སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སློབ་མས“ཡི་གེ་ཤེས་པར་བྱེད་པའི”རྨང་གཞིར་བླང་བྱ་གསར་པ་བཏོན་པ།
སྤེལ་དུས། 2017-02-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་9ཉིན་གློག་འཕྲིན་འབྱོར་གསལ། སྤྱི་སྐད་ཡག་པོ་ཤོད་པ་དང་། ཚད་ལྡན་ཡི་གེ་ཡག་པོ་སྤྱོད་པ། སྐད་ཡིག་གི་བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་བ་བཅས་ནི་སློབ་གྲྭས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཞི་རྩའི་ནང་དོན་ཞིག་ཡིན། ཚེས་9ཉིན་སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས་སློབ་གྲྭའི་སྐད་ཡིག་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཡོངས་བསྒྲགས་བྱས་ཏེ“ཡི་གེ་ཤེས་པར་བྱེད་པའི”རྨང་གཞིར་བླང་བྱ་གསར་པ་བཏོན་ཡོད།
          བསམ་འཆར་ནང་སློབ་གྲྭའི་སྐད་ཡིག་ལས་དོན་གྱི་སྤྱིའི་དམིགས་ཚད་ནི་སློབ་མའི་སྐད་ཡིག་བཀོལ་སྤྱོད་ནུས་པ་སྐྱེད་སྲིང་དང་དེ་བཞིན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རང་འགུལ་དང་ཚད་ལྡན་ངང་སྤྱོད་པའི་འདུ་ཤེས་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རང་འགུལ་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ཞིབ་ཕྲའི་དམིགས་ཚད་ནང་དགེ་རྒན་གྱི་དམིགས་ཚད་དང་སློབ་མའི་དམིགས་ཚད་སོ་སོར་བཏོན་ཡོད།
          དགེ་རྒན་གྱི་དམིགས་ཚད་ནང་ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་བྱེད་ཕྱོགས་དང་སྲིད་ཇུས་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱུས་མངའ་ཡོད་པ་དང་། སྤྱི་སྐད་ཀྱི་ཚད་གཞི་ལོན་པ། རྒྱ་ཡིག་བཀོལ་སྤྱོད་ཐད་ཚད་ལྡན་ཡོད་པ་དང་ཡིག་གཟུགས་ལེགས་པ། གྱེར་འདོན་གྱི་ཆུ་ཚད་དང་ཡིག་གཟུགས་དཔྱད་ཞིབ་ཀྱི་ནུས་པ་ངེས་ཅན་ལྡན་པ། འབྲེལ་ཡོད་སྐད་ཡིག་གི་ཚད་གཞི་ཁོང་དུ་ཟབ་མོ་ཆུད་པ། རིག་གནས་ཐད་རང་འགུལ་དང་གདེང་ཚོད་ཡོད་པ། སྤྱིར་ན་རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རང་འགུལ་ངང་ཁྱབ་གདལ་གཏོང་བའི་འདུ་ཤེས་དང་སྤོབས་སེམས་ལྡན་དགོས་པ་བཅས་རེད།
          སློབ་མའི་དམིགས་ཚད་ནང་སྤྱི་སྐད་ཆུ་ཚད་ལོན་པ་དང་། ཁ་སྐད་གསལ་པོ་ཤོད་པ་དང་གོ་བདེའི་སྤེལ་རེས་བྱེད་ཐུབ་པ། བབ་མཚུངས་ཀྱི་སློབ་མཚམས་སུ་ཤེས་དགོས་པའི་རྒྱ་ཡིག་དང་རྒྱ་སྐད་ཀྱི་སྒྲ་སྦྱོར་ཁོང་དུ་ཆུད་པ། སློབ་མཚམས་དང་འཚམ་པའི་ཡིག་ཐོག་གི་རྩོམ་འབྲིའི་ནུས་པ་དང་གྱེར་འདོན་ཆུ་ཚད་ལྡན་པ། མཐོ་སློབ་སློབ་མར་ཡིག་གཟུགས་དཔྱད་ཞིབ་ཀྱི་ནུས་པ་ངེས་ཅན་ལྡན་པ། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཀྱི་མོས་སེམས་དང་། སྤོབས་སེམས། རང་ཡིད་རང་ཆེས་ཀྱི་བསམ་པ་ལྡན་དགོས་པ་བཅས་རེད།
          སློབ་གསོ་པུའུ་དང་རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ལྷན་གྱིས《སློབ་གྲྭ་འབྲིང་ཆུང་གི་སྐད་ཡིག་ལས་དོན་གྱི་མཛུབ་ཁྲིད་ཚད་གཞི》དུས་གཅིག་ཏུ་པར་འགྲེམས་བྱས་ཏེ་ས་གནས་ཁག་ལ་སྔར་ཡོད་ལས་ཀའི་རྨང་གཞི་དང་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་འཚམ་པའི་འཛུགས་སྐྱོང་ཚད་གཞི་དང་སྐར་གྲངས་དཔྱད་བསྡུར་ཞིབ་བཟོའི་ཇུས་གཞི་བཟོས་ནས་སློབ་གྲྭའི་སྐད་ཡིག་ལས་དོན་ཚད་ལོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716