སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“མཁའ་དབྱིངས་ཀྱི་བོད་ལྗོངས·བོད་ཀྱི་ཐང་ག་རྩེ་གྲའི་འགྲེམས་སྟོན”པེ་ཅིང་དུ་འགོ་ཚུགས་པ།
སྤེལ་དུས། 2017-01-18   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་བཟང་གིས་བསྒྱུར།
          རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ད་ཕན་ལོ་ཤས་རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཀྱི་གྲུབ་འབྲས་དྲིལ་བསྒྲགས་དང་འགྲེམས་སྟོན་བྱས་ཏེ་རང་ལྗོངས་ཀྱི་ཐང་གའི་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ཀྲུང་གོ་མཛེས་རྩལ་ཁང་། ལྗོངས་རིག་གནས་ཐིང་། ལྗོངས་རིག་གཞུང་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“མཁའ་དབྱིངས་ཀྱི་བོད་ལྗོངས·བོད་ཀྱི་ཐང་ག་རྩེ་གྲའི་འགྲེམས་སྟོན”ཉེ་ཆར་ཀྲུང་གོའི་མཛེས་རྩལ་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རིག་གནས་པུའུ། ཀྲུང་གོའི་རིག་རྩལ་ལྷན་ཚོགས་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་མི་སྣ་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།
          བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐང་གའི་སྒྱུ་རྩལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས“བོད་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས”ཞེས་བརྗོད་བཞིན་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཁྲོད་ཧ་ཅང་རྩ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་ཞིག་རེད། ད་ཕན་ལོ་ཤས་རིང་། བོད་ཀྱིས་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་ཡོད།
          ད་ཐེངས་ཐང་གའི་འགྲེམས་སྟོན་ལ་བོད་ཀྱི་རི་མོ་མཁས་ཅན་དང་ཐང་གའི་སྒྱུ་རྩལ་མཁས་ཅན་གྱིས་བཞེངས་པའི་ཕུལ་བྱུང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཁག་གཅིག་ཡོད་པ་དང་བརྩམས་ཆོས་དེ་དག་ལ་རང་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད། དེར་མ་ཟད་ལྷ་འབྲི་བའི་ཁྲོད་དུ་བསླབ་པ་རྒན་གྲས་ཡོད་ལ་ད་ཕན་ལོ་ཤས་རིང་གསར་དུ་ཐོན་པའི་བོད་རིགས་གཞོན་སྐྱེས་ཀྱི་ཐང་གའི་དགེ་རྒན་ཡང་ཡོད།
          ད་ཐེངས་འགྲེམས་སྟོན་དེར་རིག་གནས་པུའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་འབྲེལ། ཀྲུང་གོའི་མཛེས་རྩལ་ཁང་གི་བོད་སྐྱོར་རྣམ་གྲངས་ལ་བརྩི་རྒྱུ་ཡིན་པ་རེད། འགོ་ཚུགས་མཛད་སྒོའི་ཉིན་དེར་ད་དུང་ཐང་གའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཡང་འཚོགས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716