སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་ངོ་༢༠རིང་གི་བོད་སྐྱོར་གྲུབ་འབྲས་ལས་དམངས་ཀྱི་ཡོང་འབབ་དང་འགྲིམ་འགྲུལ། འཕྲོད་བསྟེན་སྐོར་གླེང་བ།
སྤེལ་དུས། 2014-06-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།

        བོད་ལྗོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་༨༠༢ལ་སླེབས་པ། 
                ༡༩༩༤ལོའི་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པས་ཁ་མཐུན་བོད་སྐྱོར་གྱི་སྲིད་ཇུས་ལག་བསྟར་གཏན་འཁེལ་བྱས་པ་ནས་ད་བར་གྱི་ལོ་ངོ་༢༠ཡི་རིང་ལ། བོད་ལྗོངས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་གྲངས་དེ་༡༩༩༥ལོའི་སྒོར་དུང་ཕྱུར་༥༡ནས་༢༠༡༣ལོའི་སྒོར་དུང་ཕྱུར༨༠༢ལ་འཕར་བ་དང་།  དཔལ་འབྱོར་རྒྱུད་མཐུད་ནས་ལོ་ངོ་༢༠རིང་ལ་གྲངས་གནས་གཉིས་ཀྱིས་མགྱོགས་པོར་ཇེ་མཐོར་སོང་། ༢༠༡༣ལོར། བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱིས་ཐོན་སྐྱེད་བྱས་པའི་ཐོན་རྫས་ཀྱི་རིན་ཐང་སྡོམ་གྲངས་སྒོར་དུང་ཕྱུར༨༠༢ཡིན་ལ།  དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་༡༥འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་འཇོག་༩༡༠བཏང་ནས་བརྒྱ་ཆའི་༢༨འཕར།  སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་ཀྱི་བྲིན་འཚོང་སྤྱིའི་གྲངས་འབོར་སྒོར་དུང་ཕྱུར་༢༨༩ཡིན་པ་དང་བརྒྱ་ཆའི་༡༦འཕར།  སྤྱི་བའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར༩༥ཡིན་པ་དང་། དེ་བརྒྱ་ཆའི་༡༦འཕར།  གྲོང་རྡལ་གྱི་ལས་ཤོར་ཐོག་འགོད་བྱས་ཚད་བརྒྱ་ཆའི་༥ནང་ཚོད་འཛིན་བྱས།  ལོ་ལྔ་ཚུན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་ལ་སྔར་ཕྱིར་མ་དངུལ་སྒོར་དུང་ཕྱུར༡༠༠༠ལས་བརྒལ་བ་བཏང་ཞིང་། ལོའི་སྤྱི་བའི་ནོར་སྲིད་ཀྱི་ཕྱིར་གཏོང་སྒོར་དུང་ཕྱུར༡༠༠༠ལ་བརྒལ་བ་དང་། ལོ་མཇུག་གི་སྐྱི་དངུལ་ལྷག་གྲངས་ཁག་སྒོར་དུང་ཕྱུར་༡༠༠༠ལས་བརྒལ་བ་རེད།  དེས་དཔལ་འབྱོར་ལེགས་ལ་མགྱོགས་པོར་འཕེལ་བ་དང་།  དམངས་འཚོ་ལེགས་བཅོས་རྒྱུན་མ་ལྷོད་པ། སྐྱེ་ཁམས་ཁོར་ཡུག་ལེགས་པ།  མི་རིགས་མཐུན་སྒྲིལ་ཡར་རྒྱས་ཡོང་བ།  ཆོས་ལུགས་དང་ཞི་མཐུན་ཞི་གནས།  སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་བཅས་ཀྱི་རྣམ་པ་ལེགས་པོའི་རྒྱུན་བསྐྱངས། 
               ༢༠༡༣ལོ་ནི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན།  ལོ་ངོ་༢༠ཡི་ཚུན་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་༡༨དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་པུའུ་ཨུ་བཅས་༧༠།  ཀྲུང་དབྱང་གི་ཁེ་ལས་༡༧་བཅས་ཀྱིས་སྔ་གཞུག་ཏུ་བོད་སྐྱོར་ལས་བྱེད་པ་༦༠༠༠ལ་ཉེ་བ་སྐོར་ཐེངས་བདུན་བྱས་ནས་བོད་ལྗོངས་སུ་མངག་གཏོང་བྱས།  མིག་སྔར་བོད་ལྗོངས་ཀྱི་ས་ཁུལ་གྲོང་ཁྱེརབདུན་གྱི་རྫོང་༧༤གྲོང་ཁྱེར། ཁུལ། རང་སྐྱོང་ལྗོངས་དང་ས་གནས་གྲོང་ཁྱེརཀྱི་ཐད་གཏོགས་སྡེ་ཚན་གཙོ་བོ་བཅས་བོད་སྐྱོར་ཁྱབ་ཁོངས་སུ་ཚུད། 
༢༠༡༣ལོའི་བར་དུ། ཁ་མཐུན་བོད་སྐྱོར་གྱི་མ་དངུལ་སྔ་ཕྱི་རྩིས་ལེན་བྱས་ན་སྒོར་དུང་ཕྱུར༢༦༠དང་། རྣམ་གྲངས་༧༦༡༥ལ་སླེབས། དེའི་ནང་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་རྗེས། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར༡༠
༣༢དང་རྣམ་གྲངས་༢༡༩༨བཅས་དོན་འཁྱོལ་བྱས་པས། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལེགས་ལ་མགྱོགས་པོར་འཕེལ་བར་བྱས་རྗེས་ཆེན་པོ་བཞག་པ་དང་། བོད་ལྗོངས་ཉིད་མཆོང་སྐྱོར་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་སྤེལ་བྱེད་པར་མེད་དུ་མི་རུང་བའི་འདེགས་སྐྱོར་གལ་ཆེན་ཏུ་གྱུར་ཡོད།

        ༢༠༡༣ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི༢ལས་བརྒལ་བ། 
            ༢༠༡༣ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ཤང་གི་སྡོད་དམངས་ཀྱི་ཡོང་འབབ་ཇེ་མང་དུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་མི་དམངས་ཤོག་སྒོར་༢༢༥༦༡ལ་སླེབས་ཡོད། དེ་ནི་ལོ་སྔོན་དང་བསྡུར་ན་བརྒྱ་ཆའི་༡༡.༦འཕར་བ་དང་།   ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཡང་རྩེར་སོན།  ཞེས་བོད་རང་སྐྱོང་ལྗོངས་སྡོམ་རྩིས་ཅུས་ཀྱི་ཅུས་ཀྲང་ངམ་རྒྱལ་ཁབ་སྡོམ་རྩིས་ཅུས་བོད་ལྗོངས་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་འགོ་འཛིན་ལིའུ་པའི་ཁྲེང་གིས་དེ་ལྟར་བཤད།  

              ཚེས༢༧ཉིན་བོད་ལྗོངས་ནས་༢༠༡༣ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་སྐོར་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས།  ཚོགས་ཐོག་ཏུ་ལིའུ་པའི་ཁྲེང་གིས། ༢༠༡༣ལོར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་ཚུལ་དེ་སྤྱི་ཡོངས་ནས་གཏན་འཇགས་ཁྲོད་མགྱོགས་འཕར་བཞིན་ཡོད་པ་དང་། མགྱོགས་པོའི་ཁྲོད་སྤུས་ཀ་མཐོར་འདེགས་སུ་གཏོང་བའི་འཕེལ་ཚུལ་ཅུང་ལེགས།  ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་GDPཡོང་འབབ་དེ་༢༠༠༩ལོ་ནས་བཟུང་།  སྒོར་དུང་ཕྱུར་༤༠༠དང་། སྒོར་དུང་ཕྱུར༥༠༠། སྒོར་དུང་ཕྱུར་༦༠༠། སྒོར་དུང་ཕྱུར་༧༠༠། སྒོར་དུང་ཕྱུར་༨༠༠བཅས་རིན་བཞིན་འཕེལ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་བརྒྱ་ཆའི་༡༢ཡན་གྱི་འཕེལ་ཚད་རྒྱུན་འཁྱོངས་བྱས། ༢༠༡༣ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་༨༠༦༧མངོན་འགྱུར་བྱས་ཞིང་། བསྡུར་ཆོག་པའི་གོང་ཚད་ལྟར་རྩིས་བརྒྱབ་ན། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་༡༡འཕར་བ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་བརྒྱ་ཆའི་༤ལས་མཐོ་བས། མགྱོགས་ཚད་དེ་ཀྲུང་གོ་ཡོངས་དང་ནུབ་བརྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྲོང་ཁྱེར། རང་སྐྱོང་ལྗོངསཀྱི་ཁྲོད་ཆ་སྙོམས་ཀྱི་ཨང་གསུམ་པར་གནས་ཟེར།
            གཞན་༢༠༡༣ལོར་བོད་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་འཇོག་གི་སྤྱི་འབོར་སྒོར་དུང་ཕྱུར་༩༡
༤༨ལ་སླེབས་པ་དང་། ལྗོངས་ཡོངས་སུ་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་བྲིན་འཚོང་སྤྱི་འབོར་སྒོར་དུང་ཕྱུར༢༨༧༠མངོན་འགྱུར་བྱུང་བ་དང་། ལོ་སྔོན་མ་དང་བསྡུར་ན་སོ་སོ་ནས་བརྒྱ་ཆའི་༢༤དང་བརྒྱ་ཆའི་༡༡འཕར་ནས་རྒྱལ་ཡོངས་ཀྱི་ཡང་རྩེར་སོན།

 

  ༢༠༡༣ལོར་བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་ལེ་དབར་ཁྲི༧ལས་བརྒལ་བ།

     འགྲམ་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་བྱུང་རྗེས། གསང་གནས་པདྨ་མ་ཞེས་པའི་ལྐོག་གྱུར་གྱི་ངོ་གདོང་ཕྱིར་བརྟོལ་བ་དང་། ལྷ་གཞིས་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གཉིས་སྦྲེལ་བ་བཅས་ཀྱིས། གཙང་གཞིས་རྩེ་ནས་མེ་འཁོར་བསྡད་དེ་ལྷ་སར་བསྐྱོད་ཐུབ་པ་དང་།  དམངས་སྤྱོད་མཁའ་འགྲུལ་གྱིས་ལན་ཀྲོའུ་དང་། ས་ཡ་སོགས་སུ་མཁའ་ལམ་བཏོད་པས། ཡུལ་སྐོར་བ་གནམ་གྲུར་བསྡད་དེ་འཛམ་གླིང་ཡང་རྩེར་འཕུར་ཐུབ།
གཞུང་ལམ་དང་། ལྕགས་ལམ།  མཁའ་ལམ་སོགས་གོང་བུ་གཅིག་ཏུ་དྲིལ་བའི་ལངས་གཟུགས་འགྲིམ་འགྲུལ་གྱི་རྣམ་པ་འཛུགས་སྐྲུན་དང་། བོད་རང་སྐྱོང་ལྗོངས་དེ་ཉིད་ཤར་དབུས་ས་ཁུལ་དུ་འདྲེས་པར་རོགས་སྐྱོར་བྱ་ཆེད།  ཐོན་ཁུངས་ཀྱི་དགེ་མཚན་དེ་ཉིད་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་ནས་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་པོར་འཕེར་རྒྱས་བཏང་བས།  འགྲིམ་འགྲུལ་དེ་ཉིད་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་བཀག་རྒྱ་ནས་འཕེལ་རྒྱས་ཀྱི་སྐུལ་སྤེལ་རོགས་འདེགས་བྱེད་ཆས་ཤིག་ཏུ་གྱུར། 
           ༢༠༡༣ལོའི་ལོ་མཇུག་ཏུ།  བོད་ལྗོངས་ཀྱི་གཞུང་ལམ་སྤྱིའི་རིང་ཚད་ལེ་དབར་ཁྲི༧ལས་བརྒལ་བ་དང་། གཞུང་ལམ་རིམ་པ་ལེ་དབར་ཁྲི
༨ལ་སླེབས། ལྷ་ས་ལྟེ་བ་བྱས་ཤིང་། རྒྱལ་ལམ་གཙོ་བོ་ལ་གཞི་བཅོལ་བ་དང་། མཐའ་འཁོར་གྱི་ལྗོངས་ཞིང་བཞི་དང་སྦྲེལ་བ།  ལྗོངས་ནང་ཁུལ་ནས་ཞིང་ཆེན་བར་སྦྲེལ་བ། ས་ཁུལ་དང་གྲོང་ཁྱེར་སྦྲེལ་བ། རྫོང་དང་ཤང་གྲོང་ལ་སྦྲེལ་བ་བཅས་ཀྱི་གཞུང་ལམ་དྲ་རྒྱ་དངོས་སུ་ཆགས།  མིག་སྔར། བོད་ལྗོངས་ཀྱི་འགྲུལ་སྐྱེལ་ལམ་ཐིག་༣༥༣ཡོད་པ་དང་།  རྫོང་རིམ་པའི་འགྲུལ་སྐྱེལ་ཁེབས་ཚད་བརྒྱ་ཆའི་༩༦དང་། ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ཁེབས་ཚད་བརྒྱ་ཆའི་༥༦བཅས་ལ་སླེབས།  ༢༠༡༣ལོར། བོད་ལྗོངས་ཀྱི་འགྲུལ་སྐྱེལ་གྲངས་འབོར་མི་ཐེངས་ཁྲི༤༣༥༨ལ་སླེབས་ཤིང་། དེ་ནི་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་༡
༦ལ་སླེབས་པ་དང་། ཟོག་འདྲེན་གྲངས་འབོར་ཏུན་ཁྲི་༡༢༤༠ལ་སླེབས་པ་དེ་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་༡༩འཕར།
           མིག་སྔར།  བོད་ལྗོངས་ལ་ལྷ་སའི་གུང་དཀར་གནམ་གྲུ་ཐང་དང་།  ཆབ་མདོ་སྤང་མདའ་གནམ་གྲུ་ཐང་།  ཉིང་ཁྲིའི་སྨན་གླིང་གནམ་གྲུ་ཐང་།  མངའ་རིས་དགུན་ས་གནམ་གྲུ་ཐང་། དེ་མིན་གཞིས་ཀ་རྩེ་ཞི་བདེ་གནམ་གྲུ་ཐང་བཅས་ཡོད་པ་དང་།   ནག་ཆུ་གནམ་གྲུ་ཐང་ད་ལྟ་འཛུགས་སྐྲུན་སྟ་གོན་བྱེད་བཞིན་ཡོད།  རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་༤༩ཡོད་པ་དང་། གྲོང་ཁྱེར་༣༠ལ་ཤར་གཏོང་ཐུབ། ༢༠༡༣ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྐུ་མགྲོན་སྐྱེལ་བསུ་བྱས་ཚད་མི་ཐེངས་ཁྲི༢༧
༩ལ་སླེབས་པ་དང་། དེ་ནི་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་༢
༤འཕར་བ་རེད།
   ༢༠༡༣ལོའི་ཟླ༥བར།  ལྷ་གཞིས་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གཉིས་སྦྲེལ་མཐུད་བྱུང་རྗེས།  ད་ལོའི་ཟླ་༩བར་ཚོད་ལྟའི་ཤར་གཏོང་བྱེད་རྒྱུའི་འཆར་གཞི་ཡོད། ལྷ་གཞིས་ལྕགས་ལམ་ཤར་གཏོང་བྱུང་རྗེས་ལྷ་ས་ནས་གཞིས་ཀ་རྩེ་བར་ཉིན་ཧྲིལ་བོར་འགྲུལ་སྐྱེལ་གྱི་ལམ་རྒྱུད་ཆེན་མོ་ཞིག་ཏུ་འགྱུར་ངེས།  ༢༠༡༣ལོར་མཚོ་བོད་ལྕགས་ལམ་གྱིས་སྐྱེལ་བསུ་བྱས་པའི་སྐུ་མགྲོན་མི་ཐེངས་ཁྲི༧༥
༣ལ་སླེབས་པ་དང་། དངོས་ཟོག་ཏུན་ཁྲི༤༠༤༩ལ་སླེབས་པ། སྐུ་མགྲོན་དང་དངོས་ཟོག་སྐྱེལ་འདྲེན་ཆ་སྙོམས་ཀྱི་གྲངས་འབོར་སྔ་ན་མེད་པའི་མཐོ་ཚད་གསར་བ་གཏོད།

ལོ་ངོ་༢༠རིང་ལ་འཕྲོད་བསྟེན་ལས་ཁུངས་རིགས་༡༣༠༠ལྷག་བསྐྲུན།

 ལོ་ངོ་༢༠ཡི་རིང་ལ། བོད་སྨན་དང་། ཀྲུང་ལུགས།  ནུབ་ལུགས་བཅས་ཟུང་འབྲེལ་གྱི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ཐོག་མར་ལེགས་འགྲུབ་བྱུང་ཞིང་། རིམ་པ་ཁག་དང་རིགས་ཁག་གི་འཕྲོད་བསྟེན་ལས་ཁུངས་༡༣༠༠ལྷག་ཡོད་པ་དང་། འཕྲོད་བསྟེན་གྱི་ལག་རྩལ་པ་ཁྲི་ལྷག་ལ་སླེབས།  ལྗོངས་ཡོངས་ཀྱི་བརྒྱ་ཆའི་༧༥ཡིན་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། བརྒྱ་ཆའི་༡༣ཡི་གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང་བཅས་ཀྱིས་བོད་སྨན་གྱི་ཞབས་ཞུ་འདོན་ཐུབ།  རྒྱལ་ཡོངས་སུ་མངོན་གྱུར་མ་བྱུང་སྔོན་ལ་བོད་ལྗོངས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ལ་སྨནས་བཅོས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པ་མ་ཟད། རིན་མི་ལེན་པར་སྨན་བཅོས་བྱེད་པ་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་རིམ་བཞིན་བཙུགས་ནས་ཞིང་འབྲོག་མང་ཚོགས་ལ་རིན་མེད་སྨན་བཅོས་བྱེད་པའི་གསབ་དངུལ་ཚད་གཞི་རིམ་བཞིན་ཇེ་མཐོར་བཏང་། 
༢༠༠༦ལོའི་ཚུན་ལ། ཞིང་ཆེན་དང་གྲོང་ཁྱེར༡༧དང་།  ཀྲུང་གོའི་གསོ་རིག་ཚན་རིག་གླིང་། ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་པུ་དང་ཅུས་ཁོངས་གཏོགས་ཀྱི་ལས་ཁུངས་ཀྱིས་ཁ་མཐུན་བོད་སྐྱོར་གྱི་འོས་འགན་དང་དུ་བླངས་ཏེ།  བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་༧དང་རྫོང་དང་གྲོང་ཁྱེར་ཁུལ་བཅས་༧༤གྱི་སྨན་ཁང་དུ་བསྐྱོད་དེ་ཕྱག་ལས་གནང་།  མི་རེའི་ཆ་སྙོམས་ཀྱི་ཚད་གཞི་ཆེས་མཐོ་ཤོས་མི་རེར་སྒོར་༡༢གྱིས་ཁ་མཐུན་རོགས་དངུལ་གནང་བ་དང་།  སྤྱི་བའི་འཕྲོད་བསྟེན་ཞབས་ཞི་རིགས་༩དང་རྣམ་གྲངས་༢༡སྒྲིག་འཛུགས་ལག་བསྟར་བྱས་ནས་སྨན་པ་ཁྲི་ཡིས་ཞིང་གྲོང་གི་འཕྲོད་བསྟེན་ལ་རོགས་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་བྱས། གྲོང་ཁྱེར་གྱི་ཀ་ཅན་གྱི་རིམ་པ་གསུམ་པའི་སྨན་ཁང་གི་སྨན་པ་༢༠༠ལྷག་སྒྲིག་འཛུགས་བྱས་ནས་ཁ་མཐུན་བོད་སྐྱོར་གྱི་རྫོང་རིམ་པའི་སྨན་ཁང་དུ་མངག་གཏོང་བྱས་པ་དང་། ཁྱོན་སྡོམ་ཆེད་ལས་ལག་རྩལ་རིགས་ཀྱི་སྨན་པ་ཁྲི
༢ལ་ཟབ་སྦྱོང་བྱས།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060