སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་བོད་རུམ་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་བསྐྲུན་རྒྱུ་ཡིན་པ།
སྤེལ་དུས། 2017-02-14   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ལྷག་པ་ཚེ་རིང་གིས་བསྒྱུར།
          ཉེ་ཆར་བོད་ཀྱི་བོད་རུམ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་བོད་རུམ་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་བསྐྲུན་རྒྱུ་ཡིན་པ་རེད།
          རྒྱུ་ཆ་གཙོ་བོ་བལ་དང་རྡོ་ཚོན་ཚོན་སྣར་བྱས་པ་དང་། དཔེ་རིས་ཇུས་འགོད་ཐུན་མོང་མ་ཡིན་པ། ཚོས་མདོག་རྣམ་པར་བཀྲ་བ། མཐོང་སྣང་མཛེས་པ་བཅས་ཀྱི་བོད་རུམ་ལ“གྲུམ་ཙེ”ཡང་ཟེར་གྱི་ཡོད་པ་དེ་དང་སྟག་གཟིག་གི་རུམ་དང་ཤར་ཕྱོགས་ཀྱི་སྒྱུ་རྩལ་རུམ་བཅས་ལ་འཛམ་གླིང་ཐོག་གི་རུམ་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད། བོད་རུམ་ལ་སྣ་ཁ་ཧ་ཅང་མང་པོ་ཡོད་པ་ལས་ཁ་གདན་དང་། ས་གདན། རྒྱབ་བསྙེས། འབོལ་གདན། འགེལ་རུམ་སོགས་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དངོས་མང་སྟོན་ཚོགས་དེ་ལོ་བརྒྱའི་ཉར་ཚགས་བོད་རུམ་འགྲེམས་སྟོན་དང་རབས་གསར་པའི་རྩེར་སོན་བོད་རུམ་འགྲེམས་སྟོན་གཉིས་སུ་ཕྱེ་ཡོད། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་འགྲེམས་སྟོན་ཁང་དུ་འགེལ་རུམ་དང་། ས་གདན། ཁ་གདན་སོགས་བརྩམས་ཆོས་སྣ་ཁ་200ལྷག་ཙམ་ཡོད་པ་ལས་ལོ་བརྒྱའི་ཉར་ཚགས་བོད་རུམ་སྣ་ཁ་100ལྷག་ཙམ་ཡོད། མ་གཞི་དེ་དག་ལོ་རབས་འདྲ་གི་མེད་མོད། འོན་ཀྱང་སོ་སོར་དགེ་མཚན་མི་འདྲ་བ་རེ་ཡོད། ལྟ་ཞིབ་ཞིབ་ཚགས་བྱས་ན་ཉར་ཚགས་བྱས་པའི་བོད་རུམ་ལ་གནའ་བོའི་ཉམས་འགྱུར་ལྡན་པ་དང་། རི་མོ་ཧ་ཅང་མཛེས་པ། རྩེར་སོན་བོད་རུམ་ཇུས་འགོད་ཀྱི་རྒྱུ་རྐྱེན་སྣ་ཁ་མང་བ་བཅས་ཀྱི་ཁར། སྲོལ་རྒྱུན་གྱི་ཉམས་འགྱུར་སྟེང་དབྱིན་ཏེ་ཨན་དང་ཡོ་རོབ་བྱང་མའི་ཉམས་འགྱུར་ཡང་བསྣན་ཡོད།
          གྲོང་མི་བཀྲ་ཤིས་ཀྱིས་ཀྲུང་གོ་གསར་འགྱུར་དྲ་བའི་གསར་འགོད་པར“བོད་རུམ་ནི་ང་ཚོ་བོད་རིགས་ཚོའི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན་པ་མ་གཏོགས་གཞན་ཤེས་ཀྱི་མེད། དེར་ད་དུང་སྒྱུ་རྩལ་གྱི་སྤྱན་གཟིགས་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པ་བསམ་བློར་འཁོར་མྱོང་མེད”ཅེས་བཤད།
          བྱེད་སྒོ་གཙོ་གཉེར་ཕྱོགས་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིའི་འགན་འཁུར་བས“དེ་རིང་འགྲེམས་སྟོན་བྱས་པའི་ལོ་བརྒྱའི་ཉར་ཚགས་བོད་རུམ་དེ་དག་ལས་སླ་པོར་བྱུང་བ་ཞིག་མ་རེད། དེ་དག་ནི་བོད་རུམ་སྒྱུ་རྩལ་རྒྱུན་འཛིན་པ་ཚེ་བརྟན་གྱིས་ལོ་30ལྷག་ཙམ་སྐུ་ལས་བསྐྱོན་ནས་རྒྱལ་ནང་གི་བོད་རིགས་ས་ཁུལ་དང་། དེ་བཞིན་ཨ་རི་དང་སུའེ་ཙེར་སོགས་རྒྱལ་ཁབ་ནས་འཚོལ་བསྡུ་བྱས་པ་ཤ་སྟག་རེད”ཅེས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716