|
མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་ཁོངས་གཏོཊ་ཁ་གཏད་བོད་སྐྱོར་གྱི་ལས་དོན་བཞུགས་མོལ་ཚོཊ་འདུ་འཚོཊ་པ། |
སྤེལ་དུས། 2016-08-24 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་སྒྲིག་པ། དགེ་ལེགས། |
དབྱིན་ཝུའེ་མིན་གྱིས་གསུང་བཤད་གནང་བ་དང་། ཁྲེན་ཆོན་གོས་ཤིས་ཚིག་གསུངས་པ། ཤིན་ཁྲང་ཤིང་གིས་གཙོ་སྐྱོང་གནང་བ། ཏེང་ཞའོ་ཀང་ཚོགས་འདུར་ཕེབས་པ། ཚེས་22ཉིན་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་ཆེད་མངགས་ཞིབ་འཇུག་བྱས་པ་དང་འབྲེལ་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཡིན་པའི་དབྱིན་ཝུའེ་མིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཤིས་ཚིག་གསུངས་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་ཅུས་ཀྲང་ཤིན་ཁྲང་ཤིང་གིས་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲུང་ཆེ་ཝང་རུའེ་ལན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ཀྲེང་ཤིའུ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་བཅས་ཚོགས་འདུར་ཕེབས་པ་རེད། དབྱིན་ཝུའེ་མིན་གྱིས་གསུང་བཤད་གནང་སྐབས་ཁ་གཏད་བོད་སྐྱོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཆེན་པོ་ཞིག་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་འཁུར་བའི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་བརྟན་པོར་འཛུགས་པ། རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ལ་འགན་ནུས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད། དབྱིན་ཝུའེ་མིན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་བའི་ལས་དོན་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་ལེགས་པར་སྤེལ་ནས། ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ལས་འགན་ཁག་ཡག་པོ་སྒྲུབ་དགོས། གཅིག་ནས་ལས་ཞུགས་བོད་སྐྱོར་གཏིང་ཟབ་བྱས་ཏེ་བོད་ཀྱི་ལས་ཞུགས་བརྟན་ལྷིང་དང་རྒྱ་ཆེར་གཏོང་དགོས་ཤིང་། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་ས་མཐའ་འཁྱོངས་བྱས་ནས་ལས་ཞུགས་བྱེད་ནུས་རིམ་བཞིན་མཐོ་རུ་གཏོང་དགོས་པ་དང་། འབད་བརྩོན་ཆེན་པོས་ལས་ཞུགས་ཀྱི་ལས་གནས་སྔར་བས་མང་པོ་གཏོད་དགོས་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། བོད་ཀྱིས་གཞི་ཁྱོན་ཆེན་པོས་ལག་རྩལ་བཟོ་པའི་སློབ་གསོ་དང་ལས་རིགས་གསོ་སྦྱོང་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་པའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གཉིས་ནས་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་ཤུགས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཤིང་། སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་འགན་ལེན་གྱི་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས། གསུམ་ནས་ལས་བྱེད་པ་དང་ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། བོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལས་བྱེད་པ་བདམས་ནས་བསྡུ་བའི་ཚད་གཞི་སྟབས་བསྟུན་ངང་ལག་བསྟར་བྱས་ནས་བོད་ཀྱི་ལས་བྱེད་པའི་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་དགོས་པ། བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སོགས་ཀྱི་ལས་དོན་ཡང་མུ་མཐུད་ཡག་པོ་སྤེལ་དགོས། བཞི་ནས་གླ་ཕོགས་ཐོབ་ཐང་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་རིང་བོད་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་པ་དང་ལས་བཟོའི་གླ་ཕོགས་ཐོབ་ཐང་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལྔ་ནས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པ”ཡི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འཆར་འགོད་འཛུགས་སྐྲུན་རྣམ་གྲངས་གང་མགྱོགས་གཏན་འཁེལ་བྱེད་དགོས་པ་དང་། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས་པ། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། དབྱིན་ཝུའེ་མིན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྤེལ་རྒྱུ་ནི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཡོངས་ཀྱི་དོན་ཆེན་ཞིག་ཡིན་པས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། འགན་འཁྲི་གསལ་པོ་བཟོས་ཏེ“མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན”དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་ཁོང་དུ་ཆུད་པར་བྱས་ནས་བོད་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་བོད་སྐྱོར་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས”པའི་སྐོར་གྱི་འཐབ་ཇུས་དགོངས་པ་གལ་ཆེན། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”པའི་མཛུབ་སྟོན་གལ་ཆེན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ཏན་ཏིག་ངང་སྤེལ་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་ལེགས་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དགོས་ཞེས་གསུངས་པ་རེད། ཁྲེན་ཆོན་གོས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ནི་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་དང་འབྲེལ་བ་ཡོད་ལ། མི་རིགས་ཁག་གི་མང་ཚོགས་ཐེ་ཞུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོབ་ཚོར་ཆེ་རུ་གཏོང་རྒྱུ། བདེ་སྐྱིད་སྟོན་གྲངས་ཆེ་རུ་གཏོང་རྒྱུ་བཅས་དང་འབྲེལ་བའང་ཡོད་ཅིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ལས་དོན་གལ་ཆེན་ཞིག་ཀྱང་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གོ་སྐབས་དང་སྒུལ་ཤུགས་ཤིག་ཏུ་བརྩིས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་སྔར་བས་མཐོང་ཆེན་བྱེད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནས་བབ་གལ་ཆེན་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ནན་ཏན་ངང་སྐུལ་ཁྲིད་བྱེད་པ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་བཏོན་པའི《ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་བྱས་ནས། བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་འབྲེལ་མཐུད་ཡག་པོ་བྱེད་པ། རྒྱབ་སྐྱོར་སྲིད་ཇུས་ཁག་བེད་སྤྱོད་འདང་ངེས་དང་བེད་སྤྱོད་ཡག་པོ་གཏོང་བ་བཅས་ཀྱིས་རང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན། སླད་ཕྱིན་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་བོད་ཀྱི་དམངས་འཚོ་ལེགས་སུ་འགྲོ་ཐུབ་པའི་འགན་ལེན་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བཅས་ཀྱི་ཆེད་དུ་སྒུལ་ཤུགས་ཆེན་པོ་དང་འདེགས་སྐྱོར་ཆེན་པོ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། |
|
|||||||||||
| |||||||||||