སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧན་ཧྲུའུ་ལི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོའི་སྐད་འདི་ཐོས་ཐུབ་པར་བྱ་དགོས་ཞེས་སྨྲས།
སྤེལ་དུས། 2017-03-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།

  ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་དེ་པེ་ཅིང་དུ་འཚོག་ཉེ་ཡོད་ཅིང་། དེ་བསྟུན་ད་ལོའི་རྒྱལ་ཡོངས་ཀྱིཚོགས་འདུ་གཉིསཀྱི་ལས་རིམ་ཡང་འགོ་ཚུགས་པ་ཡིན་ལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2000ལྷག་ཙམ་སླར་ཡང་གཞི་གཅིག་ཏུ་འཛོམས་ནས་རྒྱལ་ཁབ་ཀྱི་ལས་དོན་ལ་གྲོས་བསྡུར་གནང་རྒྱུ་རེད།.
  ཟླ2པའི་ཚེས27ཉིན། མི་དམངས་ཚོགས་ཁང་ཆེན་མོར་ཐེངས་བཅོ་ལྔ་བར་ཕེབས་གྲབས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི། བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ཀྱི་ཡིག་རིས་གླིང་གི་འགོ་འཛིན་སྐུ་ཞབས་ཧན་ཧྲུའུ་ལི་ཡིས་ཀྲུང་གོའི་བོད་ལྗོངས་དྲ་བའི་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཏེ། ཉེ་ལམ་ལོ་བཅུ་གྲངས་རིང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་སྒྲུབ་རིམ་དང་། དེ་བཞིན་བོད་དུ་ལོ་ངོ་40 ལྷག་ཙམ་རིང་འཚོ་བ་རོལ་བ་དེས་ཁོ་ལ་སྒྱུ་རྩལ་བློ་རྟོགས་ག་འདྲ་སྐྱེད་སྐོར་ཕྱིར་དྲན་གནང་བ་རེད།
  སྲིད་གྲོས་ཀྱི་གྲོས་གཞི་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོའི་སྐད་འདི་ཐོས་རོགས་གནོང་།

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ངོས་ནས།  ཧན་ཧྲུའུ་ལི་ཡིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་རིག་གནས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་ཐད་ནུས་པ་འདོན་གི་ཡོད་དེ། ཁོ་རང་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་སྐབས་གསུམ་རིང་། བསྟུད་མར་གྲོས་གཞི་རྐྱང་པ35ལས་བརྒལ་བ་བཏོན་པ་དང་དེ་དག་ཀྱང་ཐང་གའི་སྒྱུ་རྩལ་དང་། བོད་ལྗོངས་མཛེས་རྩལ་ཁང་འཛུགས་པར་རེ་འབོད་བྱེད་པ་སོགས་ཐད་ཁྱབ་ཡོད་པ་དང་། དེའི་ནང་ཁོ་བོར་བག་ཆགས་ཟབ་ཤོས་ནིབལ་བོའི་བོད་འབྲེལ་དཔེ་དེབ་ཚོང་རའི་ཁྲོད་ཀྲུང་གོའི་སྐད་སྒྲ་མེད་པའི་གནད་དོན་ཐག་གཅོདསྐོར་གྱི་གྲོས་གཞི་དེ་རེད་འདུག

དེ་ནི2007 ལོའི་སྐབས་སུ།  སྐུ་ཞབས་ཧན་ཧྲུའུ་ལིསབོད་ཞི་བས་བཅིངས་འགྲོལ་གྱི་ལོ་རྒྱུས་རི་མོ་གསར་རྩོམ་གྱི་ལས་འགན་ཁུར་དུ་བཞེས་པ་རེད། དེ་ཡང་སྤུས་ཚད་མཐོ་ལ་ཁྱད་ཆོས་ལྡན་པ། ནང་དོན་གསར་བ་ཞིག་བྲི་རྒྱུ་མ་ཟད། རང་ཉིད་ཀྱིས་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་དང་བསམ་ཚོར་དེ་བྲི་ཆེད། ཧན་ཧྲུའུ་ལིས་རང་ཉིད་ལ་རི་མོའི་ངོས་ཀྱི་མི་སྣ80 ལྷག་ཙམ་གྱི་སྣང་བརྙན་ལ་ངེས་པར་དུ་བདེན་དཔང་ཁུངས་བཙན་ཡིན་དགོས་ལ།  དུས་རབས་20པའི་ལོ་རབས50བའི་དུས་འགོའི་བོད་རིགས་སྤུན་ཟླའི་དངོས་རྣམ། སྤྱོད་ལམ་བྱེད་སྟངས། རྒྱན་གོས་ཕྱི་དབྱིབས་མཚོན་པར་བྱས་ནས་ལོ་རྒྱུས་རང་བཞིན་བྲི་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

  དམིགས་འབེན་དེ་མངོན་འགྱུར་བྱ་ཆེད། ཁོ་རང་རྒྱལ་ཁབ་ཡིག་ཚགས་ཁང་དུ་ཕྱིན་ནས་ལོ་རྒྱུས་ཀྱི་དུས་སྐབས་དེའི་རིང་བོད་ལྗོངས་ཀྱི་མཐོ་རིམ་མི་སྣས་པེ་ཅིན་དུ་བྱེད་སྒོ་སྤེལ་ཚུལ་ལ་འདྲི་རྩད་བྱས་པ་མ་ཟད།  ད་དུང་གུང་གསེང་གི་དུས་ཚོད་བེད་སྤྱད་ནས་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུར་ཕྱིན་ཅིང་།  དུས་ཡུན་ཉིན་བཅུ་ལྷག་སྤྱད་ནས་བལ་བོའི་དཔེ་ཁང་ཆེ་ཆུང32 མྱུལ་ཚར་པ་དང་། རྒྱལ་ཁབ་ཕྱི་ནང་གི་མི་སྣས་བོད་ཞི་བའི་བཅིངས་འགྲོལ་བཏང་པའི་སྔ་རྗེས་སུ་པར་དུ་བླངས་པའི་མི་ཆོས་ཡུལ་ལྗོངས་དང་། རི་ལུང་ས་བབ་ཀྱི་བརྙན་པར།  རི་མོ་ཕྱོགས་བསྒྲིགས  པར་རིས་ཡོད་ཚད་སྔོག་ཚར་པ་རེད།

  དེ་ལྟར་ནའང་། ཡིག་ཆ་འཚོལ་བསྡུའི་ཞོར་དུ་སྐུ་ཞབས་ཧན་ཧྲུའུ་ལིས་གནད་དོན་ཞིག་རྙེད་པ་ནི། དཔེ་དེབ་དེ་དག་ཡོ་རོབ་དང་ཨ་རི་ནས་དཔེ་སྐྲུན་བྱས་པ་མིན་ན་འཇར་པན་པར་བསྐྲུན་བྱས་པ་ཡིན་འདུག་པ་ལས།  རྒྱལ་ནང་དུ་པར་སྐྲུན་བྱས་པའི་བོད་ཀྱི་སྐོར་གྱི་ཕྱི་ཡིག་དཔེ་དེབ་གཅིག་ཀྱང་མཐོང་རྒྱུ་མི་འདུག   ་དེ་བས་ཁོ་རང་རྒྱལ་ནང་དུ་ལོག་སྟེཚོགས་འདུ་གཉིས་ལ་ཞུགས་སྐབས། ཁ་བྱང་ལཀ་ཏ་མན་རྡུའི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་རར་ང་ཚོའི་སྐད་སྒྲ་མི་འདུགཅེས་པའི་གྲོས་གཞི་བྲིས་ཤིང་། ཁོ་རང་ལྟར་ན་རྒྱ་གར་དང་བལ་བོ་ནི་ཀྲུང་གོའི་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་འཐབ་ས་དང་པོ་ཡིན་པས། ཀྲུང་གོར་བོད་ཀྱི་སྐོར་གྱི་དཔེ་ཆ་བཟང་པོ་མི་ཉུང་བ་ཞིག་ཡོད་པ་རེད། ཡིན་ཡང་ས་ཆ་འདི་གར་ང་ཚོའི་དཔེ་དེབ་མཐོང་གི་མི་འདུག་ཅེས་པའི་གྲོས་གཞི་དེར་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་དང་མཛུབ་སྟོན་གནང་བ་དང་། དེ་འཕྲལ་ཀ་ཏ་མན་རྡུར་ཀྲུང་གོའི་དཔེ་ཁང་ཐོག་མ་སྒོ་ཕྱེས་པ་ཡིན་ལ། དེ་ནི་ད་ལྟའི་བར་ཀྲུང་གོའི་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀ་ཏ་མན་རྡུའི་ཡུལ་སྐོར་དུ་ཕེབས་དུས་སུ་ངེས་པར་དུ་འགྲོ་དགོས་པའི་གནས་ཤིག་ཏུ་ཆགས་ཡོད་པ་རེད་། ཁོང་གིསང་རང་རིག་གནས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན ཞིག་ཡིན་པའི་ངོས་ནས། བྱ་བ་སྒྲུབ་པ་དང་སྒྱུ་རྩལ་ལག་ལེན་གྱི་གོ་རིམ་ཁྲོད་གནད་དོན་རྙེད་པ་ཡིན་ལ། དེ་ཉིད་གྲོས་གཞི་ཞིག་ཏུ་བསམ་སྟེ་ཡིག་ཐོག་ཏུ་ཕབ་པ་དེ་ཡང་གཟི་བརྗིད་ལྡན་པ་ཞིག་སྣང་ཡོང ཞེས་བརྗོད་བྱུང་།

   ཉེ་བཅར་གསུམ་སྟེ་། འཚོ་བའི་ཆུ་རྒྱུན་རིང་མོའི་ཁྲོད་རང་ལ་དབང་པའི་ཆུ་ཐོམ་བུ་གང་ལེན་པ།

  བོད་དུ་ལས་ཀ་དང་འཚོ་བ་རོལ་ནས་ལོ་ངོ40 ལྷག་འདས་ཤིང་།  སྐུ་ཞབས་ཧན་ཧྲུའུ་ལི་ཡི་ཞབས་རྗེས་ནི་བོད་ཀྱི་རྫོང་70 ལྷག་ཙམ་དུ་ཁོད་ཡོད་པ་རེད།གཞིས་རྩེ་ས་ཁུལ་གཅིག་པུའི་ངོས་ནས་ཀྱང་། ཁོ་རང་སྔ་རྗེས་སུ་ཐེངས་93ལ་མཐའ་ཁུལ་གྲོང་སྡེ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་། དགོན་པའི་མཚམས་ཁང་བཅས་སུ་བསྐྱོད་ཡོད་པས། ཀུན་གྱིས་ཡིད་སྨོན་བྱེད་འོས་པ་ཞིག་རེད་མོད། ཁོང་གི་མིག་ལམ་དུ་དེ་ནི་རིག་རྩལ་ལས་དོན་པ་ཞིགདུས་རབས་དང་ཉེ་བར་བཅར་བ་དང་།མི་དམངས་དང་ཉེ་བར་བཅར་བ། འཚོ་བ་དང་ཉེ་བར་བཅར་བའིགོམ་པ་དང་པོ་ཙམ་ལས་མ་འདས་སོ།

  གོམ་པ་དང་པོ་དེ་ཤིན་ཏུ་གལ་ཆེ་བ་ཞིག་རེད་མོད། དེ་ལྟར་ནའང་སྐུ་ཞབས་ཧན་ཧྲུའུ་ལི་ཡིས་ད་དུང་གོམ་པ་གཉིས་པ་དེའང་ཡོད་དགོས་པར་བསམ་འདུག་ཅིང་། འཚོ་བའི་ཆུ་རྒྱུན་རིང་མོའི་ཁྲོད་རང་ལ་དབང་པའི་ཆུ་ཐོམ་བུ་གང་དེ་ཇི་ལྟར་ལེན་རྒྱུ་དེ་རེད། དེ་ཡང་ཁོང་གིས་སྒྱུ་རྩལ་པ་འཚོ་བར་ཟབ་ཞུགས་དང་མི་དམངས་མང་ཚོགས་ལ་ཉེ་བར་བཅར་བ།  བོད་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་པ་དང་དམངས་ཁྲོད་ལག་ཤེས་པར་ཉེ་བར་བཅར་པའི་དུས་མཚུངས་སུ། དེ་ནི་ཤུགས་རྐྱེན་ཐེབས་པ་དང་། སློབ་གསོ་ཐོབ་པ། བློ་སྐྱེད་འབྱུང་པའི་གོ་རིམ་ཀྱང་ཡིན་ཏེ། ཐང་ག་སྒྱུ་རྩལ་ནི་ཧ་ཅང་དཔེ་མཚོན་ལྡན་པ་ཞིག་རེད་ཅེས་གསུང་པ་ལྟར་རོ།

  སྐུ་ཞབས་ཧན་ཧྲུའུ་ལིས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དེ་སྔོན་རིག་རྩལ་བཞུགས་མོལ་ཚོགས་འདུ་དང་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་མྱོང་ཡོད་ལ། མིག་སྔའི་རིག་རྩལ་གསར་རྩོམ་ཐད་ལུས་པའི་གནད་དོན་མང་པོ་ཐག་གཅོད་བྱེད་ཐད་ཁ་ཕྱོགས་རང་བཞིན་གྱི་མཛུབ་སྟོན་གནང་ཡོད་དེ། དཔེར་ན། རིག་རྩལ་པ་དང་མི་དམངས་བར་གྱི་འབྲེལ་བ་དང་། རིག་རྩལ་བརྩམས་ཆོས་དང་ཀློག་པ་པོ། ལྟད་མོ་བའི་འབྲེལ་བ་ལྟ་བུ་སྟེ། སྒྱུ་རྩལ་པས་ཐོལ་རྒྱུགས་དང་། ནོར་དད། སྤྱོད་ལམ་ངན་པ་གསུམ་ལས་བརྒལ་ཐུབ་མིན་སོགས་ཀྱི་གནད་དོན་བཏོན་པ་དེ་དུས་ཐོག་དང་ཡང་དག་ཡིན་ལ་དེ་དང་ཆབས་ཅིག   སྤྱི་ཁྱབ་ཧྲུའུ་ཅིས་རིག་རྩལ་རྩོམ་རིག་ཁྲོད་ཀྱིས་མཐོདངམཐོ་རིམ་གྱི་ཧེ་བག་གསལ་བོར་བསྟན་ཡོད་ཅིང་དེ་ནི་ཀྲུང་དབྱང་གི་རེ་སྒུག་ཡིན་ལ་དེ་བས་ཀྱང་རྒྱལ་ཡོངས་མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་པའང་རེད་ཟེར།

  ཁོང་གིསང་རང་ཚུད་པའི་ནང་སའི་རི་མོ་བ་མང་པོ་ཞིག་ནི་སྙན་གྲགས་ཁེ་དབང་གིས་བསླུ་བྲིད་དང་། གཡོ་འགུལ་ཐེབས་ཡོད་མོད། ངས་ནི་ཕུལ་དུ་བྱུང་བའི་ཐང་ག་སྒྱུ་རྩལ་མཁས་ཅན་དང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཐོག་ནས་དེ་དག་གི་ཧེ་བག་མཐོང་བྱུང་ལ། དད་གུས་ཀྱང་རྟོགས་སོང་། ནམ་རྒྱུན་ང་རང་སྡོད་མི་ཚུགས་པའི་དུས་དང་ཅུང་ཙམ་སེམས་ཁྲལ་ཆེ་བའི་དུས་སུ། བརྩམས་ཆོས་འདི་དག་ཞིབ་མོར་བཀླགས་པ་ཡིན་ན་སེམས་ལྷོད་ལ་དབབ་ཐུབ་པས། ཐང་གའི་བརྩམས་ཆོས་ལེགས་གྲས་དེ་ཉིད་ནི་མ་གཞི་ནས་དྲང་ནུས་བརྗོད་ཐུབ་པའི་སྒྱུ་རྩལ་བརྩམས་ཆོས་ཤིག་རེདཅེས་བརྗོད་བྱུང་།

  ཐང་གའི་སྒྱུ་རྩལ་དེ་ལྷ་ཆོས་ནས་མི་ཆོས་སུ་ཕྱོགས་པ།

 མི་རྣམས་ཀྱི་སྤྱི་ཁྱབ་ངོས་འཛིན་ཁྲོད་དུ། བོད་ཀྱི་ཐང་ག་ནི་རྟག་པར་ལྷ་སྐུ་བརྙན་གཙོ་བོར་བྱེད་ཀྱིན་ཡོད་ནའང་།2012ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བ་བརྗོད་བྱ་གཙོ་བོར་བྱས་པའི་ཐང་ག་བརྒྱའི་ལས་གཞིའིཁྲོད།  སྲོལ་རྒྱུན་ཐང་གའི་འབྲི་རྩལ་དང་དེང་རབས་སྤྱི་ཚོགས་ཀྱི་བརྗོད་བྱ་གདོང་གཏུག་བྱུང་ཡོད་པ་རེད། ལས་གཞི་དེའི་འགན་ཁུར་བ་གཙོ་བོ་སྐུ་ཞབས་ཧན་ཧྲུའུ་ལི་ལགས་ཀྱིསབརྩམས་ཆོས་མང་ཤོས་ནི་ལྷ་ཆོས་ནང་དོན་ནས་མི་ཆོས་ནང་དོན་དུ་ཐོལ་བརྒལ་བྱུང་ཡོད་ཅིང་། དཀའ་ཚེགས་ཆེན་པོ་ལྡན་པའི་ངང་གོམ་པ་གལ་ཆེན་ཞིག་སྤོ་ཐུབ་པར་གྱུར་ཡོད་པ་རེད།

  ལོ་ངོ་བཞི་ལྷག་ཙམ་གྱི་རིང་། སྐུ་ཞབས་ཧན་ཧྲུའུ་ལིས་དང་ཐང་ག་རི་མོ་མཁས་ཅན་དེ་དག་གིས་མཉམ་དུ་མནོ་བསམ་དང་འབད་བརྩོན་བྱས་ངོར། ཕུལ་བྱུང་བརྩམས་ཆོས་མང་པོ་ཞིག་ལ་ཐང་གའི་ཐུན་མིན་ཁྱད་ཆོས་རྒྱུན་འཁྱོངས་གནང་ཡོད་པ་མ་ཟད། ནང་དོན་དང་ལག་རྩལ།བཟོ་དབྱིབས།  རྒྱུ་ཆའི་སྤུས་ཚད་སོགས་ཀྱི་ཐད་གསར་གཏོད་དང་ཚད་བརྒལ་བྱུང་ཡོད་པ་རེད། ཁོང་ལྟར་ན།  ཕུལ་བྱུང་བརྩམས་ཆོས་འདི་དག་ནི་རིག་གནས་གསར་གཏོད་ལས་གྲྭའི་གྲུབ་འབྲས་ཡིན་ལ། དེ་བས་ཀྱང་ལྷ་རིས་བ་རྣམས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་དང་། དགའ་ཕྱོགས་ཚད་མཐོའི་གཅིག་གྱུར་གནང་པ། སྒྱུ་རྩལ་ཁྲོད་བསྟིམ་པའི་ངལ་རྩོལ་གྱི་གྲུབ་འབྲས་ཀྱང་ཡིན་པས་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། དེ་མ་ཟད་ལྷ་རིས་བ་དག་ཀྱང་དེའི་ཁྲོད་སྦྱོང་བརྡར་དང་འཚར་ལོངས་བྱུང་ནས་སྒྱུ་རྩལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ལོན་ཡོད་པ་དང་། བོད་ཀྱི་རི་མོ་མཁས་ཅན་དང་ལྷག་པར་དུ་བོད་རིགས་ཀྱི་རི་མོ་བའི་དེང་རབས་བརྩམས་ཆོས་གང་ཡིན་རུང་ནང་ལོགས་ས་ཁུལ་དང་ཕྱི་ཕྱོགས་གང་དུ་བསྐྱོད་ཀྱང་སྤྱི་ཚོགས་ཀྱི་ཚུར་སྣང་དགེ་མཚན་ལྡན་ལ་དྲང་ནུས་ཐོན་པ་ཞིག་རེད་འདུག

  བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས།  སྐུ་ཞབས་ཧན་ཧྲུའུ་ལིས་དང་ཁོང་གི་ལས་རོགས་བོད་ཀྱི་མཛེས་རྩལ་འགྲེམས་སྟོན་ཚོགས་པ་ཐེངས་མང་རིང་ཕྱི་རྒྱལ་དུ་སོང་མྱོང་ཡོད་དེ། ཨ་རི་དང་ཧྥ་རན་སི། ཨོ་སི་ཁྲུ་ལི་ཡ། འཇར་པན།  སིང་ཀ་ཕོར།  བལ་བོ་སོགས་རྒྱལ་ཁབ་ཁག་ཏུ་ས་གནས་དེ་གའི་སྨྱན་སྦྱོར་དང་མང་ཚོགས་ཉེ་བཅར་འབྲེལ་འདྲིས་བྱས་ནས་ཕྱི་རྒྱལ་གྱི་ལྟད་མོ་བའི་བསམ་ཕྱོགས་ཐད་ཀར་དང་ལེན་གནང་ཡོད་པ་རེད།
             སྐུ་ཞབས་ཧན་ཧྲུའུ་ལི་ཡིས། ཕྱི་རྒྱལ་གྱི་ལྟད་མོ་བར སྔོན་ཆད་བོད་ཀྱི་རི་མོ་ནི་ཐང་ག་ཡིན་ཐག་ཆོད་དང་། བོད་ཀྱི་འཇིམ་བརྐོས་ནི་ཟངས་སྐུ་ཡིན་ཐག་ཆོད་ཀྱིབསམ་ཕྱོགས་ཨུ་ཚུགས་ཅན་ཞིག་ཡོད་པ་ལས། བོད་ཀྱི་སྒྱུ་རྩལ་པས་དེང་རབས་ཀྱི་སྒྱུ་རྩལ་ལྟ་བ་དང་། བྱེད་ཐབས་བཅས་བོད་རང་གི་མི་ཆོས་ཡུལ་ལྗོངས་ནང་འདྲེས་བར་བྱེད་ཐུབ་པ་ནི་བློས་དཔོག་གི་ཡོད་པ་མ་རེད། འགྲེམས་སྟོན་ལ་བཟོ་བཀོད་སྒྱུ་རྩལ་ཡོད་ལ། བོད་རིགས་རི་མོ་བས་རྒྱ་རིགས་ཀྱི་ཞོན་ཤོག་དང་། སྣག་ཚ་སྤྱད་ནས་བོད་ཀྱི་བརྗོད་བྱ་མཚོན་པར་བྱས་ཡོད་པ། མ་ཟད་རྒྱ་རིགས་རི་མོ་བས་ཐང་གའི་སྒྱུ་རྩལ་གྱི་སྐྱ་བྲིས་ལ་ཚོན་མདངས་བྱུགས་པ་སོགས་ཚད་མཐོན་པོའི་ཕུན་ཚོགས་རང་བཞིན་དང་མཉམ་འདྲེས་རང་བཞིན་གྱིས་མཛེས་དཔྱོད་ཀྱི་རྣམ་པར་ཐོལ་བརྒལ་བྱུང་ཡོད་ཅིང་།  དེ་དག་གིས་ཕྱི་རྒྱལ་གྱི་ལྟད་མོ་བས་མིག་དབང་འཕྲོག་ཡོད་པ་རེད།

  ཧན་ཧྲུའུ་ལི་ཡིས། བོད་རིགས་སྒྱུ་རྩལ་མཁས་ཅན་འདི་དག་གིས་ཐོག་མར་རང་མི་རིགས་ཀྱི་རིག་གནས་ལ་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་ལོན་ཡོད་པའི་དུས་མཚུངས་སུ་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་འཛམ་གླིང་ཁྱབ་ཁོངས་ཀྱི་རིགས་མི་འདྲ་བའི་སྒྱུ་རྩལ་གྱི་རྣམ་པ་དང་། སྒྱུ་རྩལ་གྱི་གྲུབ་མཐར་འབྲེལ་འདྲིས་བྱེད་ཐུབ་པ་བྱུང་པས་ན། ཁོ་ཚོས་རང་གི་རིག་གནས་ཀྱི་གནས་ཚད་དང་། རིག་གནས་ཀྱི་རང་རློམ་བརྟན་སྲུང་བྱས་པས་ད་གཟོད་ཕྱི་ཡོང་གྲུབ་མཐའི་ཉིང་བཅུད་བསྡུ་ལེན་བྱེད་ཐུབ་པར་གྱུར་པ་དང་།རང་གི་རིག་གནས་ཀྱི་ངོ་བོར་བསྒྱུར་བ་རེད། དེ་ལྟར་མིན་ཚེ།ཕྱིའི་རིག་གནས་ནི་ནམ་ཡང་ཕྱིའི་ཡིན་ལ།  གཞན་གྱི་དེ་ནི་མཐར་ཐུག་ཀྱང་གཞན་གྱི་རེད། རིག་གནས་ཀྱི་རང་རློམ་མེད་ཚེ། གཞན་གྱི་དེ་རང་ཕྱོགས་སུ་འགྱུར་མི་སྲིདཅེས་དང་།བོད་ཀྱི་སྒྱུ་རྩལ་མཁས་ཅན་རྣམས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རང་རློམ་ཞིག་ཡོད་ངེས་ཏེ། ང་ཚོའི་དམངས་ཁྲོད་སྒྱུ་རྩལ་གྱི་མདུན་ལམ་ནི་འོད་ཟེར་ལྡན་ལ་ཁོད་ཡངས་བ། ལྟད་མོ་བ་ནི་འཛམ་གླིང་ཡོངས་ལ་ཁྱབ་པ་ཞིག་ཡིན་པས། ངེས་པར་དུ་ཏན་ཏན་ཏིག་ཏིག་དང་འབད་བརྩོན་ལྷུར་བྱེད་དགོས་ཤིང་།  སྒྱུ་རྩལ་ནི་མཇུག་མཐར་སྤུས་ཚད་ལ་བརྟེན་དགོས་པས་ངེས་པར་དུ་དོན་དེར་ཡིད་ཆེས་བྱེད་དགོསཞེས་བརྗོད་བྱུང་།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716