སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་པ།
སྤེལ་དུས། 2016-12-29   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།
          ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཟླ་12ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུད་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཙུང་ལི་ལི་ཁེ་ཆང་གི《ཉེ་དུས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གནས་ཚུལ་སྐོར་གྱི་བློ་མཐུན་ཝུའུ་དབྱིང་ཅེའི་སྙན་ཞུའི》ཐོག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ། 2016ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྙན་ཞུ་ཉན་པ། 2017ལོའི་དཔལ་འབྱོར་ལས་དོན་དང་། 《དུས་བབ་གསར་པའི་འོག་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་འཚོ་བ་འགན་ལེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་སྟེ། དགུན་དུས་དྭངས་གཙང་དྲོད་ལེན་དང་། གད་སྙིགས་རིགས་དབྱེ། སྡོད་ཁང་རྒན་གསོ། བཟའ་བཅའ་བདེ་འཇགས་སོགས་མི་སེར་ཚོས་དོ་ཁུར་བྱེད་པའི་དམངས་འཚོའི་དོན་ཆེན་6གི་ཐད་ལ་གསུང་བཤད་གལ་ཆེན་དང་བཀོད་སྒྲིག་ཞིབ་ཕྲ་གནང་བ་དེ་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དམངས་ལ་བརྩེ་སེམས་འཆང་ལུགས་དང་ཏང་ཡོངས་ལ་མིག་དཔེ་ཡག་ཤོས་ཤིག་སྟོན་ལུགས་གང་ལེགས་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱེད་པ་དང་སེམས་རྣལ་དུ་ཕབ་ནས་གོ་བ་བླངས་ཏེ“འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱས་ནས་དཔལ་འབྱོར་མུ་མཐུད་འཕར་བ་བྱེད་པ་དང་ཆབས་ཅིག་སྔར་བས་གལ་འགངས་ཆེ་བ་ནི་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་བྱས་ནས་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ།
          རྒས་དུས་འཚོ་བརྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་མུ་མཐུད་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་པའི”བླང་བྱ་ལྟར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བྱས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱེད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་ནས་འགོ་བཙུགས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱི་ལོའི་ལས་དོན་ཐད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ནན་ཏན་ངང་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱར་གཞིར་བཟུང་མ་དངུལ་དེ་བས་མང་བ་ཞིང་འབྲོག་ཁུལ་དང་གཞི་རིམ་དུ་ཕྱོགས་པ་དང་། མ་དངུལ་དེ་བས་མང་བ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དང་དམངས་འཚོ་ལེགས་གཏོང་ལ་གཏོང་དགོས། ལས་དོན་གྱི་ཁྲོད་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རྒྱབ་སྐྱོར་དང་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། རྒྱལ་ཁབ་ཀྱི་མ་དངུལ་དང་སྤྱི་ཚོགས་ཀྱི་མ་དངུལ་འགུག་ཐབས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དུ་གཅིག་སྡུད་བྱེད་པ་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཉེ་སར་སྟབས་བདེ་སྐྲུན་པ་དང་། ཕ་ཡུལ་ནས་བྲལ་མི་དགོས་པ། བྱེད་ཐུབ་པ་དང་བྱེད་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། མཐོ་སློབ་སློབ་ཐོན་སློབ་མར་སྲིད་གཞུང་གིས་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱི་སྦྲེལ་མཐུད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། ལས་བྱེད་པར་ལས་ཀའི་འགན་འཁུར་རྒྱུར་སྐུལ་ལྕག་དང་སྐྱོན་སེལ་སྐྱོན་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ། དངུལ་རྩའི་སྲིད་ཇུས་དང་དངུལ་རྩའི་མ་དངུལ་བེད་སྤྱོད་ཡག་པོ་དང་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱིས་བུ་ལོན་མཉམ་ཁུར་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ནས། རང་ལྗོངས་ཀྱི་དཔལ་འབྱོར་མུ་མཐུད་བརྟན་ལྷིང་དང་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་གྱི“སྔོན་ཐོན་གཉིས”ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་མཛུབ་སྟོན་གལ་ཆེན་གནང་ནས་ལས་བྱེད་པ་རྒན་གྲས་ལ་ཚད་མཐོའི་གདེང་འཇོག་དང་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་བྱས་ཏེ་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ངོས་འཛིན་གཏིང་ཟབ་བྱ་རྒྱུ་ནི་ང་ཚོའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པས། བརྩི་བཀུར་དང་སེམས་ཁུར་ཆེན་པོས་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་སྒྲུབ་པ་དང་། འབྲེལ་ཡོད་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་པ། བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་ལས་བྱེད་པ་རྒན་གྲས་ལ་ཆབ་སྲིད་ཐད་གཟི་བརྗིད་ཀྱི་བསམ་པ་ལྡན་པ་དང་། རྩ་འཛུགས་ཐད་གཏོགས་སེམས་ལྡན་པ། འཚོ་བའི་ཐད་བདེ་སྐྱིད་ཚོར་སེམས་ལྡན་པ་བཅས་བྱེད་དགོས་པ་དང་། ལས་བྱེད་པ་རྒན་གྲས་དང་ལྷག་པར་དུ་གཞི་རིམ་དུ་ལེགས་སྐྱེས་འབུལ་མྱོང་བའི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་སྔར་བས་སེམས་ཁུར་བྱས་ནས་ཁོང་ཚོ་རང་ཉིད་ཀྱི་གཉེན་ཉེར་བརྩིས་ཏེ་དུས་རྒྱུན་དུ་ཁོང་ཚོའི་ཁྱིམ་དུ་བསྐྱོད་ནས་བརྩེ་སེམས་དང་། བསམ་བློ། འཚོ་བ་བཅས་དང་ཉེ་བཅར་ཐུབ་པ་དང་། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཁོང་ཚོས་ཚོར་ཐུབ་པ་བྱེད་དགོས་པ། ལས་བྱེད་པ་རྒན་གྲས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ལས་བྱེད་པ་རྒན་གྲས་ཀྱི་ནུས་པ་ལྷག་མ་མུ་མཐུད་འདོན་སྤེལ་བྱེད་དུ་བཅུག་ནས་ལྗོངས་ཡོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ། སྤྱི་ཚོགས་ཡོངས་ལ་ལས་བྱེད་པ་རྒན་གྲས་ཀྱི་ལོ་རྒྱུས་མཛད་རྗེས་དང་དཔེ་མཚོན་བྱས་རྗེས་དྲིལ་བསྒྲགས་ཟབ་མོ་བྱེད་པ་དང་ལས་བྱེད་པ་རྒན་གྲས་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ལས་བྱེད་པ་རྒན་གྲས་ལ་བརྩི་འཇོག་དང་། གཅེས་སྐྱོང་། སློབ་སྦྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་སྔར་བས་ཆགས་པ་བཅས་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཙུང་ལི་ལི་ཁེ་ཆང་གིས《ཉེ་དུས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གྱི་གནས་ཚུལ་སྐོར་གྱི་བློ་མཐུན་ཝུའུ་དབྱིང་ཅེའི་སྙན་ཞུར》མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་དང་རང་ལྗོངས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བར་ང་ཚོར་སེམས་འགུལ་དང་སྐུལ་མ་ཟབ་མོ་ཐེབས་བྱུང་བས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་བསམ་བློ་སྔར་བས་གཅིག་གྱུར་གྱིས་ཉེ་བའི་ལོ་ཤས་རིང་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་དང་ཁ་བྲལ་ཐབས་མེད་པའི་ངོས་འཛིན་གང་ལེགས་བྱས་ཐོག བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པའི་ཆོད་སེམས་བརྟན་པོར་བརྟེན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། ས་སྲུང་མཐའ་བརྟན། ནུས་རྒྱུ་གཙང་མ་བེད་སྤྱོད་གསར་སྤེལ། ཡུལ་གཞན་དུ་གནས་སྤོ། སྣོད་བཅུད་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་སོགས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་གྲུབ་འབྲས་ཐོབ་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་རྒྱལ་སྟོབས་ཆེ་བ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་རིམ་བྱུང་ཏང་ཨུད་ཚན་ཁག་གིས་བཏིངས་པའི་རྨང་གཞི་བཟང་པོའི་ཐོག་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་པ་དང་དོན་འཁྱོལ་བྱས་པ་བཅས་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ལ་གོ་བ་གཏིང་ཟབ་ལེན་པ་དང་། བོད་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ་ནི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཆོས་ལུགས་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ། སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་མཐའ་འཁྱོངས་བྱེད་པ། ཉེ་བའི་ལོ་ཤས་རིང་དགོན་སྡེའི་ཞབས་ཞུ་དོ་དམ་གསར་གཏོད་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ། གོ་སྐབས་ནུས་ལྡན་དམ་འཛིན་བྱེད་པ་དང་འགན་འཁྲི་ཁུར་ཕོད་པ་མཐའ་འཁྱོངས་བྱེད་པ། ཞབས་ཞུའི་ཁྲོད་དོ་དམ་བྱེད་པ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་ལུགས་ཅན་དང་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་ཐབས་གསར་པ་རང་འགུལ་ངང་ཇུས་འགོད་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་སྡོམ་ཁྲིམས་དང་བསྟན་དོན་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཡ་རབས་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། སྡོམ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་དང་མཐུན་པའི་བླང་བྱ་བཏོན་པ་དང་། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་གསལ་བཤད་བྱས་ན་ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཚོར་མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱེད་ཕྱོགས་སྲིད་ཇུས་ལ་བརྩི་སྲུང་བཅས་ལ་ཁྲིད་སྟོན་བྱེད་པ། ཁོང་ཚོའི་བསམ་བློ་དང་སྟོབས་ཤུགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཐུན་མོང་དམིགས་ཚད་ཐོག་གཅིག་སྒྲིལ་དང་། བློ་རིག་དང་སྟོབས་ཤུགས་འཕེལ་རྒྱས་ཐོན་སྐྱེད་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ། འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ཏུ་གཅིག་འདུས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་གང་གི་བདེ་སྐྱིད་འཚོ་བ་དོན་གཉེར་བྱེད་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་བསྟན་དོན་འགྲེལ་བཤད་དང་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཡོངས་ཀྱིས་ཆོས་ལུགས་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་དུ་འཇུག་དགོས། རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་གཞོགས་འདེགས་དམ་ཟབ་བྱས་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716