སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ ཀྲུང་གོའི་གཏམ་རྒྱུད། ཀྲུང་གོའི་བོད་ལྗོངས”ཞེས་པའི་པར་རིས་འགྲེམས་སྟོན་སི་ལོ་ཝ་ཁེ་ནས་འགོ་ཚུགས་པ།
སྤེལ་དུས། 2017-03-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
          “ཀྲུང་གོའི་རིག་གནས་ཉིན་མོ”དང“ཀྲུང་གོའི་གཏམ་རྒྱུད། ཀྲུང་གོའི་བོད་ལྗོངས” ཞེས་པ་བརྗོད་གཞིར་བྱས་པའི་པར་རིས་འགྲེམས་སྟོན་དེ་ཟླ་2པའི་ཚེས་28ཉིན་བར་སི་ལོ་ཝ་ཁེའི་གྲོང་ཁྱེར་ཤིན་ཀྲ་མུའུ་ཅི་ནས་འགོ་ཚུགས་ཤིང་། སི་ལོ་ཝ་ཁེའི་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེན་ལིན་དང་། ཤིན་ཀྲ་མུའུ་ཅི་གྲོང་ཁྱེར་གྱི་གྲོང་གཙོ་ཁེ་ལེའེ་ཨེན། དེ་བཞིན་ས་གནས་དེ་གའི་ལས་རིགས་ཁག་གི་མི་སྣ་200ལ་ཉེ་བ་བྱེད་སྒོར་ཞུགས་ཡོད་པ་རེད།
          ཁེ་ལེའེ་ཨེན་གྱིས་ཤིས་ཚིག་སྒྲོན་སྐབས་རིག་གནས་སྤེལ་རེས་ནི་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཏེ། ད་རེས་ཀྱི་བྱེད་སྒོ་འདི་ནས་གཞི་ཚུགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱ་རྒྱུའུ་རེ་བ་བཏོན།
          ལེན་ལིན་གྱིས། ཤིན་ཀྲ་མུའུ་ཅི་གྲོང་ཁྱེར་ནི་སི་ལོ་ཝ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་“ ཀྲུང་གོའི་རིག་གནས་ཉིན་མོ”མཉམ་སྒྲུབ་བྱེད་མཁན་ཐོག་མ་ཡིན་ལ། “ ཀྲུང་གོའི་གཏམ་རྒྱུད། ཀྲུང་གོའི་བོད་ལྗོངས་” ཞེས་པའི་བརྗོད་གཞིའི་པར་རིས་འགྲེམས་སྟོན་འདི་ལོར་སི་ལོ་ཝ་ཁེ་རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་སྟོན་སྤེལ་ཡུལ་ཐོག་མའང་ཆགས་ཡོད་པ་རེད། ད་རེས་ཀྱི་བྱེད་སྒོས་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ས་གནས་དབར་འགྲོ་འོང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་པོ་ལོན་པར་སྐུལ་སྤེལ་གཏོང་ཐུབ་པའི་རེ་བ་ཡོད་ལ།  པར་རིས་འགྲེམས་སྟོན་གྱིས་ཀུན་ལ་མཛེས་སྡུག་ལྡན་པའི་ཀྲུང་གོའི་ས་གཞི་ཆེན་པོ་དང་། ཐུན་མོང་མ་ཡིན་པའི་ཀྲུང་གོའི་རིག་གནས། སྤྲོ་དགའ་མྱོས་པའི་ཀྲུང་གོའི་མི་དམངས། ཀྲུང་གོའི་རྣམ་པ་དངོས་དེ་མངོན་ནས་སི་ལོ་ཝ་ཁེ་མི་དམངས་ཀྱིས་ཀྲུང་གོའི་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་རྒྱུས་ལོན་ལ་སྐུལ་འདེད་ཐུབ་པའི་རེ་བའང་ཡོད་ཅེས་བསྟན་བྱུང་།
          ད་རེས་ཀྱི་བྱེད་སྒོ་འདི་ནི་སི་ལོ་ཝ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཤིན་ཀྲ་མུའུ་ཅི་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ཏེ། བྱེད་སྒོར“ ཀྲུང་གོའི་རིག་གནས་ཉིན་མོ” དང་པར་རིས་འགྲེམས་སྟོན་ཁག་གཉིས་ཡོད་ཅིང་། ངོ་སྤྲོད་བྱས་པར་གཞིགས་ན་པར་རིས་འགྲེམས་སྟོན་ནི་ཟླ་3ཚེས་12ཉིན་བར་རྒྱུན་བསྲིངས་རྒྱུ་རེད།
          “ཀྲུང་གོའི་རིག་གནས་ཉིན་མོའི” བྱེད་སྒོའི་ཁྲོད། ཡིག་གཟུགས་འབྲི་རྩལ་དང་ཇ་རྩལ། གནའ་བོའི་སྒྲ་སྙན། ཤོག་དྲས་སོགས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་རྣམ་གྲངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་ཀྱིས་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བརྒྱ་ལྷག་ཙམ་ལ་སྤྱན་གཟིགས་ཡོད་དབང་བཀུག་ཡོད་ཅིང་། བསམ་ཕྱོགས་བརྗེ་རེས་དང་ཕན་ཚུན་མཉམ་ཞུགས་གནང་རྒྱུ་དང་། པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་འབྲུག་རྩེད་དང་། དྲག་རྩལ་སོགས་འཁྲབ་སྟོན་ལ་ལྟད་མོ་བ་ཚོས་དགའ་བསུ་ཚད་མེད་གནང་ཡོད་འདུག
          སྐུ་མགྲོན་མི་ཉུང་བ་ཞིག་གིས། ད་རེས་ཀྱི་བྱེད་སྒོར་ཞུགས་པ་བརྒྱུད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཀྲུང་གོ་བས་ཡར་སྐུལ་བདེ་ཐང་གི་འཚོ་བའི་རྣམ་པ་སྔར་ལས་ལྷག་པའི་ངོས་འཛིན་ཐོབ་ཡོད་ཅིང་། གོ་སྐབས་སྔར་བས་མང་པོ་ཐོབ་པ་བརྒྱུད་ཀྲུང་གོར་ཤེས་རྟོགས་ཟབ་མོ་ཡོང་རྒྱུའི་རེ་བ་ཡོད་ཅེས་བསྟན་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716