སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་འདོན་དགོས།
སྤེལ་དུས། 2014-09-07   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།    རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

                                   ——མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་འགྲེམ་བསྒྲགས་ལག་བསྟར་གནང་ནས་ལོ་༣༠འཁོར་བར་དྲན་གསོ་ཞུ་བ།

          མི་རིགས་མང་པོའི་རྒྱལ་ཁབ་ཞིག་ལ་མཚོན་ན།  རྒྱལ་ཁབ་ཀྱི་སྒྲིག་གཞིག་འདྲ་ཞིག་ལ་བརྟེན་ནས་རྒྱལ་ནང་གི་གནད་དོན་ཐག་གཅོད་རྒྱུ་ནི་གཙོ་བོ་རྒྱལ་ཁབ་ཀྱི་ཡུན་རིང་བརྟན་བརླིང་དང་མི་རིགས་ཁག་གི་མདུན་ལྗོངས་དང་ལས་དབང་ལ་འབྲེལ་ཡོད།  རྒྱལ་ཁབ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཡིན་ལ།  མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ཡང་ཡིན།  རང་རེའི་ཏང་གིས་སྔོན་ཆད་ནས་བཟུང་མི་རིགས་གནད་དོན་ལ་ཚད་མཐོན་པོའི་གཙིགས་མཐོང་མཛད་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་།   ལྷག་པར་དུ་༡༩༨༤ལོརཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམསའགྲེམ་བསྒྲགས་ལག་བསྟར་བྱས་པ་ནས་བཟུང་།  མི་རིགས་ས་ཁོངས་རང་སྐྱོང་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་དགོངས་དོན་དུ་གྲུབ་ཡོད།  ལག་ལེན་ཁྲོད་འཕེལ་རྒྱས་དང་།  འཕེལ་རྒྱས་ཁྲོད་འཐུས་ཚང་བྱུང་སྟེ། སྲིད་ཇུས་དང་།  ལམ་ལུགས།  ཁྲིམས་ལུགས་གསུམ་གཞི་གཅིག་ཏུ་གྲུབ་པའི་སྒྲིག་གཞི་ཆགས།  དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མ་ལག་གི་སྲོག་ཤིང་ཆེན་པོ་ཞིག་དང་།  སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་ཁྱད་ཆོས་མངོན་གསལ་ཞིག   ཁྲིམས་སྐྱོང་ཀྲུང་གོ་འཛུགས་བསྐྲུན་གྱི་འཐབ་ཇུས་ཤིག་བཅས་ཡིན། གོ་རིམ་དེའི་ཁྲོད་མི་རིགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་ལོན་ཡོད།

  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ།  བློ་མཐུན་ཞི་ཅིང་ཕེན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མི་རིགས་སྲིད་ཇུས་དང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་དུ་སྤེལ་དགོས་ན་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཚུད་པའི་ལམ་ལུགས་ཁག་ཅིག་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ།  རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན  གནས་བབ་གསར་པའི་འོག    ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར། མི་རིགས་ས་ཁོངས་རང་སྐྱོང་གི་རྒྱུན་ལེགས་པར་སྐྱོང་ཞིང་། འཐུས་སྒོ་ཆད་ལྷག་མེད་པ།  ལག་ལེན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྡུས་ཁར། མི་རིགས་ས་ཁུལ་དག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་གོམ་འགྲོས་སྔར་བས་ཇེ་མགྱོགས་སུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཞེས་པའི་བླང་བྱ་གསལ་བོར་བཏོན།

    མི་རིགས་ས་ཁོངས་རང་སྐྱོང་གི་རྒྱུན་ལེགས་པོར་སྐྱོང་ཞིང་འཐུས་སྒོ་ཚང་དུ་གཏོང་པར་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཛིན་དང་།  རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།

            མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་ལམ་ལུགས་ཀྱིས་གནང་བའི་བཀོད་སྒྲིག་གལ་ཆེན་རེད།   ང་ཚོ་ཏང་གིས་ཡུན་རིང་འཚོལ་ཞིབ་དང་ཡང་དང་བསྐྱར་དུ་གཤིབ་བསྡུར་བྱས་པ་བརྒྱུད།  ལམ་ལུགས་ཆིག་རྐྱང་ཅན་གྱི་རྒྱལ་ཁབ་སྒྲིག་གཞིའི་འོག་གི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་རེད།  དེའི་རྩ་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མངོན་འགྱུར་དང་སྲུང་སྐྱོབ་བྱ་རྒྱུ་དེ་རེད།  མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་དེས།  ལོ་རྒྱུས་སྲོལ་རྒྱུན་རྒྱུད་འཛིན་དང་མི་རིགས་ཀྱི་རྒྱལ་ཁབ་གནས་ཚུལ་གཅིག་གྱུར་བྱེད་པ། རྒྱལ་ཁབ་གཅིག་བསྡུས་གཅིག་གྱུར་སྲུང་སྐྱོབ་དང་མི་རིགས་ས་ཁུལ་གྱི་བར་ཁྱད་ལ་ཐུགས་ཁུར་གྱི་གཅིག་གྱུར་སྲུང་སྐྱོབ་བྱེད་པ།  ཀྲུང་ཧྭ་མི་རིགས་ཀྱི་ཕུང་གཅིག་རང་བཞིན་དང་མི་རིགས་ཁག་གི་རྒྱུ་མང་རང་བཞིན་ལ་བརྩི་བཀུར་བྱེད་པ་བཅས་གཅིག་གྱུར་རང་བཞིན་མཚོན་ཡོད།  དེ་ནི་ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་དང་ཆེས་འཚམ་པའི་ལམ་ལུགས་བཀོད་སྒྲིག་ཅིག་རེད།  རང་རྒྱལ་གྱི་རྩ་ཁྲིམས་སུགྲངས་ཉུང་མི་རིགས་ཁག་འདུས་སྡོད་ས་ཁུལ་དུ་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་། རང་སྐྱོང་ལས་ཁུངས་འཛུགས་པ། རང་སྐྱོང་དབང་ཆ་ལག་བསྟར་བྱེད་པ།  མི་རིགས་ཁག་རང་སྐྱོང་བྱེད་པའི་ས་ཁུལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པགསལ་པོར་བསྟན་ཡོད།   སྐད་ཆ་འདི་གཉིས་ལས་ཚིག་གཅིག་ཆད་ཀྱང་མི་རུང་།  དེའི་ཁྲོད།  རྒྱལ་ཁབ་གཅིག་གྱུར་ནི་ཨང་དང་པོ་ཡིན་ཏེ། མི་རིགས་ས་ཁོངས་རང་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡང་རེད།   རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གཅིག་གྱུར་མེད་ན།   མི་རིགས་ས་ཁོངས་རང་སྐྱོང་ནི་གླེང་ཐབས་མེད་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གཅིག་གྱུར་དང་ཁ་བྲལ་བ་ཡིན་ན།  དེ་ནི་ང་ཚོས་ལག་བསྟར་བྱེད་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་མི་སྲིད་ལ།  རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་མེད་པ་དང་། རྒྱལ་ཁབ་ཀྱིས་དབང་ཆ་སྤྲད་པ་མིན་ན།  མི་རིགས་རང་སྐྱོང་ས་ཆའི་རང་སྐྱོང་དབང་ཆར་ཁྲིམས་མཐུན་གྱི་རྨང་གཞི་མེད་པར་འགྱུར་ངེས

མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་གྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་ཐོབ་ཡོད།  ཀྲུང་གོ་གསར་པགཏོད་པའི་གོ་རིམ་ནང་དུ་རང་རེའི་ཏང་གིས་བཏོན་པའི་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པ་དེར་མི་རིགས་ཁག་གི་མི་དམངས་ཀྱིགོང་བཀུར་ཟོལ་མེད་ཐོབ་པ་དང་།  རང་རྒྱལ་གྱིམི་དམངས་དུང་ཕྱུར་ལྔའི་ཟིང་འཁྲུག་གི་གནས་སྟངས་མཇུག་བསྡུས་ཏེ།   རང་རྒྱལ་གྱི་གསར་བརྗེ་རྒྱལ་ཁ་དང་།  མི་རིགས་བཅིངས་འགྲོལ།   སྲིད་དབང་གསར་འཛུགས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་  ཀྲུང་གོ་གསར་པ་དབུ་བརྙེས་རྗེས།  མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་གྱིསམི་རིགས་ཁག་གི་མི་དམངས་རྣམས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ཐོབ་པས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་མཚོན་པར་བྱས་པ་དང་།  སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འདུན་པ་དང་སེམས་ཤུགས་ལ་ཡིད་ཆེས་ཀྱིས་བརྟས་སུ་བཅུག་ཏེ།   ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་བྱེད་པའི་ཧུར་ཐག་རང་བཞིན་དང་རང་རྟོགས་རང་བཞིན་ལ་སྐུལ་སློང་བྱས་པ་རེད  བཅོས་སྒྱུར་སྒོ་འབྱེད་གནང་རྗེས་སུ།  མི་རིགས་ས་ཁོངས་རང་སྐྱོང་གིས་རང་རྒྱལ་གྱི་མཐུན་སྒྲིལ་བརྟན་བརླིང་གི་ཆབ་སྲིད་གནས་བབ་སྲ་བརྟན་དང་།  དོན་དངོས་ཐོག་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།  དུས་རབས༢༠པའི་ལོ་རབས༩༠པའི་མཇུག་ལ།  འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་།  མི་རིགས་རིང་ལུགས་ཀྱི་རླབས་རྒྱུན་དྲག་ཏུ་རྒོད་པའི་གནས་ཚུལ་འོག  མི་རིགས་ས་ཁོངས་རང་སྐྱོང་གིས་བརྟན་འཇགས་འཕྲུལ་ཆས་ཀྱི་ནུས་པ་ཐོན་ནས་རང་རེའི་ཏང་དང་རྒྱལ་ཁབ་ལ་སྔར་བས་སྨྲ་བརྗོད་དབང་ཆ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་བསྩལ་བས།   ཛ་དྲག་གི་ཚོད་བགམ་ཅི་རིགས་ལས་བརྒལ་ཐུབ་པ་བྱུང་། ཉེ་བའི་ལོ་རིང་།  དགྲ་ཕྱོགས་སྟོབས་ཤུགས་ཀྱིས་རང་ཕྱོགས་སུ་སིམ་ཚད་ཇེ་དྲག་ཏུ་བཏང་ནས།  མི་རིགས་ཁ་བྲལ་རིང་ལུགས།  ཆོས་ལུགས་ཐལ་དྲགས་རིང་ལུགས།  དྲག་སྤྱོད་འཇིགས་སྐུལ་རིང་ལུགས་ཕན་ཚུན་མཉམ་འབྲེལ་བགྱིས་ཏེ་དེ་འབྲེལ་གྱི་བྱེད་སྒོ་ཇེ་མང་དང་རྐྱེན་ངན་དོན་རྐྱེན་ཁག་ཅིག་བཟོས་པ་རེད།  དེ་བས་མི་རིགས་ས་ཁོངས་རང་སྐྱོང་གི་ངོ་རྒོལ་སྟོབས་ཤུགས་དེ་དགྲ་ཕྱོགས་རིང་ལུགས་ཀྱི་ཁ་བྲལ་ལ་འགོག་རྒོལ་དང་མི་རིགས་མཐུན་སྒྲིལ་ལམ་ལུགས་ལ་སྲུང་སྐྱོབ་བྱེད་པའི་དགེ་མཚན་དུ་གྱུར།   མི་རིགས་ས་ཁོངས་རང་སྐྱོང་གི་ཆབ་སྲིད་བྱེད་ནུས་ནི་དུས་རབས་མི་འདྲ་བའི་མངོན་སྟངས་མི་འདྲ་བ་ཞིག་ཡོད་མོད།  རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ནི་དུས་ནམ་ཡང་སྲོག་ཤིང་གཙོ་བོ་ཡིན་ཞེས་བརྗོད་ཆོག །

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060