སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཆེད་བརྗོད་སྤེལ་ནས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་གྲོལ་བར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།
སྤེལ་དུས། 2013-01-28   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ནོར་བུས་བསྒྲིགས།

       སྤྱི་ཟླ་དང་པོའི་ཚེས ༢༨ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་གོང་འཕེལ་དང་བརྟན་ལྷིང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་བརྗོད་སྤེལ་ནས། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་བས་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།
       ཆེད་བརྗོད་ནང་དམངས་གཙོ་མཐུན་སྒྲིལ་དང་དོན་གཉེར་དངོས་སྒྲུབ་ཀྱི་རྣམ་པའི་ཁྲོད་སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཐུན་མོང་ཐོག་འབད་པ་གནང་བ་བརྒྱུད། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་སྒྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་དང༌། ང་ཚོས་ཚོགས་ཆེན་ལེགས་སྒྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་དང༌། ད་རེས་ཀྱི་ཚོགས་ཆེན་དེ་ནི་སྔར་སོང་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་ཚོགས་ཆེན་ཞིག་དང༌། དམངས་གཙོ་དར་སྤེལ་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ཞིག སྟོབས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཚོགས་ཆེན་ཞིག་བཅས་ཡིན་པ་དང༌། ཚོགས་འདུ་ལེགས་སྒྲུབ་བྱུང་བ་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱ་རྒྱུ་དང་། དྲུག་ལྡན་བོད་ལྗོངས་འཛུགས་སྐྱོང་ཧུར་ཐག་བྱ་རྒྱུར་གལ་འགངས་ཆེ་ལ་རྒྱང་རིང་གི་དོན་སྙིང་ལྡན་ཡོད་ཅེས་འཁོད་ཡོད་པ་དང༌།
       ཆེད་བརྗོད་ནང་དམངས་གཙོ་དང་སྒོ་དབྱེ། ཞི་མཐུན། འབད་འཐབ་བཅས་ཀྱི་རྣམ་པའི་ཁྲོད་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་སྙན་སྒྲོན་ལ་གྲོས་ཞིབ་ཀྱིས་གྲོས་འཆམ་བྱུང་བ་དེའི་ཐོག་ནས། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པའི་ལོ་ལྔའི་རིང་གྱི་ལས་ཀའི་གྲུབ་འབྲས་དང་གཞི་རྩའི་ཉམས་མྱོང་ཁས་ལེན་གང་ལེགས་གནང་བ་མ་ཟད། སླད་ཕྱིན་ལོ་ལྔའི་རིང་གི་ལས་ཀའི་འབད་འཐབ་དམིགས་ཚད་དང་ལས་འགན་གཙོ་བོ་གསལ་སྟོན་གནང་ཡོད་པ་དང༌། ཚོགས་ཆེན་ཐོག་སྐབས་གསར་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་ནས་ཚན་ཁག་གསར་རྙིང་བརྗེ་རེས་བདེ་བླག་བྱུང་བ་རེད།

     བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་དང་སྲིད་གྲོས་ཨུ་ཡོན་གསར་རྙིང་བརྗེ་རེས་ཀྱི་ལས་དོན་ལེགས་སྒྲུབ་བྱུང་བ་དེས་སྲིད་གྲོས་ལས་དོན་ཀྱི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་སྲུང་ཡོང་རྒྱུ་དང་། བོད་ལྗོངས་སྲིད་གྲོས་བྱ་གཞག་སྔར་སོང་རྒྱུན་མཐུད་དང་མ་འོངས་གསར་གཏོད། རླབས་ཆེའི་བྱ་གཞག་གསར་གཏོད་བྱེད་རྒྱུ་བཅས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད་ཅེས་འཁོད་ཡོད།

    ཆེད་བརྗོད་ནང་སླད་ཕྱིན་གྱི་ལོ་ལྔ་ནི་རང་ལྗོངས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་ཐུབ་པ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་དང་རྒྱལ་ཡོངས་གོང་འཕེལ་གྱི་གོམ་སྟབས་ཀྱི་རྗེས་ཟིན་པ་བྱེད་པའི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་གལ་ཆེའི་དུས་སྐབས་ཤིག་རེད།

     ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་བྱས་ཏེ། འགོ་འཛུགས་ས་གསར་པའི་ཐོག་འབྱོར་ཕྱུག་དང་ཞི་མཐུན། བདེ་སྐྱིད།
    ཁྲིམས་སྐྱོང༌། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་བྱེད་རྒྱུའི་ཐད་ཤུགས་བརྒྱབ་ནས་སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་ཐུབ་པ་བྱེད་པའི་ཐད་གལ་ཆེའི་བཀོད་སྒྲིག་གནང་ཡོད་པ་རེད། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པ། ལས་འགན་གསར་པ་བཅས་ཀྱིས་སྲིད་གྲོས་ཨུ་ཡོན་ཚོར་ངོས་འཛིན་གསར་པ་ཡོད་པ་དང་བྱས་རྗེས་གསར་པ་འཇོག་པ། ངར་ཤུགས་གསར་པ་འཕེལ་བ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

      དྲུག་ལྡན་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་ཐད་མི་དམངས་སྲིད་གྲོས་ལས་དོན་གྱིས་ནུས་པ་ཆེན་པོ་ཐོན་རྒྱུ་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་དོན་དངོས་བྱ་སྤྱོད་ཐོག་ནས་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་སྤྱོད་ཚུལ་བསྒྱུར་བ་དང་མང་ཚོགས་དང་འབྲེལ་བ་དམ་པོ་བྱེད་པའི་གཏན་འབེབས་དོན་ཚན་བརྒྱད་དང་། བསྲུང་བྱ་དོན་ཚན་བཅུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་སེམས་ནང་འཇོག་པ་དང་མང་ཚོགས་བློ་ཡིད་འཚིམ་པ་བྱེད་རྒྱུ་དེ་སྲིད་གྲོས་ལས་དོན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་ཨང་དང་པོར་རྩིས་ཏེ། བསམ་བློ་བཅིངས་འགྲོལ་དང་སྤྱི་ཡོངས་སེམས་ལ་འཇོག་པ། འགན་འཁྲི་འཁུར་བ། ནུས་པ་འདོན་སྤེལ་བཅས་བྱས་ནས། དམངས་ཕན་བྱ་བ་མང་ཙམ་སྒྲུབ་པ་དང་ལས་ཕྱོད་མཐོ་རུ་བཏང་སྟེ། དྲུག་ལྡན་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་བརྗིད་ཆེའི་ལམ་བུའི་ཐོག་ལེའུ་གསར་པ་གཏོད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060