སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྐབས་དྲུག་པའི་“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགས”དཔྱད་འདེམས་སྐོར་གྱི་བརྡ་ཁྱབ།
སྤེལ་དུས། 2014-09-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགསནི་བོད་རང་སྐྱོང་ལྗོངས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཆེས་མཐོའི་གཟེངས་རྟགས་རེད།  དེ་ཡང་ལྗོངས་ཏང་ཨུད་དྲིལ་སྒྲོག་པུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད།  བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་སྐབས་དྲུག་པའིཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགསདཔྱད་འདེམས་བྱེད་སྒོ་སྤེལ་རྒྱུ་ཐག་བཅད་པ་རེད།

གཅིག  འགྲན་ཞུགས་བརྩམས་ཆོས་ཀྱི་དུས་ཚོད་དང་ཁྱབ་ཁོངས།

༢༠༠༩ལོའི་ཟླ༡པོའི་ཚེས༡ཉིན་ནས་༢༠༡༤ལོའི་ཟླ༩པའི་ཚེས༣༠ཉིན་བར། རང་ལྗོངས་ཀྱི་རྩོམ་རིག་སྒྱུ་རྩལ་པས་གསར་རྩོམ་བྱས་པ་མ་ཟད་འགྲེམས་སྤེལ་དང་། འགྲེམས་སྟོན།  སྤྱི་ཡོངས་ལ་འཁྲབ་སྟོན་གནང་པའི་རྩོམ་རིག་སྒྱུ་རྩལ་བརྩམས་ཆོས་སྟེ།  ནང་དོན་ལ་རྩོམ་རིག་བརྩམས་ཆོས་དང་།  རི་མོ།  བརྙན་ལེན།  དམངས་ཁྲོད་རྩོམ་རིག་སྒྱུ་རྩལདམངས་ཁྲོད་རྩོམ་རིག   དམངས་ཁྲོད་བཟོ་རྩལ།  ཐང་ཀ་འབྲི་བཞེངས  ཟློས་གར།  གློག་བརྙན་འཕྲིན།   གླུ་དབྱངས།  ཞབས་བྲོ།  ཡིག་གཟུགས།  རོལ་རྩེད།  རྩོམ་རིག་སྒྱུ་རྩལ་གཞུང་ལུགས།   ལོ་ཙྰ་བཅས་འདུ

གཉིས།     འགྲན་ཞུགས་བརྩམས་ཆོས་ཀྱི་བླང་བྱ།

   འགྲན་ཞུགས་བརྩམས་ཆོས་ལ་ངེས་པར་དུ་མི་རིགས་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་དགོས་པ།  ནུས་ཤུགས་ཡོད་རྒུས་གླེང་ཕྱོགས་གཙོ་བོ་དར་སྤེལ་དང་།  དྲང་ནུས་རྒྱུད་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མངོན་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག  སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་གཞིས་ཆེན་པོའི་ཁྲོད། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་དང་།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱས་ཏེམཛེས་སྡུག་གི་འཚོ་བ་གཏོད་པའི་རླབས་ཆེན་འཕེལ་རིམ་དང་རྣམ་པ་ལེགས་པོ་མཚོན་པར་བྱེད་དགོས།

  འགྲན་ཞུགས་མི་སྣ་ནི་ངེས་པར་དུ་ཡུན་རིང་པོར་བོད་དུ་ལས་ཀ་སྒྲུབ་པའམ་འཚོ་བ་རོལ་པའི་སྣ་གང་རུང་གི་རྩོམ་རིག་སྒྱུ་རྩལ་གསར་རྩོམ་མཁན་ཡིན་དགོས།

 འགྲན་ཞུགས་བརྩམས་ཆོས་ལ་ངེས་པར་དུ་པར་དབང་དང་གསར་རྩོམ་དབང་ཆ་ཡོད་དགོས།

  འགྲན་ཞུགས་བརྩམས་ཆོས་ཡོད་ཚད༢༠༡༤ལོའི་ཟླ༡༠པའི་ཚེས༡༠ཉིན་བསྡུ་མཚམས་དང་བསྐུར་མཚམས་འཇོག་རྒྱུ་ཡིན།

  འགྲན་ཞུགས་བརྩམས་ཆོས་ཀྱིས་གཅིག་གྱུར་གྱི་བླང་བྱ་ལྟར་སྙན་ཞུའི་རེའུ་མིག་སྐོང་དགོས་ཤིང་།  སྙན་ཞུའི་བརྩམས་ཆོས་ལ་འདྲ་དཔེ༥དགོས།  དེ་སྔོན་གཟེངས་རྟགས་གཞན་པ་རག་པའི་བརྩམས་ཆོས་ལ་གཟེངས་རྟགས་དཔང་ཡིག་པར་མ་རེ་ཡང་སྤྲོད་དགོས་འདུག

  གསུམ།  དཔྱད་འདེམས་དང་གཟེངས་རྟགས།

  ཐེངས་འདིའི་དཔྱད་འདེམས་གཟེངས་རྟགས་ལ་གསེར་གྱི་གཟེངས་རྟགས།  དངུལ་གྱི་གཟེངས་རྟགས།  ཟངས་ཀྱི་གཟེངས་རྟགས་བཅས་བཀོད་སྒྲིག་བྱས་ཡོད་ཅིང་།  དཔང་ཡིག་དང་།  གཟེངས་རྟགས་བུམ་པ།  གཟེངས་རྟགས་དངུལ་བཅས་གནང་རྒྱུ་རེད།

   རྩོམ་པ་པོ་རེ་རེའི་བརྩམས་ཆོས་རེ་དཔྱད་འདེམས་རིགས་གཉིས་སུ་སྤྲད་ཆོག་མོད།  དེ་ལས་རིགས་གཅིག་ལ་མ་གཏོགས་གཟེངས་རྟགས་རག་མི་ཐུབ།

   ལྗོངས་ནང་ཁུལ་གྱི་ལས་དོན་གཙོ་འགན་སྡེ་ཁག་གི་འགོ་ཁྲིད་དང་མིང་གྲགས་མཁས་པ།  ཆེད་མཁས།  གཞན་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་ཆེད་མཁས་གདན་དྲངས་ནས་དཔྱད་འདེམས་ཨུ་ལྷན་བཙུགས་ཏེ་བརྩམས་ཆོས་ལ་དཔྱད་འདེམས་གནང་རྒྱུ་རེད།

བཞི།  གསར་རྩོམ་དབང་ཆའི་ཁ་ཆད།

   ༡  འགྲན་ཞུགས་སྙན་ཞུའི་བརྩམས་ཆོས་ཡོད་ཚད་ཀྱི་གསར་རྩོམ་དབང་ཆ་ནི་མིང་བཏགས་རྩོམ་པ་པོ་མི་སྒེར་ལ་དབང་བ་དང་  དེར་ཐུན་མོང་གི་མིང་བཀོལ་ཆོག་ལ་མི་སྒེར་གྱི་མིང་བཀོལ་ཡང་ཆོག་པ་དང་།   གཟེངས་རྟགས་ནི་གསར་རྩོམ་མཁན་ལ་གནང་རྒྱུ་ཡིན

  ༢  སྐབས་དྲུག་པའིཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགསདཔྱད་འདེམས་བྱེད་སྒོའི་གཞུང་སྒྲུབ་ཁང་ལ་འགྲན་ཞུགས་བརྩམས་ཆོས་དྲིལ་སྒྲོག་དང་།  འགྲེམས་སྤེལ།  འགྲེམས་སྟོན་བཅས་བྱེད་པའི་དབང་ཆ་ཡོད།

ལྔ།   འགྲན་ཞུགས་བྱེད་ཐབས་དང་གཞན་དག

     འགྲན་ཞུགས་རྩོམ་པ་པོ་དང་ལས་ཁུངས་ཀྱིས་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ཙུའུ་འབྲེལ་འདྲིས་པུའུ་ནས་དཔྱད་འདེམས་བྱེད་སྒོའིའགྲན་ཞུགས་བརྩམས་ཆོས་ཀྱི་སྙན་ཞུའི་རེའི་མིགལེན་ཆོག་ལ། དྲ་ཐོག་ནས་ཕབ་ལེན་བྱས་ཀྱང་ཆོག        བླང་བྱ་ལྟར་རེའུ་མིག་བསྐང་རྗེས་བརྩམས་ཆོས་དང་ལྷན་དུ་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ཙུའུ་འབྲེལ་འདྲིས་པུའུ་ལ་བསྐུར་རོགས།

   སྡོད་གནས།  ལྷ་ས་གྲོང་ཁྱེར་པེ་ཅིང་དཀྱིལ་ལམ་ཨང་རྟགས༨༥

   སྦྲགས་སྲིད། ༨༥༠༠༠༠

   འབྲེལ་གཏུགས་མི་སྣ།  སྐྱིད་འཛོམས།  ལྦང་ལེན་ཧུང་།

  འབྲེལ་གཏུགས་ཁ་པར།  ༠༨༩༡༦༨༢༥༡༦༤    ༡༣༩༠༨༩༨༠༡༠༢   ༡༣༩༠༨༩༩༦༠༢༦

  བརྙན་སྐྱེལ།  ༠༨༩༡༦༨༣༣༨༠༢

   ཡིག་ཟམ།  jinzong_802@126.com

  དྲ་ངོས་ཕབ་ལེན།http://www.tibet.cn/zazhi/yishujiang.zip

    སྐབས་དྲུག་པའིཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགསདཔྱད་འདེམས་བྱེད་སྒོའི་གཞུང་སྒྲུབ་ཁང་ལ་ཐེངས་འདིའི་བྱེད་སྒོའི་ཞིབ་ཕྲའི་ནང་དོན་ཐད་འགྲེལ་བཤད་དབང་ཆ་ཡོད།

     སྐབས་དྲུག་པའིཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་ཐེབས་རྩའི་གཟེངས་རྟགསདཔྱད་འདེམས་བྱེད་སྒོའི་གཞུང་སྒྲུབ་ཁང་ནས

                                                                                                                                               ༢༠༡༤ལོའི་ཟླ༩པའི་ཚེས༥ཉིན།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060