སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧུའུ་པེ་ཞིང་ཆེན་གྱི་ཆེད་ལས་ལག་རྩལ་པ་༥༠བོད་ལྗོངས་སུ་ཡོང་ནས་ལག་རྩལ་བོད་སྐྱོར་གྱི་ལས་ཀ་བསྒྲུབས།
སྤེལ་དུས། 2014-05-01   ཡོང་ཁུངས། ཀྲུང་གོའི་དཔལ་འབྱོར་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།

             ཉེ་ལམ་གསར་འགོད་པས་ཤེས་གསལ་ལྟར་ན། ཧུའུ་པེ་ཞིང་ཆེན་གྱིས་ཡང་བསྐྱར་ཆེད་ལས་ལག་རྩལ་འཇོན་མིས་བོད་སྐྱོར་བྱེད་པའི་ལས་ཀའི་ཤུགས་ཚད་ཇེ་ཆེར་བཏང་སྟེ།  ཝུ་ཧན་དང་། ཞིང་ཡང་། དབྱི་ཁྲང་། ཧུང་ཧྲི་བཅས་གྲོང་ཁྱེར་༤དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བཅས་ནས་ཆེད་ལས་ལག་རྩལ་འཇོན་མི་༥༠བདམས་པ་ཉེ་ལམ་བོད་ལྗོངས་སུ་སླེབས་པ་དང་། དུས་ཡུན་ལོ་ཕྱེད་ཀྱི་ལག་རྩལ་བོད་སྐྱོར་གྱི་ལས་དོན་བསྒྲུབ་རྒྱུ་རེད། ཁོ་ཚོའི་ཆ་སྙོམས་ཀྱི་ལོ་ཚད་༣༩ཡིན་པ་དང་། དེ་ལས་སྐྱེས་པ་བློ་མཐུན་༤༢དང་། སྐྱེས་མ་བློ་མཐུན་༨བཅས་ཡོད། ཆེད་ལས་ཁྱབ་ཁོངས་སུ་འཕྲོད་བསྟེན་དང་། ཆུ་བེད། ཀུན་ཁྱབ་རླུང་འཕྲིན་དང་བརྙན་འཕྲིན།  སྡོད་ཁང་འཛུགས་སྐྲུན། ཞིང་འབྲོག   རྒྱལ་དབང་ས་ཞིང་། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོབ། ནགས་ལས། བདེ་འཇགས་ལྟ་སྐུལ་སོགས་རིགས་༡༡འདུས། ཝུ་ཧན་སོགས་གྲོང་ཁྱེར་བཞི་ནས་མངགས་པའི་ཆེད་ལས་ལག་རྩལ་འཇོན་མི་༢༩ཡི་ཁ་མཐུན་རོགས་སྐྱོར་བྱེད་ཡུལ་ནི་ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་དང་། འཕྱོངས་རྒྱས། རྒྱ་ཚ། ཆུ་གསུམ་བཅས་རྫོང་བཞི་ཡིན་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱིས་མངགས་པའི་ཆེད་ལས་ལག་རྩལ་འཇོན་མི་༢༡གི་ཁ་མཐུན་རོགས་སྐྱོར་བྱེད་ཡུལ་ནི་ལྷོ་ཁ་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ཡིན་པ་རེད།

      ད་ཐེངས་ཀྱི་བོད་སྐྱོར་ལས་དོན་རུ་ཁག་དེ་ཟླ༡༠བའི་ཟླ་མཇུག་ཏུ་མཇུག་རྫོགས་ནས་ཕྱིར་ཧུའུ་པེར་ལོག་རྒྱུ་རེད།  ད་ལོར་ཧུའུ་པེ་ཞིང་ཆེན་གྱིས་མངགས་གཏོང་བྱས་པའི་ཏང་སྲིད་ལས་བྱེད་པ་དང་ཆེད་ལས་ལག་རྩལ་འཇོན་མི་ཁྱོན་སྡོམ་མི༡༡༥ལ་སླེབས་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060