སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་རང་སྐྱོང་ལྗོངས་སྲིད་གཞུང་འཐུས་མི་ཚོགས་པས་བལ་ཡུལ་ལ་མཛའ་གྲོགས་འཚམས་འདྲི་གནང་བ།
སྤེལ་དུས། 2011-11-11   ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན།    རྩོམ་སྒྲིག་པ།  བསོད་སྒྲོན།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཝུའུ་ཡིང་ཅེ་ཡིས་སྣེ་ཁྲིད་གནང་བའི་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ལས་ཐིང་དང༌ཚོང་དོན་ཐིང༌། ཕྱི་དོན་གཞུང་ལས་ཁང༌།  ཡུལ་སྐོར་ཅུས། སྤྱི་བདེ་ཐིང༌། ཉོ་ཚོང་ཡར་སྐུལ་ལྷན་ཚོགས། གཞིས་རྩེ་ས་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བ་ལས་གྲུབ་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པས་སྤྱི་ཟླ ༡༡ པའི་ཚེས ༡ ནས ༦ ཉིན་བར་བལ་ཡུལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་མཛའ་གྲོགས་འཚམས་འདྲི་གནང་བ་རེད།

སྤྱི་ཟླ ༡༡ པའི་ཚེས ༢ དང་ ༣ ཉིན་བལ་ཡུལ་ལ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡང་ཧའུ་ལན་གྱི་ཕེབས་སྐྱོང་འོག ཝུའུ་ཡིང་ཅེ་ཡིས་ཁག་སོ་སོར་བལ་ཡུལ་གྱི་ཙུང་ལི་པ་ཐེ་ར་དབྱི་དང་ཙུང་ལི་གཞོན་པ། ཕྱི་འབྲེལ་དཔོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཧྲེ་ལེ་སི་ཐེ། ཙུང་ལི་གཞོན་པ། ནང་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་པའི་ཀ་ཁྲ་རྡར་བཅས་དང་ཁག་སོ་སོར་མཇལ་བཅར་ཞུས་པ་དང༌། ཚོང་དོན་མཁོ་སྤྲོད་པུའུ་ཀྲང་པ་ཐེ་དང་ས་གནས་གོང་འཕེལ་པུའུ་ཀྲང་ར་ཡ་མ་ཀི ཡུལ་སྐོར་དམངས་སྤྱོད་མཁའ་འགྲུལ་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཆའོ་ཞི་བཅས་དང་མཇལ་འཛོམས་གནང་བ་མ་ཟད་ལས་དོན་ཐད་གྲོས་མོལ་ཡང་གནང་བ་རེད།

ཝུའུ་ཡིང་ཅེ་ཡིས་ཉེ་བའི་ལོའི་ནང་ཆབ་སྲིད་དང༌དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་མི་སྣ་འགྲོ་འོང་མང་དུ་འགྲོ་བཞིན་ཡོད། སླད་ཕྱིན་བོད་རང་སྐྱོང་ལྗོངས་ཀྱིས་བལ་ཡུལ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་དང་སྤེལ་རེས་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་ཡིན་པས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་ཁྱོན་ཡོངས་མཉམ་ལས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་དང་། སྲ་བརྟན་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
           རང་ལྗོངས་ཀྱི་འཐུས་མི་ཚོགས་པ་དང་གྲོས་མོལ་གནང་སྐབས་བལ་ཡུལ་གྱི་ཙུང་ལི་པ་སྡེ་ར་དབྱི་སོགས་ཕྱོགས་ཁག་གི་འགོ་འཁྲིད་གཙོ་བོས་བལ་ཡུལ་གྱི་སྐབས་རིམ་བྱུང་གི་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོ་གཅིག་གི་ལངས་ཕྱོགས་རྒྱུན་འཁྱོངས་དང་། སྔ་ཕྱི་བར་གསུམ་དུ་བོད་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཕྱོགས་གང་རུང་ཞིག་གིས་བལ་ཡུལ་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་མི་འཇུག་རྒྱུ་བསྐྱར་བཤད་གནང་བ་དང་ཆབས་ཅིག ཝུའུ་ཡིང་ཅེ་ཡིས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རིག་གནས་སྤེལ་རེས་ཐད་བཏོན་པའི་གྲོས་འགོར་ཡོངས་སུ་མོས་མཐུན་གནང་བ་རེད། སྤྱི་ཟླ ༡༡ པའི་ཚེས ༦ ཉིན་ཀྲུང་གོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་འཐུས་མི་ཚོགས་པ་དང་བལ་ཡུལ་རྒྱལ་ཕྲན་མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུས་ལྷ་སར་བཅའ་སྡོད་བྱས་པའི་བལ་ཡུལ་ས་གནས་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྒྲིག་བཀོད་བསྒྱུར་བཟོ་བྱེད་རྒྱུའི་སྐོར་གྱི་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060