སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས།
སྤེལ་དུས། 2013-10-18   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

       ཉེ་བའི་རིང་ལ། བོད་ལྗོངས་ཀྱི་སྡེ་ཁག་སོ་སོས་ཆེད་མཁས་ཤེས་ཡོན་པ་གདན་འདྲེན་བྱས་ནས་ཆེད་དོན་མཛུབ་སྟོན་གྱི་རྣམ་པས། མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མུ་འབྲེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར། རྒྱ་ཆེ་བའི་ལས་བྱེད་ལས་བཟོ་པས་སྙན་ཞུར་ཉན་རྗེས་བསྟན་དོན། གསུང་བཤད་དགོངས་དོན་གྱིས་ལག་ལེན་ལ་མཛུབ་སྟོན་བྱས་ནས། ལས་རིགས་སོ་སོ་རིམ་པ་གསར་པ་ཞིག་ཏུ་སྤེལ་བར་སྐུལ་འདེད་བྱ་རྒྱུ་ཡིན་ཟེར།

      ཚེས༡༢ཉིན་གྱི་སྔ་དྲོར།  རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་གཞོན་པ།   ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ཉིག་ཀྲུ་ཧྥུ་གདན་འདྲེན་བྱས་ནས་ལས་བྱེད་ལས་བཟོ་པར་སྙན་ཞུ་ཕུལ།  སྙན་ཞུའི་ཚོགས་འདུའི་སྟེང་།  དགེ་རྒན་ཆེན་མི་ཉིག་ཀྲུ་ཧྥུ་ཡིསམཐའ་མཚམས་བསྐྱངས་ནས་བོད་ལྗོངས་གཏན་འཇགས་ཡོང་དགོསཞེས་པ་བརྫོད་གཞིར་བཟུང་ཞིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བཏོན་པའིརྒྱལ་ཁབ་སྐྱོང་ན་ངེས་པར་དུ་མཐའ་མཚམས་སྐྱོང་པ་དང་།  མཐའ་མཚམས་སྐྱོང་པར་སྔོན་ལ་བོད་ལྗོངས་གཏན་འཇགས་ཡོང་དགོསཞེས་པའི་འཐབ་ཇུས་དགོངས་དོན་དང་དམ་པོར་སྦྲེལ་ནས།  བྱེ་བྲག་ཏུ་མཐའ་མཚམས་བསྐྱངས་ནས་བོད་ལྗོངས་གཏན་འཇགས་ཡོང་རྒྱུ་ནི་མཐའ་མཚམས་སྐྱོང་པའི་འདུ་ཤེས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་གཏོང་པ་དང་། མཐའ་མཚམས་བསྐྱངས་ནས་བོད་ལྗོངས་གཏན་འཇགས་ཡོང་རྒྱུ་ནི་རྒྱལ་རབ་རིམ་བྱོན་གྱི་ཀྲུང་དབྱང་སྲིད་གཞུང་གི་མཐའ་མཚམས་སྐྱོང་ཕྱོགས་ཀྱི་སྤྱི་སྡོམ་གལ་ཆེན་ཡིན་པ། མཐའ་མཚམས་བསྐྱངས་ནས་བོད་ལྗོངས་གཏན་འཇགས་ཡོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་བོད་ལྗོངས་སྐྱོང་ཕྱོགས་ཀྱི་རིག་པའི་ཐག་བཅད་དང་དར་སྤེལ་བྱེད་དགོས་པ་གཙོ་བོ་ཡིན་པ། མཐའ་མཚམས་བསྐྱངས་ནས་བོད་ལྗོངས་གཏན་འཇགས་ཡོང་པའི་འཐབ་ཇུས་དགོངས་དོན་བཏོན་པ་དེས་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་རེ་བ་གསར་པ་བཏོན་པ་བཅས་ཀྱི་ཐད་ལ་གཏིང་ཟབ་ཅིང་ཁྱོན་ཡོངས་ཀྱི་འགྲེལ་བཤད་གནང་། དགེ་རྒན་ཆེན་མོ་ཉིག་ཀྲུ་ཧྥུ་ཡི་སྙན་ཞུར་ཚང་མས་དགའ་བསུ་ཆེན་པོ་ཐོབ་ཏེ། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱི་བཤད་རྒྱུར། འཆད་ཁྲིད་གཏིང་ཟབ་ཅིང་གོ་བདེ་བས་མཛུབ་སྟོན་རང་བཞིན་ངེས་ཅན་ལྡན་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་སྔར་ལས་ལྷག་པའི་གཏིང་ཟབ་ཀྱི་གོ་བ་ལོན་པས་ཕན་ཐོག་ཆེན་པོ་ལྡན་ཟེར།

ཚེས༡༡ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་བན་ཅིན་ཕིང་གདན་འདྲེན་བྱས་ནས། ལས་བྱེད་ལས་བཟོ་པ་ཡོངས་ལ་ཆེད་དོན་མཛུབ་ཁྲིད་གནང་། འཆད་ཁྲིད་ཀྱི་གོ་རིམ་ཁྲོད། བན་ཅིན་ཕིང་གིས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་སྦྲེལ་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་དགོངས་དོན་གྱིས་བོད་ལྗོངས་ལ་མཛུབ་སྟོན་གྱི་དོན་སྙིང་དང་ལག་ལེན་རིན་ཐང་ཐད་དུ་གཙོ་བོར་བཟུང་ནས་འགྲེལ་བཤད་བྱས་པ་དང་མཉམ་དུ་འབྲེལ་ཡོད་སྲིད་ཇུས་སྐོར་ལ་ཀློག་འགྲེལ་བྱས། ཚོགས་འདུར་ཞུགས་པའི་ལས་བྱེད་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་མུ་འབྲེལ་གསང་བཤད་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་མུ་འབྲེལ་གསུང་བཤད་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་བཅོས་བྱེད་པ། ལག་ལེན་ལ་མཛུབ་སྟོན་དང་། བྱ་བར་སྐུལ་འདེད་བྱེད་དགོས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060