སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རིག་གནས་ཀྱི་མེ་ཏོག་རབ་ཏུ་བཞད།
སྤེལ་དུས། 2017-02-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
བོད་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་སྤོས་པ།
          འདི་ལོ་ནས་བཟུང་། གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་རིག་གནས་ཀྱི་སྟོན་མོ་རྒྱུན་ཆད་མེད་པར་བཤམས་ཤིང་། 2017ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་བྲེལ་བརྩོན་ངང་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། བོད་ལྗོངས་ཀྱི་སྒྱུ་རྩལ་པ་ཚོས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་རིག་གནས་ཀྱི་སྟོན་མོ་གྲ་སྒྲིག་བྱེད་བཞིན་ཡོད་པ། ལྗོངས་ཡོངས་ཀྱི་སྐབས་དང་པོའི་ལོ་ཆུང་བྱིས་པའི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་འགྲེམས་སྟོན་བྱས་ནས་ཡིག་གཟུགས་དབྱིངས་པ་མང་པོ་ལྟ་སྐོར་བྱེད་པར་ཡོང་རྒྱུར་ཡིད་དབང་བཀུག་པ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་གྲོང་མི་རང་ཉིད་ཀྱིས་རྩོམ་སྒྲིག་དང་། འཁྲབ་ཁྲིད། འཁྲབ་སྟོན་བཅས་བྱས་པའི་ངོ་མཚར་འཁྲབ་ཚན་འཁྲབ་སྟོན་བྱེད་འགོ་ཚུགས་པ་སོགས།
          སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་དེ་དག་ལས་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
          རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བ།
          ལོ་གཅིག་རིང་། བོད་ལྗོངས་ཀྱི་རིག་རྩལ་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཡར་རྒྱས་བརྩོན་ལེན་བྱེད་པ། མཐུན་སྒྲིལ་འབད་འཐབ་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་བོད་ལྗོངས་ཀྱི་རིག་གནས་དང་། ཟློས་གར། བརྙན་འཕྲིན། རོལ་དབྱངས་སོགས་ཁྱབ་ཁོངས་ཐད་བརྩམས་ཆོས་སྤུས་ལེགས་རྒྱུན་ཆད་མེད་པར་ཐོན་པ་དང་ཤེས་ལྡན་མི་སྣ་ཡང་ཡང་དུ་ཐོན་ཏེ་རིག་གནས་བྱ་གཞག་ཐད་རྒྱུན་མཐུད་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།
སྲིད་ཇུས་ཀྱི་སྟོན་ཕྱོགས་དེ་བས་ཁ་གསལ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རིག་རྩལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དགུ་པའི་འགོ་འཛུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག་ལྗོངས་ཡོངས་ཀྱི་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས《བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་བྱས་པ་དང་། ལྗོངས་ཡོངས་ཀྱི་རིག་རྩལ་གསར་རྩོམ་དར་རྒྱས་གཏོང་བའི་དཔེ་ཀློག་འཛིན་གྲྭ་བདེ་བླག་ངང་གཉེར་ནས་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ། ཀྲུང་གོ་རིག་རྩལ་ལྷན་ཚོགས་དང་མཉམ་དུ“འཚོ་བ་དངོས་ནང་ཞུགས། རྩ་བ་དམངས་ལ་ཚུགས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་བ་དང་ལྗོངས་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་བརྒྱ་གྲངས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་སོགས་གྲོང་ཁྱེར་ལྔ་རུ་རིག་རྩལ་གསར་རྩོམ་གྱི་བློ་སྒོ་འབྱེད་པར་འཁྲིད་དེ་བོད་དང་འབྲེལ་བའི་རིག་རྩལ་བརྩམས་ཆོས་གསར་གཏོད་བྱ་རྒྱུར་མཐོང་ཐོས་མྱོང་སྒྲུབ་ཀྱི་དཔྱད་གཞི་འབོར་ཆེན་མཁོ་འདོན་བྱས་ཡོད།
          ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་ཆེན་པོ་ཡང་ཡང་ཐོབ་པ། བོད་ལྗོངས་ཀྱི་པར་རྒྱག་མཁས་ཅན་ཁྲེ་ཀང་ལ་སྐབས་བཅུ་གཅིག་པའི་ཀྲུང་གོ་པར་རྒྱག་གསེར་གྱི་བྱ་དགའ་ཐོབ་ནས་བོད་ཀྱི་པར་རྒྱག་ལོ་རྒྱུས་ཐོག་གི་སྟོང་ཆ་བསྐངས་ཡོད། བསྟན་པ་ཡར་རྒྱས་ཀྱི་བརྩམས་སྒྲུང་རིང་གྲས《ཁ་སང་གི་ཚོ་པ》ཞེས་པར་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི“རྟ་མཆོག་བྱ་དགའ”ཐོབ་པ་དང་ལྷ་མོ《རྒྱུད་སྐུད་སྟེང་གི་ལས་དབང》ཞེས་པར་སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་གྱི“ཟློས་གར་རིགས་ཀྱི་གསེར་གྱི་བྱ་དགའ”ཐོབ་པ་རེད།
          རིག་གནས་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ།
          ལོ་གཅིག་རིང་། བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཀྱིས་བོད་མི་རིགས་ཀྱི་རིག་གནས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གཏིང་ཟབ་བྱས་པ་དང་བོད་མི་རིགས་ཀྱི་རིག་གནས་ཁྱད་ཆོས་དང་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ་རིག་གནས་གསར་གཏོད་ལྟེ་བར་བྱེད་པ་དང་ཐོན་ལས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས་ཁྲོམ་རའི་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་དང་། “ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བར་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་ཐོན་ལས་ཀྱི་ལེགས་ཆ་འབུར་དུ་ཐོན་པའི་རིག་གནས་ཐོན་ལས་འཕེལ་རྒྱས་མ་ལག་ཅིག་རགས་ཙམ་ཆགས་པ་དང་འཐུས་ཚང་གི་རིག་གནས་ཐོན་ལས་མ་ལག་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ཆེ་མོ་དང་དར་རྒྱས་ཆེ་མོར་སྐུལ་འདེད་བཏང་ཡོད།
          ཐོན་ལས་འཆར་འགོད་ལ་སྐུལ་འདེད་བཏང་བ། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རིག་གནས་ཐོན་ལས་འཕེལ་རྒྱས་འཆར་འགོད》སྒྲིག་བཟོ་བྱས་པ་དང་རྒྱལ་ཡོངས་རིག་གནས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྒོར་དུང་ཕྱུར་12ཟིན་པའི་བོད་ཀྱི་རིག་གནས་རྣམ་གྲངས་140“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་འཇུག་རྒྱུ་གཏན་འཁེལ་བྱས་ཡོད། 2016ལོའི་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་གྱི་རྒྱབ་སྐྱོར་རྣམ་གྲངས་20གཏན་འཁེལ་བྱས་པ་དང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་སོགས་ཚན་པ་བདུན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་4690བརྩོན་ལེན་བྱས་ཡོད། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རོགས་སྐྱོར་ཁག་གཉིས་ཀྱི་རྣམ་གྲངས་ཁག་74རགས་ཙམ་གཏན་འཁེལ་བྱས་ཡོད།
          རིག་གནས་ཀྱི་ཚོང་འགུགས་རྒྱ་ཆེར་བཏང་བ། ཚོགས་སྒྲིག་བྱས་ནས་སྐབས་ཉེར་གཅིག་པའི་ཀྲུང་གོ(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ནང་ཞུགས་པ་དང་ཕུལ་བྱུང་གི་རྩ་འཛུགས་བྱ་དགའ་དང་ཕུལ་བྱུང་འགྲེམས་སྟོན་བྱ་དགའ་ཐོབ་ཡོད། མ་དངུལ་སྒོར་དུང་ཕྱུར་25ཙམ་བཏང་བའི་རིག་གནས་ཐོན་ལས་ཚོང་འགུགས་མ་འདྲེན་རྣམ་གྲངས་28ཡོད་པ་དང་བོད་ལྗོངས་ཀྱི་ལྷ་འབྲི་བ་མཁས་ཅན་ནོར་བུ་སྲི་ཐར་གྱི་ཐང་ག《དགའ་ལྡན་ལྷའི་གནས》ཞེས་པར“ཀྲུང་གོ་བཟོ་རྩལ་རི་མོའི་རིག་གནས་གསར་གཏོད་བྱ་དགའི”གསེར་གྱི་བྱ་དགའ་ཐོབ་ཡོད། སྐབས་ཉེར་དྲུག་པའི་རྒྱལ་ཡོངས་དཔེ་དེབ་དངོས་མང་སྟོན་ཚོགས་ནང་དཔེ་དེབ་སྣ་ཁ་600ལྷག་ཙམ་དང་ཕུལ་བྱུང(འོད་སྡེར)དཔེ་སྐྲུན་དངོས་པོ་6000ལྷག་ཙམ་འགྲེམས་སྟོན་བྱས་པ་དང་དཔེ་དེབ་བྲིན་ཚོང་དང་མངགས་ཉོར་སྒོར་ཁྲི་300ཙམ་ཟིན་གྱི་ཡོད།
          རིག་གནས་དང་དམངས་འཚོ་འགན་ལེན་ནུས་ལྡན་བྱས་པ།
          ལོ་གཅིག་རིང་བོད་ལྗོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་དོན་དུ་རིག་རྩལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་སེམས་པ་མང་ཚོགས་ལ་བཅངས་བ་དང་རྩ་བ་གཞི་རིམ་ལ་ཚུགས་ནས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་བ་དང་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་ཚོགས་པར་རོགས་སྐྱོར་བྱས་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་བརྩམས་ཆོས་བཏོད་པ་དང་གཞི་རིམ་དུ་བསྐྱོད་ནས་རིག་རྩལ་གཤམ་སྤེལ་བྱས་ཏེ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
          སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ། ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱབ་སྐྱོར་བྱས་པའི་བོད་ཀྱི་གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་དངོས་ཟོག་སྤྲོད་པའི་མཛད་སྒོ་སྤེལ་ཏེ་རིན་ཐང་སྒོར་ཁྲི་7276ཟིན་པའི་དངོས་ཟོག་སྤྲོད་པའི་ལས་དོན་བདེ་བླག་ངང་སྤེལ་བ་དང་འབྲེལ་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་ལས་ཁང་དང་། ལྗོངས་རིག་རྩལ་ལྷན་ཚོགས། ལྗོངས་གླུ་གར་ཚོགས་པ་བཅས་ཀྱིས་མ་དངུལ་སྒོར་ཁྲི་520དང་། སྒོར་ཁྲི་80 སྒོར་ཁྲི་60 སྒོར་ཁྲི་100བཅས་བརྩོན་ལེན་བྱས་ནས་གཞི་རིམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་གྲངས་གཞི་བསྡོམས་རྩིས་སྙན་འབུལ་ཞུས་ནས་གོམ་སྟབས་རྗེས་མར་ཀྲུང་དབྱང་དྲིལ་བསྒྲགས་པུས་བོད་དུ་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མ་དངུལ་སྒོར་དུང་ཕྱུར་1.16བཏང་སྟེ་འཕྲིན་ལམ་སྒྱུར་སྒམ་ཆ་ཚང་ཁྲི་34.1གཅིག་སྡུད་ཐོག་བརྗེས་ནས་ཞིང་འབྲོག་མང་ཚོགས་རླུང་འཕྲིན་ཉན་མ་ཐུབ་པ་དང་བརྙན་འཕྲིན་ལྟ་མ་ཐུབ་པའི་གནད་དོན་རྦད་དེ་ཐག་གཅོད་བྱས་ཡོད།
          “གཞི་རིམ་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ལོར”སྐུལ་འདེད་གཏིང་ཟབ་བཏང་བ། 《གཞི་རིམ་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་བརྗོད་དོན་གལ་ཆེན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་ས་ཁུལ་དང་གྲོང་ཁྱེར་གྱི་མང་ཚོགས་སྒྱུ་རྩལ་ཁང་དང་། རྫོང(ཆུས)ཕྱོགས་བསྡུས་རིག་གནས་བྱེད་སྒོ་ལྟེ་གནས། ཤིན་ཧྭ་དཔེ་ཚོང་ཁང་། ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས། གྲོང་ཚོ(དགོན་སྡེ)དང་ཞིང་པའི(དགོན་སྡེ)དཔེ་དེབ་ཁང་ཚང་མར་ཁྱབ་ནས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་དཔེ་དེབ་ཁང་6དང་། རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་74 གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པའི་གློག་བརྙན་སྟོན་མཁན་རུ་ཁག་478དམངས་ཁྲོད་ཀྱི་ལྷ་མོ་ཚོགས་པ་140ལྷག་ཙམ། གྲོང་གསེབ་ལ་རྒྱབ་སྐྱོར་བྱེད་པའི་ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་2400ལྷག་ཙམ། རིག་གནས་ཐང་ཆེན་1600ལྷག་ཙམ། རྫོང་རིམ་པའི་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ཁང་39བཅས་བསྐྲུན་ནས་གཞི་རིམ་གྱི་རིག་གནས་དྲིལ་བསྒྲགས་རུ་ཁག་སྔར་བས་སྟོབས་ཆེར་བཏང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716