སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་སྲིད་འཛིན་གྲོང་ཚོ་༢༢ལ་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་ཞེས་པའི་མིང་བཏགས།
སྤེལ་དུས། 2013-06-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྗོན་སྨྱུག་ནས་བསྒྱུར།

      ཟླ༦པའི་ཚེས༥ཉིན་གསར་འགོད་པས་༢༠༡༢ལོའི་བོད་རང་སྐྱོང་ལྗོངས་ཁོར་ཡུག་གནས་ཚུལ་གསར་འགྱུར་ཁྱབ་བསྒྲགས་སྟེང་ཤེས་གསལ་ལྟར་ན། ༢༠༡༢ལོར་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ་སོགས་གྲོང་ཁྱེར་དང་རྫོང་བཞི་དང་། ཤང་གྲོང་དགུ་བཅུ་གོ་བརྒྱད། སྲིད་འཛིན་གྲོང་ཚོ༣༣༤བཅས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང་དང་། ཤང་གྲོང་། གྲོང་ཚོ་བཅས་གསར་འཛུགས་ལས་དོན་སྤེལ་ནས་སྲིད་འཛིན་གྲོང་ཚོ་༢༢ལ་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་ཞེས་པའི་མིང་བཏགས།

   སྤྱི་ཚོགས་རིང་ལུགས་ཀྱི་ཞིང་གྲོང་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།  བོད་ལྗོངས་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་སྒོ་ཀུན་ནས་སྐུལ་འདེད་བཅས་བྱ་ཆེད།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་པའི་འབྲེལ་ཡོད་བསམ་འཆརགཤམ་སྤྲོད་གནང་བ་མ་ཟད།བོད་རང་སྐྱོང་ལྗོངས་ཞིང་འབྲོག་ས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོདསྒྲིག་བཟོ་ལག་བསྟར་ཡང་བྱས་པ་རེད།

 
       བོད་ལྗོངས་ཀྱིས་ནུས་ཁོངས་གཙང་མ་བེད་སྤྱོད་ཁྱབ་གདལ་བྱས་པར་བརྟེན་རང་བྱུང་རྩི་ཤིང་འབུད་ཤིང་བྱེད་ཚད་ཇེ་ཉུང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་ཀྱིས་འབུད་ཤིང་ནུས་ཁོངས་ཚབ་བྱེད་འཆར་འགོདདང་བོད་རང་སྐྱོང་ལྗོངས་ཞིང་གྲོང་རྫབ་རླངས་འཛུགས་སྐྲུན་འཆར་འགོདསྒྲིག་བཟོ་བྱས་པ་དང་། རྫབ་རླངས་དང་། ཉི་ནུས། རླུང་ཤུགས་གློག་འདོན་སོགས་ཞིང་གྲོང་ནུས་ཁོངས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས།

     ཤེས་གསལ་ལྟར་ན། ༢༠༡༠ལོ་ནས་བཟུང་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ས་ཁུལ་༧གྲོང་ཁྱེརདང་། རྫོངགྲོང་ཁྱེར་དང་ཁུལ༧༤བཅས་ཀྱི་སྲིད་འཛིན་གྲོང་ཚོ་༤༧༦༡གི་སྡོད་ཁང་ཁོར་ཡུག་འཛུགས་སྐྲུན་དང་ཞིང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སྐོར་གྱི་ལས་དོན་བསྒྲུབས། ༢༠༡༢ལོའི་ལོ་མཇུག་བར་དུ། ཞིང་གྲོང་༢༥༠༠ལ་གྲོང་ཚོའི་སྡོད་ཁང་གི་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་རྣམ་གྲངས་ལག་བསྟར་བྱས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060