སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྡེ་ཁག་བཞི་ཡིས་བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་ལག་བསྟར་འཆར་གཞི་བཟོས།
སྤེལ་དུས། 2017-12-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་གིས་བསྒྱུར།
          ཉེ་ཆར་སློབ་གསོ་པུའུ་དང་མཉམ་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུའུ།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་《བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་ལག་བསྟར་འཆར་གཞི་》བཟོས་པ་དང་། ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་ལ་བརྟེན་ནས་ལོ་རེར་ནང་ལོགས་ཀྱི་སློབ་གྲྭ་ནས་ཕུལ་བྱུང་དགེ་རྒན་སྐོར་ཅིག་བདམས་ཏེ། བོད་ལྗོངས་དང་ཤིན་ཅང་དུ་སོང་ནས་ས་གནས་སུ་སློབ་སྐྱོར་སྐུལ་ཁྲིད་དང་ས་གནས་ཀྱི་དགེ་རྒན་གསོ་སྦྱོང་། ཁྱོན་ཡོངས་ནས་བོད་ལྗོངས་དང་ཤིན་ཅང་གི་སློབ་གསོའི་ཆུ་ཚད་གོང་འཕེལ།  བོད་ལྗོངས་དང་ཤིན་ཅང་གི་སྤྱི་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་ཏང་གཅེས་རྒྱལ་གཅེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་པ་དང་ཡིད་རྟོན་རུང་བའི་རྒྱུན་འཛིན་པ་སྐྱེད་བསྲིང་ཐད་ལ་ཁག་ཐེག་བཟང་བོ་བྱེད་དགོས། ༢༠༡༨ལོར་བོད་ལྗོངས་དང་ཤིན་ཅང་།  དམག་ཁུལ་དུ་བོད་སྐྱོར་དགེ་རྒན་༤༠༠༠མངགས་རྒྱུ་ཡིན་པ་རེད།
          ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་གཞིགས་ནས་《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་གང་མགྱོགས་ཀྱིས་དབུས་ནུབ་རྒྱུད་ཀྱི་སློབ་གསོའི་འཕེལ་རྒྱས་སྐོར་གྱི་མཛུབ་ཁྲིད་བསམ་འཆར》སློབ་གསོ་པུའུ་བཅས་སྡེ་ཁག་བཞི་ཡིས་བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་ལེན་བསྟར་བརྒྱུད་དེ་བོད་ལྗོངས་དང་ཤིན་ཅང་དུ་ནང་ལོགས་ཀྱི་སློབ་གྲྭའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་རྒྱུན་གཏན་ལམ་སྲོལ་འཛུགས་རྒྱུ་ཡིན་པ་དང་། སློབ་གསོ་པུའུ་ཡིས་“ལུགས་མཐུན། རྒྱུན་མཐུད་དང་མངོན་འགྱུར་ཡོང་བའི་”རྩ་དོན་དང་བསྟུན་ནས་ལོ་རེར་ནང་ལོགས་ཀྱི་སློབ་གྲྭ་ནས་དགེ་རྒན་ཕུལ་བྱུང་ཅན་སྐོར་ཞིག་བདམས་ཏེ(ཆེད་ལས་དགེ་རྒན་དང་སློབ་གསོ་དོ་དམ་མི་སྣ་)བོད་ལྗོངས་དང་ཤིན་ཅང་ལ་སློབ་སྐྱོར་དུ་མངགས་རྒྱུ་རེད།
          རྩ་དོན་ཐོག་ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ནི་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་དང་རྩིས་ཚན་དགེ་རྒན་གཙོ་བོ་དང་བསླབ་ཚན་གཞན་ལ་ལྟ་རྟོག  སློབ་འབྲིང་གི་དགེ་རྒན་གཙོ་བོ་དང་སློབ་ཆུང་དུས་རིམ་གྱི་དགེ་རྒན་༡༠ནས་༢༠ཡིས་གྲུབ་པའི་ལས་དོན་ཚོགས་ཆུང་༡དང་།  སྐུལ་འདེད་ཚོགས་པས་སློབ་གྲྭ་༡ལ་རོགས་སྐྱོར་བྱེད་པའི་སྒྲིག་འཛུགས་བཟོས་ཏེ། བོད་སྐྱོར་དང་ཤིན་སྐྱོར་གྱི་ཆེད་ལས་དགེ་རྒན་གྱིས་གཙོ་བོ་རིག་ཚན་སློབ་ཁྲིད་དང་འཛིན་གྲྭའི་དོ་དམ་གྱི་ལས་འགན་ཁུར་ཏེ། སློབ་དཔྱོད་བྱ་འགུལ་ལ་རྩ་འཛུགས་དང་ཆེད་ལས་ཟབ་སྦྱོང་དང་སློབ་ཁྲིད་ལ་སློབ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་རྐང་འཛིན་དཔེ་སྟོན་ནུས་པ་ལ་བརྟེན་ནས་ཁྱོན་ཡོངས་ནས་སློབ་གྲྭའི་སློབ་ཁྲིད་ཀྱི་ཆུ་ཚད་དང་མི་སྣ་གསོ་སྐྱོང་དོ་དམ་བྱེད་ནུས་ལ་སྣེ་ཁྲིད་རྒྱུ་རེད། སློབ་གསོ་དོ་དམ་མི་སྣ་གཙོ་བོ་སློབ་གྲྭའི་དོ་དམ་ལས་དོན་ལ་དང་དོད་དང་སྐུལ་འདེད་བྱེད་པ།  རོགས་སྐྱོར་ཐོབ་པའི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་དོ་དམ་ཆུ་ཚད་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད།
          མངགས་གཏོང་བྱེད་པའི་དགེ་རྒན་གྱི་བླང་བྱ་ནི་ཆབ་སྲིད་ཀྱི་ཐད་ནས་བློ་ཁེལ་བ་དང་ཀུན་སྤྱོད་བཟང་བ། ལས་ལ་བརྩོན་པ། བྱ་བ་སྒྲུབ་ཐུབ་པ། ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཐུབ་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བྱ་བར་ནུས་པ་ཆེ་བ་དང་འགན་འཁྲི་ཡོད་པ། གཟབ་ནན་ཡིན་པ། དཀའ་སྡུག་ལ་མི་སྐྲག་པ། ལུས་ཕུང་བདེ་ཐང་ཡིན་པ། སློབ་གྲྭའི་དོ་དམ་གྱི་མི་སྣར་ད་དུང་འགོ་ཁྲིད་རྩ་འཛུགས་ཀྱི་ནུས་པ་དང་ཕུན་སུམ་ཚོགས་པའི་སློབ་གྲྭའི་དོ་དམ་གྱི་ཉམས་མྱོང་ལྡན་པ། རྩ་དོན་ཐོག་སློབ་གསོ་སློབ་ཁྲིད་དོ་དམ་ཆུ་ཚད་ཅུང་མཐོ་བའི་ནང་ལོགས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གིས་བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ནུས་པ་ཅན་རོགས་སྐྱོར་བྱེད་པར་མངགས་རྒྱུ་དང་།  རོགས་སྐྱོར་བྱ་ཡུལ་ལ་ཤིན་ཏུ་མཁོ་གལ་ཆེ་བའི་དགེ་རྒན་གྱི་དགོས་མཁོ་སྐོང་རྒྱུ་རེད། 
          གྲངས་འབོར་ཅུང་མང་བའམ་དཀའ་ངལ་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར་དུ་ཐོག་མར་དགེ་རྒན་འདེམས་མངགས་བྱེད་དགོས། དགེ་རྒན་གསར་བ་དང་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན། སྲིད་གཞུང་གིས་ཁྲོམ་རར་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ཀྱི་དགེ་རྒན་འདེམས་མངགས་བྱེད་པ་དང་ཡང་ན་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་ལ་དགེ་རྒན་གདན་ཞུ་བྱེད་དགོས། སྤྱིར་བཏང་དུ་སྐོར་དང་པོའི་དགེ་རྒན་གྱི་བོད་ལྗོངས་དང་ཤིན་ཅང་དུ་བྱ་བ་སྒྲུབ་པའི་དུས་ཡུན་ལོ་གཅིག་དང་ཕྱེད་ཀ་ཡས་མས་ཡིན། མཁར་གྲོང་གི་དགེ་རྒན་བོད་ལྗོངས་དང་ཤིན་ཅང་དུ་བྱ་བ་སྒྲུབ་པའི་ཁྲོད་དུ།  མངག་གཏོང་ལས་ཁུངས་དང་བོད་ལྗོངས་དང་ཤིན་ཅང་གིས་ཐུན་མོང་གི་དོ་དམ་བྱེད་པ་ལ་བརྟེན་ནས་གླ་ཕོགས་ཀྱི་ཚད་གཞི། ལས་ཐོབ་ཞིབ་བཤེར་དང་དཔྱད་ཞིབ་དཔྱད་བསྡུར་གཏན་འབེབས་བྱེད་པ་སོགས་བརྒྱུད་དེ་བོད་སྐྱོར་དང་ཤིན་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་སྲིད་ཇུས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། འགན་ལེན་ཐོབ་ཐང་སྟེང་ཕུལ་བྱུང་གི་འགན་སྲུང་དང་སྤྱོད་རྒྱུན་རིང་བ། དོ་དམ་ལ་མཐོང་ཆེན་དང་ཐུགས་ཁུར་བྱེད་དགོས། མཁར་གྲོང་གི་དགེ་རྒན་ལ་མཁོ་བའི་གྲོན་དངུལ་ནི་གོ་རིམ་གྱི་ཁ་གཏད་རོགས་སྐྱོར་བྱེད་པའི་བོད་ལྗོངས་དང་ཤིན་ཅང་ལ་དུས་ལྟར་གཏོང་རྒྱུ། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚང་མར་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་ཁ་གཏད་རོགས་སྐྱོར་མ་དངུལ་སྤྲོད་རྒྱུ་ཡིན་པ་རེད།
          སློབ་གསོ་པུའུ་སོགས་སྡེ་ཁག་བཞི་ཡིས་ཟུང་འབྲེལ་གྱི་འགན་ནུས་ཁག་བགོས་དང་། བྱ་བར་མཛུབ་ཁྲིད་དང་མཐུན་སྦྱོར། རྗེས་འདེད་ལྟ་ཞིབ་ཀྱི་ལས་དོན་སྒྲུབ་སྟེ།  ཐུན་མོང་རྩ་འཛུགས་ཀྱིས་བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་དངོས་འབེབས་བྱེད་རྒྱུ། ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་ལྗོངས་དང་ཤིན་ཅང་ཟུང་འབྲེལ་གྱིས་འགན་ནུས་ལས་བགོས་ཞིབ་ཕྲས་ལག་ལེན་དུ་བསྟར་རྒྱུ་དང་མི་སྣ་སྒྲིག་འཛུགས་བྱས་ཏེ་མངག་གཏོང་ལས་ཁུངས་དང་རོགས་སྐྱོར་བྱ་ཡུལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་དོན་འཁྱོལ་བྱས་ཏེ། འབྲེལ་ཡོད་གྲོན་དངུལ་དང་སྐུལ་ལྕག་འགན་སྲུང་གི་སྲིད་ཇུས། རོགས་སྐྱོར་དང་ལེན་ས་ཁུལ་དང་ལས་ཁུངས་ཀྱི་ཉལ་ཁང་། འགྲིམ་འགྲུལ་དང་བདེ་འཇགས་སོགས་ཀྱི་ཐད་ཞིབ་ཚགས་ཀྱིས་བོད་སྐྱོར་དང་ཤིན་སྐྱོར་དགེ་རྒན་གྱི་ལས་ཀ་དང་འཚོ་བའི་ཁོར་ཡུག  ཁོ་ཚོའི་སེམས་དྲོ་ཞིང་བློ་བདེ་བོ་ཡོང་བའི་ཆ་རྐྱེན་ཅི་ནུས་ཀྱིས་བསྐྲུན་དགོས། 
          གསར་འགྱུར། 
          སློབ་གསོ་པུའུ་ཡི་བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞིའི་ལག་བསྟར་ཇུས་གཞིའི་དྲི་བ་དྲིས་ལན། 
          སློབ་གསོ་པུའུ་དགེ་རྒན་ལས་དོན་སིའི་འགན་འཁུར་བར་《བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞིའི་ལག་བསྟར་ཇུས་གཞི་》དང་འབྲེལ་ནས་གསར་འགོད་པས་བཅར་འདྲི་བྱས་པ། 
          ཉེ་ཆར་སློབ་གསོ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་དང་མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ་《སློབ་གསོ་པུའུ་བཅས་སྡེ་ཁག་བཞི་ཡི་< བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞིའི་ལག་བསྟར་ཇུས་གཞིའི་》བརྡ་སྦྱོར་(གཤམ་དུ་བསྡུས་མིང་ལ་《ལག་བསྟར་ཇུས་གཞི་》)སློབ་གསོ་པུའུ་དགེ་རྒན་ལས་དོན་སིའི་འགན་འཁུར་པས་ཞིབ་འཇུག་གཏན་འབེབས་བྱས་པའི་ཡིག་ཆ་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཐད་ནས་གསར་འགོད་པར་དྲི་ལན་བཏབ་པ།
          གཅིག  ཁྱེད་ཀྱིས་《ལག་བསྟར་ཇུས་གཞི་》བཏོན་པའི་རྒྱབ་ལྗོངས་མཚམས་སྦྱོར་མདོར་བསྡུས་ཤིག་གསུང་རོགས། 
          དྲིས་ལན། གཅིག་ཏང་གི་ཚོགས་ཆེན་བཅུ་དགུ་བའི་བསམ་བློའི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱེད་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་གསར་བའི་དུས་རབས་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མི་དམངས་ཀྱི་ཁེ་ཕན་ཉིན་རེ་བཞིན་འཕར་ནས་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པའི་བར་གྱི་འགལ་བར་གྱུར་བ་རེད། དུས་མཚུངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་གང་མགྱོགས་སྒོས་འཛུགས་བསྐྲུན་དང་སྟོབས་ལྡན་དམངས་གཙོ་དཔལ་ཡོན་ཡར་རྒྱས། ངེས་པར་དུ་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་མངོན་འགྱུར།  ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱི་དར་རྒུད་ནི་སློབ་གསོར་འབྲེལ་ཡོད། དེའི་རྩ་བ་དགེ་རྒན་ཡིན། གོང་གི་རླབས་ཆེ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན།  ངེས་པར་དུ་སློབ་གསོ་དེང་རབས་ཅན་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་དགོས་ལ།  སྔོན་འགྲོའི་ཆ་རྐྱེན་ནི་ཤུགས་ཆེན་པོས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྱད་པར་དུ་གྲོང་གསེབ་དང་མི་རིགས་ས་ཁུལ་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན། གྲོང་གསེབ་ལེགས་འགྱུར་དང་མི་རིགས་ས་ཁུལ་གྱི་དགེ་རྒན་གྱི་ཐོན་ཁུངས་ལེགས་སྒྲིག  གྲོང་གསེབ་དང་མི་རིགས་ས་ཁུལ་དང་རྒྱལ་ཡོངས་ཀྱི་གཞི་རྩའི་སློབ་གསོ་དེང་རབས་ཅན་དུ་དུས་མཉམ་དུ་བསྒྱུར་དགོས།  
          གཉིས་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་རྒྱལ་ཁ་ཐོབ་དགོས། དབུལ་ཐར་འགག་སྒྲོལ་གྱི་བྱ་བར་རྒྱལ་ཁ་ཐོབ་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཡིན། དབུལ་སྐྱོར་བྱེད་ན་ཐོག་མར་རྨོངས་སེལ་བྱེད་དགོས། དབུལ་སྐྱོར་བྱེད་དགོས་ན་ཐོག་མར་ཤེས་རབ་དང་བློ་གྲོས་ཡོད་དགོས། དབུལ་ཕོངས་ཀྱི་སྣང་ཚུལ་མི་རབས་ནས་མི་རབས་སུ་བརྒྱུད་མི་འདོད་ན། རྩ་བ་ནི་སློབ་གསོར་བརྟེན་དགོས།  འགག་རྩ་དགེ་རྒན་ཡིན། གྲོང་གསེབ་དང་མི་རིགས་ས་ཁུལ་གྱི་བྱིས་པར་སློབ་གསོ་ལེགས་པོ་མྱོང་དུ་འཇུག་པ་ནི་དབུལ་ཕོངས་མེད་བརླག་ཏུ་གཏོང་བའི་རྩ་བའི་ཇུས་གཞི་ཡིན། བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ལག་བསྟར་དང་།  ཁ་གཏད་རོགས་སྐྱོར་བྱེད་པའི་སྒྲིག་སྲོལ་བརྟན་པོའི་འོག  རྩ་འཛུགས་ནང་ཁུལ་གྱི་ཕུལ་བྱུང་དགེ་རྒན་དག་བོད་ལྗོངས་དང་ཤིན་ཅང་དུ་སློབ་སྐྱོར་སྐུལ་ཁྲིད་དང་ཟབ་སྦྱོང་། ས་གནས་དེ་གའི་དགེ་རྒན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུའི་ལས་ཀའི་བྱང་ཚད་ལེགས་པོ་དང་། གྲོང་གསེབ་དང་མི་རིགས་ས་ཁུལ་གྱི་དགེ་རྒན་གྱི་དཔུང་སྡེར་ལེགས་སྐྱེས་འབུལ་བ་དང་སློབ་གསོའི་རྩ་བ་ཚུགས་པར་བྱེད་དགོས།  དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཕོངས་ཀྱི་རྩ་བ་སློག་ན་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
          གསུམ་མཐའ་མཚམས་ཡུན་རིང་བདེ་འཇགས་འོང་བ་ནི་དགོས་མཁོ་གལ་ཆེན་ཞིག་རེད། བོད་ལྗོངས་དང་ཤིན་ཅང་གི་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ཡིན།  ཁྱོན་ཡོངས་ནས་བོད་ལྗོངས་དང་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་རྒྱུ་ནི་ཏང་གི་བརྟན་བརླིང་།   གཏན་གྱི་བཅོས་སྐྱོང་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“མི་རིགས་བྱ་བ་ཡག་པོར་འོང་བའི་ཆེས་འགག་རྩ་ནི་མི་རིགས་ཀྱི་མཐུན་སྒྲིལ་ཡིན།  དེར་ཆེས་ནུས་པ་ཡོད་པ་ནི་མི་སེམས་འགུག་རྒྱུ་དེ་ཡིན་”ཞེས་པ་དང་“སློབ་གསོ་ནི་མི་རབས་རྗེས་མའི་བླ་སྲོག་འཕྲོག་ལེན་བྱེད་པའི་བཟོ་བསྐྲུན་ཞིག་ཡིན”ཞེས་གསུངས་པ་དང་། དགེ་རྒན་གྱི་དཔུང་སྡེ་ཡག་པོ་ཞིག་གསོ་སྐྱོང་དང་སྐྱེད་སྲིང་བྱས་ཏེ།  སློབ་གསོ་ཡར་རྒྱས་སུ་གཏོང་དགོས།   རིག་གནས་ངོས་ཟིན་དང་གཅིག་མཐུན་ཡོང་བར་བརྩོན་དགོས། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞི་ཡག་པོ་ཞིག་བསྐྲུན་དགོས། ཧུར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་གསོ་སྐྱོང་བྱེད་དགོས་པ་དང་།  འདི་ནི་བོད་ལྗོངས་དང་ཤིན་ཅང་གི་ཡུན་རིང་བདེ་འཇགས་མངོན་འགྱུར་ཡོང་བའི་རྩ་བ་ཡིན། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་དང་ཤིན་ཅང་གི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཧུར་ཐག་གིས་ཤུགས་སྣོན་བྱས་ཏེ། བོད་ལྗོངས་དང་ཤིན་ཅང་གི་བྱིས་པ་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཡིད་རྟོན་རུང་བའི་རྒྱུན་འཛིན་པར་གསོ་སྐྱོང་བྱེད་དགོས།  མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་མ་གཏོང་བའི་སྲ་བརྟན་གྱི་ཀ་རྡོ་ལྟ་བུར་འགྱུར་དགོས།
          བཞི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དངོས་ཡོད་བྱ་འགུལ་ལ་བརྟེན་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚད་མཐོའི་སྒོ་ནས་གྲོང་གསེབ་དང་མི་རིགས་ས་ཁུལ་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་གྱི་ལས་དོན་ལ་མཐོང་ཆེན་བྱས་ལ། ཞི་ཅིན་ཕིང་གིས་༢༠༡༤ལོའི་དགེ་རྒན་གྱི་དུས་ཆེན་དང་༢༠༡༦ལོའི་དགེ་རྒན་གྱི་དུས་ཆེན་དུ་ཚང་མར་གསལ་པོར་བསྟན་ཡོད། གྲོང་གསེབ་ཀྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་ནུས་ཆེ་རུ་བཏང་ནས་གོ་ཆོད་པའི་སྲིད་ཇུས་གཏན་འབེབས་དང་ཕུགས་བསམ་ལྡན་པའི་གཞོན་ནུ་མང་བོ་གྲོང་གསེབ། མཐའ་འཁོབ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་སློབ་གསོའི་བྱ་བཞག་ལ་བྱས་རྗེས་འཇོག་ཏུ་འགྲོ་དགོས།  བོད་ལྗོངས་དང་ཤིན་ཅང་གི་བྱ་བར་ཤུགས་ཆེ་རུ་བཏང་ནས་སློབ་གསོས་བོད་སྐྱོར་བྱེད་ནུས་ཆེ་རུ་གཏོང་དགོས། གཙོ་བོར་རྩིས་དངོས་རྫས་གསུམ་གྱི་རིག་གཞུང་ཚན་ཁག་དང་ནང་ལོགས་ཀྱི་དགེ་རྒན་གྱིས་བོད་སྐྱོར་བྱ་བར་ཤུགས་བསྣན་ཏེ། ༢༠༡༥ལོའི་ཟླ༥པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་《  མགྱོགས་མྱུར་སྒོས་དབུས་ནུབ་རྒྱུད་ཀྱི་སློབ་གསོའི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་འཆར་》འགྲེམས་སྤེལ་ལག་བསྟར་བྱས་པ་དང་།  བོད་སྐྱོར་དང་ཤིན་སྐྱོར་ལ་དགེ་རྒན་ཁྲི་ཡི་སློབ་སྐྱོར་དངོས་འབེབས་བྱེད་པའི་འཆར་གཞི་བཏོན། དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་ནི་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ཡིན་ལ། བོད་ལྗོངས་དང་ཤིན་ཅང་སོགས་ས་ཁུལ་གྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་གྱི་གསར་གཏོད་ཅིག་ཀྱང་ཡིན།  བོད་ལྗོངས་དང་ཤིན་ཅང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གལ་ཆེའི་དམངས་སེམས་ལས་གཞི་དང་དམངས་འཚོའི་ལས་གཞི་ཞིག་ཀྱང་ཡིན།
          གཉིས།  ཁྱེད་ཀྱིས་《ལག་བསྟར་ཇུས་གཞི་》ཞིབ་བཟོ་བྱས་པའི་བརྒྱུད་རིམ་ཞིག་མཚམས་སྦྱོར་ཞིག་བྱེད་རོགས།
          དྲིས་ལན། གཅིག་གཏིང་ཟབ་པའི་བྱ་བའི་དོན་རྟོགས་དགོས། ཐེངས་མང་བོར་བོད་ལྗོངས་དང་ཤིན་ཅང་། ལྷག་དོན་ཤིན་ཅང་གི་ཐོན་སྐྱེད་དུ་འཛུགས་སྐྲུན་ བྱེད་པའི་དམག་ཁུལ་གྱི་སློབ་གསོའི་སྡེ་ཁག་ལ་འབྲེལ་འདྲིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་《 བོད་ལྗོངས་དང་ཤིན་ཅང་སློབ་འབྲིང་གི་དུས་རིམ་གྱི་འབྲེལ་ཡོད་རིག་གཞུང་ཚན་ཁག་གི་དགེ་རྒན་གྱི་དགོས་མཁོའི་མི་གྲངས་ཀྱི་བསྡོམས་རྩིས་ལས་དོན་སྐོར་གྱི་བརྡ་ཐོ་》སྤེལ་བ་དང་།  རོགས་སྐྱོར་བྱ་ཡུལ་གྱི་དགོས་མཁོའི་ཕྱོགས་བསྡུས་བསྡོམས་རྩིས། ཞིབ་བཟོ་བྱས་པའི་《ལག་བསྟར་ཇུས་གཞི་》ལ་རྨང་གཞི་བཏིངས། 
          གཉིས་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་འབྲེལ་མཐུད་བྱས་པ། ཁ་གཏད་བོད་སྐྱོར་དང་ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་མི་སྣ་མངགས་ནས་ལས་འགན་ཚད་ལོངས་པའི་སྟེང་།  སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་མོའི་རིགས་ཅུང་མང་བ་དང་“ ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་”སོགས་ཀྱིས་དགེ་རྒན་གྱི་གྲངས་ཀ་ཉུང་བའི་ཁར།    རེ་བ་ནི་བསམ་གཞིགས་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་གནས་ཚུལ་དངོས་དང་དོན་དངོས་སུ་འདེམས་མངག་བྱེད་པའི་ལས་འགན་དང་ཟུང་འབྲེལ་བྱེད་དགོས། དུས་མཚུངས་སུ་རོགས་སྐྱོར་བྱེད་པའི་ལས་འགན་ལྕི་བ་དང་རོགས་སྐྱོར་འོས་འགན་ལྕི་བ།  མངག་འདེམས་ལས་ཀ་ལྕི།  བྱ་བ་ཅུང་དཀའ་ངལ་ཆེ་བ་སོགས་ཀྱི་ཐད་ལ་བོད་སྐྱོར་དང་ཤིན་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དོན་དངོས་དང་ཟུང་འབྲེལ་སྒོས་མངག་འདེམས་འཆར་གཞི་ལ་ལེགས་གྲུབ་བྱུང་། 
          གསུམ་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་པ། བརྟག་དཔྱད་ཞིབ་མོ་བྱེད་པའི་རྨང་གཞིའི་སྟེང་《ལག་བསྟར་ཇུས་གཞི་》མ་ཡིག་གྲུབ་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱི་འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོའི་སྡེ་ཁག་ནས་རྒྱ་ཁྱབ་ཏུ་བསམ་འཆར་བསྡུ་ལེན་བྱས་པ་དང་།  མདུན་ཕྱོགས་བཀོད་འདོམས་པུའི་བསམ་འཆར་ལ་ཐེངས་མང་པོར་ཉན། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འབྲེལ་འདྲིས་ལ་བརྟེན་ནས་ཟིན་བྲིས་སྔར་བས་བཟོ་བཅོས་དང་འཐུས་ཚང་དུ་བཏང་། 
          བཞི་ཕྱོགས་མང་བོའི་བསམ་འཆར་བསྡུ་ལེན་བྱས། ཧུར་ཐག་གིས་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་སྡེ་ཁག་གི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས།  བྱ་བའི་སྒུལ་ཤུགས་སུ་གྱུར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིག་ཆའི་ཁྲོད་བེད་སྤྱོད་འདི་ཉིད་བེད་སྤྱོད་བྱེད་ཆོག་པར་མོས་མཐུན་བྱུང་“ཚོང་གཉེར་ཀྲུང་དབྱང་རྩ་འཛུགས་པུའུ་”ཞེས་པའི་ཡི་གེ་དང་། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་དང་མི་ཤུགས་ཐོན་ཁུངས་པུའུ།  སློབ་གསོ་པུའུ་ཡི་མཉམ་འབྲེལ་ཡིག་ཆ་ཡོད། 
          ལྔ་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་བྱས་པ། ཤིན་ཅང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་དགེ་རྒན་ཁྲི་ཡི་སློབ་སྐྱོར་ལས་དོན་ཚོགས་འདུའི་འགོ་འཛུགས་ཀྱི་བོད་སྐྱོར་དང་ཤིན་སྐྱོར་དགེ་རྒན་ཁྲི་ཡི་སློབ་སྐྱོར་འཆར་གཞི་སྤེལ་བའི་སྟེང་།   པུའུ་ཀྲང་ཁྲེན་པའོ་ཧྲེང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནངས་བ་དང་བྱ་བ་བཀོད་སྒྲིག་བྱས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716