སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཡངས་པའི་ས་གཞིའི་ཐོག་གླུ་དང་གར་ལ་རོལ།
སྤེལ་དུས། 2017-05-23   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
——2017ལོའི་རང་སྐྱོང་ལྗོངས་ཀྱི“འཚོ་བར་ཟབ་འཇུག་གིས་མི་དམངས་ཁྲོད་དུ་རྩ་བ་ཚུགས”ཞེས་པའི་རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོའི་སྐོར་གྱི་སྒྲིལ་གླེང་།
          ཉེ་ཆར་2017ལོའི་རང་སྐྱོང་ལྗོངས་ཀྱི“འཚོ་བར་ཟབ་འཇུག་གིས་མི་དམངས་ཁྲོད་དུ་རྩ་བ་ཚུགས”ཞེས་པའི་རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོའི་ནང་ཞུགས་པའི་རིག་རྩལ་མཁས་ཅན་རྣམས་ལ་སྐྱེལ་མ་གནང་བ་མ་ཟད། ཚང་མར་འཚོ་བར་ཟབ་འཇུག་ཧུར་ཐག་བྱེད་དགོས་པ་དང་། ཚོར་སྣང་སྐྱེན་པོས་འགྱུར་ལྡོག་རྟོགས་པ་བྱེད་དགོས་པ། དུས་རབས་ཀྱི་འཕོ་འགྱུར་ཤེས་ཚོར་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།
          འཚོ་བར་མྱོང་རོལ་གཏིང་ཟབ་བྱས།
          ད་ཐེངས་ཀྱི་རིག་རྩལ་རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་དེ་ཚོགས་ཆུང་གཉིས་སུ་བགོས་ཡོད། ལྗོངས་ནང་ཁུལ་གྱི་གྲགས་ཅན་རྩོམ་པ་པོ་དང་། གདངས་རྩོམ་མཁས་ཅན། ཚིག་རྩོམ་མཁས་ཅན། པར་རྒྱག་མཁས་ཅན། ཡིག་གཟུགས་མཁས་ཅན། འཁྲབ་གཞུང་རྩོམ་མཁན། རྩོམ་སྒྲིག་འཁྲབ་ཁྲིད་པ། ལྷ་མོ་མཁས་ཅན་སོགས་ཚུད་པའི་མི་30ཡིས་ལྷོ་ཁ་གྲོང་ཁྱེར་གྱི་སྣ་དཀར་རྩེ་དང་། ལྷོ་བྲག མཚོ་སྣ། ལྷུན་རྩེ། རྒྱ་ཚ། འཕྱོངས་རྒྱས་བཅས་རྫོང་6དང་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་དང་། སྨན་གླིང་། སྤོ་བོ། མེ་ཏོག ཀོང་པོ་རྒྱ་མདའ་བཅས་ཆུས་1དང་རྫོང་4རུ་རྒྱུ་ཆ་འཚོལ་བསྡུ་བྱེད་པར་བསྐྱོད་པ་དང་སྤྱིའི་ལམ་ཐག་སྤྱི་ལེ་5000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
          ཉིང་ཁྲིར་བསྐྱོད་པའི་རྒྱུ་ཆ་འཚོལ་བསྡུ་ཚོགས་པ་ཐོག་མར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་འབྱོར་བ་རེད། ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སྒྲོལ་མས“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྱར་སྐྲུན་བྱས་རྗེས་ངའི་མགྲོན་ཁང་གི་ཚོང་ཉིན་བཞིན་ཇེ་ཡག་ཏུ་འགྲོ་གི་འདུག་ལ་ཡོང་འབབ་ཀྱང་དེ་སྔོན་དང་བསྡུར་ན་ལྡབ་ཁ་ཤས་འཕར་འདུག”ཅེས་དགའ་དགའ་སྤྲོ་སྤྲོའི་ངང་བཤད། པར་རྒྱག་མཁས་ཅན་ཚོས་དེ་མུར་པར་བརྒྱབ་ནས་སྤྲོ་སྣང་ལྡན་པའི་སྐད་ཅིག་མ་དེ་རྟག་བརྟན་མི་འགྱུར་ཡོང་བར་བྱས།
          ལྷ་ས་ནས་ཡོང་བའི་རིག་རྩལ་མཁས་ཅན་རྣམས་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོར་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད། ད་ཆ་འཐུས་གྲོང་ཚོའི་ཡངས་ཤིང་དཀར་ཆ་དོད་པའི་བདེ་སྡོད་ཁང་པ་དང་གྲལ་སྟར་འགྲིག་ལ་གཙང་སྦྲ་དོད་པའི་སྲང་ལམ་དེ་ཕུ་མ་གཡུ་མཚོའི་ངོགས་ཀྱི་བཀྲག་མདངས་འཚེར་བའི་མཛེས་ལྗོངས་ཁུལ་གཞན་ཞིག་ཏུ་གྱུར་ཡོད། གྲོང་ཚོ་དེའི་ཚོན་ཀྲང་པད་མས“ཏང་གི་སྲིད་ཇུས་བཟང་པོའི་འོག་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་42ཀྱི་མི་159ཚང་མ་བདེ་སྡོད་ཁང་པར་སྤོ་རྒྱུ་བྱུང་སོང”ཞེས་དགའ་སྤྲོ་དང་བཅས་ཏེ་བཤད།
          གདངས་རྩོམ་མཁས་ཅན་ཚེ་རིང་པ་སངས་ཀྱིས“དཔེ་ཁང་ནས་དོན་ཏེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པར་མང་ཙམ་བསྐྱོད་ཚེ་གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཕུལ་བྱུང་བརྩམས་བྱ་རྩོམ་ཐུབ”ཅེས་མྱོང་ཚོང་ཟབ་མོའི་སྒོ་ནས་བཤད།
          ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་རྩོམ་པ་པོ་ཚེ་རིང་ནོར་བུས་འཚོ་བ་དང་གྱེས་པའི་བརྩམས་ཆོས་ནི་ཚེ་སྲོག་མེད་པ་ལྟ་བུའི་བརྩམས་ཆོས་ཡིན། རྒྱུ་ཆ་འཚོལ་བསྡུའི་བྱེད་སྒོ་དེ་རིགས་སྤེལ་ཚེ་གཞི་ནས་ལག་ལེན་ཁྲོད་ནས་རིག་རྩལ་བརྩམས་ཆོས་ཀྱི་གསོན་ཉམས་བསྡུ་ཐུབ་པའི་ངོས་འཛིན་བྱས།
          སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ།
          མེ་ཏོག་རྫོང་དུ་རིག་རྩལ་མཁས་ཅན་ཚོས་ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པ་ཚོ་དང་སྒོར་སྒོར་བྱྱས་ནས་བསྡད་དེ་ཅི་འཕྲོས་མོལ་འཕྲོས་བཤད་པའི་ཐོག་ནས་ཁོང་ཚོའི་བོད་སྐྱོར་སྐོར་གྱི་སྒྲུང་ཉན། ཡིག་གཟུགས་མཁས་ཅན་ཧྥན་ཞུའེ་ལི་དང་།མཛུབ་སྨྱོན་ལྷག་པ་ཚེ་རིང་། ཧའུ་ཧྭ་ཧྲེང་བཅས་ཀྱིས་གྲུབ་འབྲས་དང་སེམས་འགུལ་ཐེབས་ཚུལ་རེ་རེ་བཞིན་གླེང་བ་དང་ཆབས་ཅིག་ས་ཡུལ་དངོས་སུ་ཡིག་གཟུགས་བརྩམས་ཆོས་བྲིས་ཏེ་ཕུལ་བར་ཡུལ་དེའི་མི་རིགས་ཁག་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
          ས་བབ་སྨི་4700ཡོད་པའི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་བར་ལའི་ཕུག་ལམ་བསྐྲུན་ཡུལ་དུ་རིག་རྩལ་མཁས་ཅན་ཚོས་བདེ་འཇགས་ཞྭ་མོ་གྱོན་ཏེ་ཕུག་ལམ་དུ་འཛུལ་ནས་འཛུགས་སྐྲུན་བྱེད་ཚུལ་ཤེས་རྟོགས་བྱས་པ་དང་། ལྷ་ཉིང་ལྕགས་ལམ་རྫམ་ཟམ་ཆེན་བསྐྲུལ་ཡུལ་དུ་བཟོ་པ་ཚོའི་ལུས་ནས་མངོན་པའི“བཟོ་བོའི་སྙིང་སྟོབས”ལས་རིག་རྩལ་མཁས་ཅན་ཚོར་མོས་གུས་ཆེན་པོ་བྱུང་བ། རྫམ་གློག་ཁང་གི་ཡངས་ཤིང་དཀར་ཆ་དོད་པའི་གློག་གཏོང་འཁོར་ཁང་དུ་ཚང་མས་སྔོན་ཐོན་གྱི་གློག་གཏོང་ལག་རྩལ་ལ་བསྔགས་བརྗོད་ཡང་ཡང་བྱས། པར་རྒྱག་མཁས་ཅན་བཀྲ་དོན་གྱིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་དེང་རབས་ཀྱི་ཚན་རྩལ་རྒྱ་ཁྱབ་ངང་སྤྱད་པ་མཐོང་རྗེས་ང་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་སོང་ཞེས་གསར་འགོད་པར་བཤད།
          མི་དམངས་དང་དུས་རབས་ཀྱི་ཆེད་དུ་གླུ་དབྱངས་ལེན།
          རིག་རྩལ་མཁས་ཅན་ཚོས་ལྷུན་རྩེ་རྫོང་གཉལ་སྨད་ཤང་གསར་བརྗེའི་རགས་ཆེན་མདུན་དུ་ལངས་ནས་གསོན་ཤུགས་ལྡན་པའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། མུའུ་ཁྲིའི་ཚེར་སྡོང་གི་མདུན་དུ་ཧྲུའུ་ཅི་རྒན་པས་བཤད་པའི་བརྗེད་པར་དཀའ་བའི་གཏམ་རྒྱུད་ཉན་པ། འཕྱོངས་རྒྱས་རྫོང་གི་བློ་མཐུན་རིག་འཛིན་གྱི་སྔོན་ཐོན་བྱས་རྗེས་ཀྱི་བཤམས་སྟོན་ཁང་དུ་ཚང་མ་སེམས་འགུལ་ཐེབས་ཏེ་མིག་ཆུ་དབང་མེད་དུ་ཤོར་བ་མ་ཟད། ད་དུང་དེའི་ནང་མིར་རང་འགུལ་ངང་ཞལ་འདེབས་ཀྱང་ཕུལ།
          བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རྩོམ་སྒྲིག་འཁྲབ་ཁྲིད་པ་ཉི་མ་སྒྲོལ་དཀར་གྱིས་ང་ཚོས་ངེས་པར་དུ་དཔེ་མཚོན་དེ་དག་སྔོག་འདོན་གང་ལེགས་བྱས་ཏེ་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་སྙིང་སྟོབས་དེ་རིགས་ཀྱི་སྟོབས་ཤུགས་མངོན་པར་བྱེད་དགོས་ཞེས་བཤད།
          འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་རིག་རྩལ་དམངས་གཞས་ཀྱི་རྒྱུ་ཆ་འཚོལ་བའི་བྱེད་སྒོ་ནི་གཙོ་བོ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་སྤྲོའི་ངང་བསུ་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ བསམ་པའི་དཔལ་ཡོན་འཛུགས་སྐྱོང་། གྲོང་གསེབ་གསར་པ་འཛུགས་སྐྲུན། གཙོ་གནད་ལས་གྲྭ་འཛུགས་སྐྲུན། གནད་སྨིན་དབུལ་སྐྱོར། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ནང་དོན་གཙོ་བོར་དམིགས་ནས་སྤེལ་ཡོད།
          ད་ཐེངས་ཀྱི་རིག་རྩལ་དམངས་གཞས་ཀྱི་རྒྱུ་ཆ་འཚོལ་བའི་བྱེད་སྒོ་སྤེལ་བའི་དུས་ཡུན་ཐུང་བ་དང་། ལས་འགན་ལྕི་བ། ལམ་ཐག་རིང་པོ་བཅས་ཡིན་མོད། རིག་རྩལ་མཁས་ཅན་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ཞིང་འབྲོག་མང་ཚོགས་ཀྱི་གང་དྲན་དང་། གང་བསམ། གང་ཚོར་བཅས་ནན་ཏན་ངང་ཉན་པ་དང་། ཚ་ཚ་འུར་འུར་གྱི་ཐོན་སྐྱེད་འཚོ་བའི་ལག་ལེན་སེམས་རྣལ་དུ་ཕབ་ནས་ཉམས་སུ་མྱོང་བ། དུས་རབས་ཀྱི་འཕོ་འགྱུར་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཚོར་ཤེས་བཅས་བྱས་ཏེ་གསར་གཏོད་ཀྱི་བློ་རིག་སྔར་བས་སྐུལ་འཕེལ་དང་། གསར་གཏོད་ཀྱི་ཁུངས་སྣེ་སྔར་བས་འཚོལ་ཞིབ། གསར་གཏོད་ཀྱི་ཐོག་མའི་དཔྱད་གཞི་སྔར་བས་བསྡུ་རུབ་བཅས་བྱས་པས། ཚང་མས་ད་ཐེངས་ཀྱི་དམངས་གཞས་ཀྱི་རྒྱུ་ཆ་འཚོལ་བའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་རིག་རྩལ་བརྩམས་ཆོས་གསར་པ་མང་དག་ཅིག་བརྩམས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་ལག་རྟགས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716