་ཧོ་སྐྱེད་ཚལ་གྱི་གོང་མ་ཚང་གི་དགོན་སྡེའི་ཐོབ་ཐང་དང་གཅིག་པ་གཅིག་རྐྱང་རེད།  དེར་བརྟེན“ ལྷ་ཁང་སེར་པོ་ནི་གོང་མའི་ཕོ་བྲང་གི་ལྕགས་རིའི་ཕྱི་རུ་ཆགས་ཡོད་ནའང་། དེ་དག་ཐམས་ཅད་གོང་མ་ཚང་གི་དགོན་སྡེའི་ཁོངས་གཏོགས་ཏུ་གྱུར་ཡོད་པ་རེད།” 
          རྒྱུས་ལོན་བྱུང་པར་གཞིགས་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་སོའོ། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན།  ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ། པེ་ཅིང་གི་དགའ་ལྡན་བྱིན་ཆགས་གླིང་། གཙང་བཀྲ་ཤིས་ལྷུན་དགོན།  ཤང་ཧྲན་དོ་དམ་ཁྲུའུ། ཁྲེང་ཏེ་ཕྱིའི་དགོན་པ་བརྒྱད་ཀྱི་དོ་དམ་ཁྲུའུ་སོགས་ལས་ཁུངས་དང་དེ་བཞིན་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་ཐའེ་ཝན། ཞང་ཀང་སོགས་ས་ཁུལ་གྱི་ཆེད་མཁས་དང་། ཆོས་ལུགས་རིག་གནས་ཚོགས་པ། ཁེ་ལས་པ་སོགས་འབྲེལ་ཡོད་མི་སྣ་དག་ཚོགས་འདུ་དང་ལྟ་སྦྱོང་གླེང་སྟེགས་སུ་ཞུགས་ཡོད་ཅིང་། ལོ་རྒྱུས་ཀྱི་འབྱུང་ཁུངས་ཡུན་རིང་པ་དང་། ཞིབ་འཇུག་གི་འབྲས་བུ་གསར་ཤོས་གང་དག་ཁྱབ་བསྒྲགས་བྱེད་རྒྱུའམ། ལོ་རྒྱུས་ཀྱི་མི་སྣ་དང་། དོན་རྐྱེན།  དངོས་རིགས་གསར་པ་གང་དག་ཀུན་གྱི་སྤྱན་སྔར་བཀྲམ་རྒྱུ་བཅས་ནི་ད་རེས་ཀྱི“ དགོན་སེར་གླེང་སྟེགས་” རིང་ཀུན་གྱིས་རེ་སྒུག་བྱེད་ཡུལ་ཤིག་ཏུ་གྱུར་ཡོད་པ་རེད།
          སྐབས་དང་པོའི“ དགོན་སེར་གླེང་སྟེགས” ནི“ གོང་མ་ཆན་ལུང་དང་པཎ་ཆེན་སྐུ་ཕྲེང་དྲུག་པའི་རིག་གཞུང་ཞིབ་བསྡུར་ཚོགས་འདུ” ཞེས་པ་བརྗོད་གཞི་ཡིན་ཏེ། སྤྱི་ལོ2013 ལོའི་ཟླ་10 པར་ཚོགས་པ་དང་། སྐབས་གཉིས་པའི་གླེང་སྟེགས་ཐོག“ དགོན་སེར་ནུབ་མ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་” ཞེས་པ་བརྗོད་གཞི་བྱས་ཏེ་སྤྱི་ལོ2015 ལོའི་ཟླ9པར་ཚོགས་པ་རེད། ད་ལོའི་བར་ཚོགས་སྐབས་གསུམ་བསྡུས་ཤིང་། གླེང་སྟེགས་སྐབས་སྔོན་མ་གཉིས་ཀྱིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཆེན་ཐེབས་ཡོད་པ་རེད།ཆེད་མཁས་མང་དག་ཅིག་གིས“ དགོན་སེར་གླེང་སྟེགས”ཀྱིས་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཐད་རིག་གཞུང་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་དང་ཆ་འཕྲིན་གསར་ཤོས་ཁྱབ་བསྒྲགས་བྱེད་སའི་སྡིངས་ཆ་ཞིག་བསྐྲུན་པ་ཡིན་ལ། དེའི་ནང་དོན་ཕུན་སུམ་ཚོགས་ཏེ་བོད་རིག་པ་དང་ཆོས་ལུགས། མི་རིགས་རིག་པ། ལོ་རྒྱུས་རིག་པ།  ཨར་སྐྲུན། རྩོམ་རིག   གནའ་རྫས་དཔྱད་ཞིབ།  རིག་དངོས་འགྲེམས་སྟོན།  དམངས་སྲོལ། སྐྱེད་ཚལ་རིག་གནས་སོགས་ཕྱོགས་མང་པོར་ཁྱབ་ཡོད་ཅིང་།  བོད་བརྒྱུད་ནང་བསྟན་རིག་གནས་སྲུང་སྐྱོབ་སྤེལ་རེས་དང་རྒྱུད་འཛིན་ལེགས་པོ་ཡོང་པར་རིག་གཞུང་གི་རྒྱབ་སྐྱོར་གང་ལེགས་མཛད་ཡོད་པ་མ་ཟད། རྒྱལ་ནང་གི་བོད་འབྲེལ་རིག་གཞུང་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ། བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་དགོངས་འགྲེལ་ཞིབ་འཇུག་དང་དྲིལ་སྒྲོག་ཁྱབ་སྤེལ་ལ་སྐུལ་འདེད་བྱེད་པ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་དང་རིག་གནས་དགོངས་འགྲེལ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་པར་སྐུལ་འདེད་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན།  སྤྱི་ཚོགས་འཆམ་མཐུན་སྐུལ་འདེད་བྱེད་པར་ནུས་པ་གང་ལེགས་ཐོན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716