སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བྱམས་པ་གླིང་དགོན་གྱི་དགེ་འདུན་པའི་སྤྱི་དམངས་འཚོ་བ།
སྤེལ་དུས། 2014-07-25   ཡོང་ཁུངས། རྒྱལ་སྤྱིའི་སྐུད་ཐོག།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

བྱམས་པ་གླིང་དགོན་ནི་བོད་ལྗོངས་ཤར་ཕྱོགས་ས་ཆའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཡིན་ལ།  ད་བར་དུ་ལོ་ངོ༥༧༠ལྷག་གི་ལོ་རྒྱུས་ལྡན།  ཆོས་སྡེ་འདི་གའི་གྲྭ་བཙུན་རྣམས་ཀྱིས་མི་རབས་ནས་མི་རབས་བར་དད་ལྡན་མང་ཚོགས་ཀྱི་ཆོས་འགྱེལ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་མོད།  ལོ་འདི་གཉིས་རིང་།  དགོན་པའི་དགེ་འདུན་པ་༡༢༠༠ལྷག་སྤྱི་ཚོགས་སུ་ཞུགས་ནས་སྤྱི་དམངས་ཀྱི་ངང་ཚུལ་བཟུང་ཡོད་པས།  དེ་དག་ལ་དཔྱད་འདེམས་ཀྱི་དབང་ཆ་ཡོད་པའི་དུས་མཚུངས་སུ་སྨན་བཅོས་འགན་སྲུང་དང་།  ཆེས་དམའ་བའི་འཚོ་བའི་འགན་སྲུང་།  རྒན་གསོའི་ཉེན་འགོག་འགན་ལེན་སོགས་སྤྱི་ཚོགས་ཀྱི་འགན་སྲུང་ཅི་རིགས་ལོངས་སྤྱོད་བྱ་ཐུབ་པ་བྱུང་ནས།  ནད་ཡོད་ཚེ་སྨན་བཅོས་བྱེད་ཐུབ་པ་དང་།  ལོ་བགྲེས་ཚེ་གཉོར་སྐྱོང་ཡོད་པའི་བློ་སེམས་བདེ་ལ་འགོད་ཆོག་པའི་འཚོ་བ་རོལ་བཞིན་འདུག

 བྱམས་པ་གླིང་དགོན་ཆགས་སའི་ཆབ་མདོ་ས་ཁུལ་དུ་ཁྱོན་བསྡོམས་དགོན་སྡེ་ཆེ་ཆུང་ཅི་རིགས་༥༡༨ཡོད་ཅིང་གྲྭ་བཙུན་ཁྲི༡.༢ལྷག་ཡོད།  ས་གནས་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་བཅིངས་པའི་དད་པ་རྣམ་དག་གིས་ཁྱིམ་གྱི་བུ་ཕྲུག་གཅིག་དགོན་པར་བསྐྱལ་ནས་གྲྭ་བཙུན་བྱེད་པ་ནི་རང་གི་འོས་འགན་ཞིག་ཏུ་བརྩིས་འདུག     འོན་ཏེ་སྲོལ་རྒྱུན་ལྟར་ན་གྲྭ་བཙུན་དེ་དག་འདི་གར་གྲྭ་ལོག་བྱས་པ་ཡིན་ན་རང་གི་གྲོང་ཚོ་དང་འབྲེལ་ལམ་གཅོད་དགོས་པ་རེད།   ཆབ་མདོ་ས་ཁུལ་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཡུང་ཧྲེང་གིསཁོ་རང་དགོན་དུ་གྲྭ་བཙུན་བྱས་པ་ཡིན་ན་སྔར་གྱི་ཐོ་ཁོངས་ནས་ཁོའི་མིང་དོར་དགོས་པ་ཡིན།  དེའི་སྐོར་སྡེ་ཁྲིམས་དམངས་ཆིངས་སུ་གསལ་བོར་གཏན་འཁེལ་ཡོད་པ། དགོན་པ་ནས་ཕྱིར་བུད་རྗེས་གྲྭ་བཙུན་འདི་དག་ལོགས་སུ་དགར་བའི་ཐུན་མིན་གྱི་སྤྱི་དམངས་སུ་གྱུར་པ་རེད།  ཁོ་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་ནའང་།ཐོབ་ཐང་ཅི་ཡང་རག་མི་ཐུབ་ཏེ།  དཔྱད་འདེམས་བྱེད་དུས་ཁོང་རང་དེ་ནངཚུད་མི་ཐུབ  རྒྱུ་མཚན་ནི་གྲོང་ཚོའི་མིང་ཐོར་བཀོད་མེད་པས་རེད། སྨན་བཅོས་འགན་སྲུང་དང་ཆེས་དམའ་བའི་འཚོ་བའི་འགན་སྲུང་ཡང་ཁོ་བོ་ལཐོབ་མི་ཐུབ་ཅེས་ངོ་སྤྲོད་གནང་བྱུང་།

ཅུས་ཀྲང་ཡུང་ཧྲེང་གིས་ལོ་འདི་གཉིས་རིང་།  བོད་རང་སྐྱོང་ལྗོངས་ཀྱིས་བྱེད་སྟངས་འདི་བཅོས་སྒྱུར་བྱས་ནས།  གྲྭ་བཙུན་ཡོད་ཚད་ལ་རང་ཉིད་ཀྱི་དགོན་པ་ཡོད་ས་ནས་ཐུན་མོང་ཁྱིམ་ཐོ་བཟོས་པ་དང་།  ཁྱིམ་ཐོ་བཟོས་རྗེས་ཆེས་དམའ་བའི་འཚོ་བའི་འགན་སྲུང་དང་།  སྨན་བཅོས་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་རིགས་ཀྱིས་རྗེས་ཆོད་པར་བྱས་ནས་ལག་བསྟར་དོན་འཁྱོལ་གནང་ཡོད་ཟེར།

ངོ་སྤྲོད་ལྟར་ན།   མིག་སྔར་བྱམས་པ་གླིང་དགོན་པའི་སྒྲིག་ཁོངས་གྲྭ་བ་འགན་སྲུང་ལ་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད་པ་དང་།  ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཅན་གྱི་་གྲྭ་བ་༡༤༦ལ་ཆེས་དམའ་བའི་འཚོ་བའི་འགན་སྲུང་ལག་བསྟར་བྱས་ཡོད།   ད་ལོའི་ཟླ༦པའི་བར།   དགོན་པའི་ལོ་༦༠ཡན་གྱི་རྒན་གསོའི་ཉེན་འགོག་འགན་ལེན་རག་མཁན་གྲྭ་བ༢༩ཡོད་པ་དང་   བསྟུད་མར་སྨན་བཅོས་ཞག་སྡོད་རྩིས་ཁྲ་འབུལ་བའི་གྲྭ་བ༡༩༧ཡོད་ལ། འགྲོ་སོང་རྩིས་ཞུའི་སྒོར་ཁྲི༩༣ལ་སླེབས་ཡོད་ཅིང་།  ཆེས་དམའ་བའི་འཚོ་བའི་འགན་སྲུང་སྤྲད་སྒོར་ཁྲི༦༤ལ་སླེབས་ཡོད།

  བློ་དགའ་ལགས་ནི་བྱམས་པ་གླིང་དགོན་ནས་རབ་ཏུ་བྱུང་ནས་ལོ་ངོ་༢༠ལྷག་ཕྱིན་སོང་།  མིག་སྔར་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད།  ཁོ་རང་སྔོན་ཆད་ལོ་ངོ་བཅུ་གསུམ་རིང་བོད་རང་སྐྱོང་ལྗོངས་དང་ཆབ་མདོ་རྫོང་གི་མི་དམངས་ཚོགས་ཆེན་གྱི་འཐུས་མིར་བདམས་ནས་གྲྭ་བཙུན་གྱི་དཔྱད་འདེམས་དབང་ཆ་ལོངས་སྤྱོད་གནང་པ་རེད།  ཉེ་ཆར་ལག་བསྟར་གནང་པའི་འགན་སྲུང་གཉིས་དང་འགན་ལེན་གཅིག་གིསཆེས་དམའི་འཚོ་བའི་འགན་སྲུང་།  སྨན་བཅོས་འགན་སྲུང་།  རྒན་གསོའི་ཉེན་འགོག་འགན་ལེནཁོ་རང་བློ་བདེ་བར་གྱུར་ཡོད།

རྒྱལ་ཁབ་ཀྱི་སྲིད་ཇུས་འདི་དག་གིས་ང་ཚོ་གྲྭ་བཙུན་རྣམས་ཀྱི་བློ་སེམས་བདེ་བར་ཆགས་ཡོད་ལ་ཧ་ཅང་དྲོ་སྐྱིད་ལྡན་པ་ཞིག་རེད།  འགན་སྲུང་གཉིས་དང་འགན་ལེན་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དེས་གྲྭ་བཙུན་དག་གི་བདེ་ཐང་ལ་ཁག་ཐེག་བྱུང་པ་མ་ཟད།  སེམས་ཁྲལ་མེད་པར་བཟོས་ཡོད་པ་རེད།  ལྷག་པར་དུ་བགྲེས་སོང་ཁེར་རྐྱང་དག་ལ་དེ་ལས་ཀྱང་འགན་སྲུང་ལྡན་པར་བྱས་ཡོད་དོ།

བྱམས་པ་གླིང་དགོན་ན་ནིང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་གཙོ་གནད་ལས་ཁུངས་སུ་བདམས་པ་རེད།  དགོན་པའི་ནང་དུ་ཚོགས་ཆེན་འདུ་ཁང་དང་།  འཕགས་པ་ལྷ་སོགས་བླ་ཆེན་བཞིའི་སྒར་ཁ་དང་།  ཆོས་སྐྱོང་ལྷ་ཁང་།  རྩོད་གྲྭ།  སྒྲོལ་མའི་ལྷ་ཁང་།  གྲྭ་ཚང་ཆེན་མོ་དགུའི་སྒྲུབ་སྦྱོང་ཁང་སོགས་ཡོད་ཅིང་འཛུགས་བསྐྲུན་ས་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི༥ལྷག་ཟིན་ཡོད།  གཞི་ཁྱོན་ཆེ་བའི་བཟོ་བཀོད་དེར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི༩༠༠༠ལྷག་བཏོན་ནས་སྲུང་སྐྱོབ་དང་བསྐྱར་གསོ་གནང་པ་དང་།  སྐོར་ཁག་དང་པོའི་བསྐྱར་གསོ་ལེགས་འགྲུབ་བྱུང་པའི་དཔར་ཁང་གིས་རང་གི་བྱེད་ནུས་བསྐྱར་དུ་འདོན་ཐུབ་པ་བྱུང་ཡོད།  བློ་དགས་རྒྱལ་ཁབ་ཀྱི་རོགས་སྐྱོར་ལྡན་པ་ན་དགོན་པས་དད་ལྡན་མང་ཚོགས་ལ་སྔར་ལས་ལྷག་པས་ཞབས་ཞུ་བསྒྲུབ་ཐུབ།  འབྱུང་འགྱུར་དཔར་ཁང་གིས་རིན་མེད་སྒོས་དད་ལྡན་མང་ཚོགས་ཀྱི་ཆོས་དཔེ་གསུང་རབ་དཔར་པའི་ཐད་སྒྲིག་ཆས་དང་ས་གནས་འདོན་སྤྲོད་གནང་རྒྱུ་ཡིན་ཞེས་བསྟན་བྱུང་།

     དཔར་ཁང་བསྐྱར་གསོ་བྱས་ནས་གསར་པར་གྱུར་ཡོད་པས་ང་ཚོས་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  དཔར་ཁང་བཀོལ་སྤྱོད་བཏང་རྗེས།    དགོན་པས་སྔར་ལས་ལྷག་པའི་སྒོ་ནས་བྱེད་ནུས་བཏོན་ནས་ད་སྔ་ཡོད་པའི་སྒྲིག་ཆས་དང་དད་ལྡན་མང་ཚོགས་ཀྱི་དགོས་མཁོར་བསྟུན་ནས་ལས་ཀ་བསྒྲུབ་རྒྱུ་ཡིན།   གལ་ཏེ་དད་ལྡན་མང་ཚོགས་ཀྱི་དཔར་ཁང་དུ་ད་སྔ་ཡོད་པའི་དགེ་བཤེས་རྣམས་ཀྱི་ཞལ་འདོན་དང་ནང་བསྟན་གསུང་རང་བསྐྱར་དཔར་བྱེད་འདོད་ཡོད་ཚེ།  ང་ཚོས་རིན་མེད་སྒོས་སྒྲིག་ཆས་དང་ས་གནས་མཁོ་འདོན་གནང་རྒྱུ་ཡིན་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060