སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨོ་སི་ཁྲུ་རི་ཡའི་ཕྱི་སྡོད་རང་མིས་ཞི་ནེ་ནས་《བོད་ལྗོངས་ཀྱི་བག་ཆགས》ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས།
སྤེལ་དུས། 2013-06-21   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ལྗོན་སྨྱུག་ནས་བསྒྱུར།

 ཉེ་ལམ་ཀྲུང་གོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཁང་གི་ཨོ་སི་ཁྲུ་རི་ཡའི་ཞི་ནེ་ཉན་མཁན་སྤྲོ་སྐྱིད་ཁང་གིས་ཞི་ནེ་སློབ་ཆེན་ནས་བོད་ལྗོངས་ཀྱི་བག་ཆགསཏེ། བོད་ལྗོངས་ལ་ཉན་པ་དང་བོད་ལྗོངས་གླེང་བ་ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་དེར་ཀྲུང་གོའི་རྒྱལ་སྤྱིའི་རླུང་བརྙན་འཕྲིན་ཁང་གི་ཞི་ནེ་ཉན་མཁན་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞིའམ། ཨོ་སི་ཁྲུ་རི་ཡའི་ཀྲུང་གོ་བའི་དངུལ་རྩའི་ཆེད་མཁས་མཐུན་ཚོགས་ཀྱི་ཚོགས་གཙོ། འབུམ་རམས་པ་ཙན་དབྱི་པོ་ཡིས་གཙོ་སྐྱོང་གནང་བ་དང་། རྒྱལ་སྤྱིའི་རླུང་བརྙན་འཕྲིན་ཁང་གི་ཞི་ནེ་སྤྲོ་སྐྱིད་ཁང་གི་ཉན་མཁན་དང་ཞི་ནེར་སྡོད་པའི་ཀྲུང་གོ་བའི་དགེ་རྒན་ཆེན་མོ། འབུམ་རམས་པ། ཁྲིམས་རྩོད་པ། སློབ་གསོ་པ། ཨོ་སི་ཁྲུ་རི་ཡར་སྡོད་པའི་ཀྲུང་གོའི་ཕྱི་འབྲེལ་ཆེད་དོན་ཅུས་ཀྱི་འཐུས་མི་ལ་སོགས་ཆེད་ལས་མཁས་པ་དང་རིག་པ་བ་བཞུགས་མོལ་ཚོགས་འདུར་ཞུགས།
  ཙན་དབྱི་ཡིས། བཞུགས་མོལ་ཚོགས་འདུ་ནི་སྤྲོ་སྐྱིད་ཁང་གི་ཉན་མཁན་དང་ཞི་ནེ་ལས་རིགས་སོ་སོའི་ཀྲུང་གོ་བའི་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་རླུང་བརྙན་འཕྲིན་ཁང་གི་༢༠༡༢ལོར་གཟེངས་རྟགས་ཐོབ་པའི་འབྲེལ་ཡོད་བོད་ལྗོངས་བརྗོད་གཞི་བྱས་ནས་དབྱིན་ཡིག་དང་། རྒྱ་ཡིག་འཕྲིན་ལམ་ནས་དཔྱད་གླེང་བྱས་པའི་ནང་དོན་ལ་ཉན་ནས། ཚང་མས་བོད་ལྗོངས་ཀྱི་མཐོང་ཐོས་མྱོང་གསུམ་དངོས་ལ་འབྲེལ་ནས་བོད་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། སྤྱི་ཚོགས་འཕེལ་འགྱུར། དཔལ་འབྱོར་འཕེལ་རྒྱས། རིག་གནས་རྒྱུད་འཛིན་ལ་སོགས་པའི་ཕྱོགས་ནས་བོད་ལྗོངས་ཀྱི་འདས་དོན་ལ་ཤེས་རྟོགས་དང་། བོད་ཀྱི་ད་ལྟར་དྲང་ཕྱོགས་ནས་བལྟས་ཏེ་མི་རབས་རྗེས་མས་བོད་ཀྱི་མ་འོངས་བར་འཛིན་པའི་ངེས་ཤེས་དང་རེ་སྒུག་ལ་དཔྱད་གླེང་མཛད་པ་ཡིན་ཟེར།

 བཞུགས་མོལ་ཚོགས་འདུ་ཐོག་ཆེད་མཁས་པ་དང་རིག་པ་བ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་གནད་དོན་ལྷུག་པར་བརྗོད་ཅིང་། རིག་པ་བའི་ཟུར་སྣེ་དང་ནང་བསྟན་གྱི་དགོངས་དོན་གཞིར་བཟུང་སྟེ། ལོ་དུ་མའི་རིང་གི་བོད་ལྗོངས་ཚན་ཞིབ་ལ་དམིགས་ནས་བསམ་འཆར་དང་། བསམ་ཚུལ། ལྟ་ཚུལ་སོགས་གང་མང་བཏོན། ཆེས་གལ་ཆེ་བ་ཞིག་ནི་ཕྱི་སྡོད་རང་མིའི་རབས་རྗེས་མ་རྣམས་ཀྱིས་བོད་ཀྱི་མ་འོངས་བར་ལྟ་བ་ཡང་དག་ཅི་ལྟར་འཛིན་དགོས་པ་དེ་ཡིན། ཕྱི་སྡོད་རང་མི་རྣམས་ཀྱིས་མེས་རྒྱལ་སྟོབས་འབྱོར་རྒྱས་པའི་དུས་མཚུངས་སུ་བོད་ཀྱི་དཔལ་འབྱོར་དར་རྒྱས་བྱུང་བར་རེ་བ་ཆེན་པོ་བཟུང་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060