སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་སྲིད་གྲོས་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཐེངས་དང་པོའི་གྲོས་ཚོགས་མཇུག་བསྡུས།
སྤེལ་དུས། 2016-11-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཚེས་2ཉིན་གྱི་ཕྱི་དྲོ། སྲིད་གྲོས་ལྷ་ས་གྲོང་ཁྱེར་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་རྗེས་རྒྱལ་ཁའི་ངང་གྲོལ་བ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་དབང་སྟོབས་རྒྱལ་ལགས་གདན་ཞུས་ལྟར་མཇུག་འགྲིལ་མཛད་སྒོར་ཞུགས།
          ཚོགས་ཆེན་ཐོག་སྐབས་གསར་པའི་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་ བཅས་བདམས་ཐོན་བྱུང་། ཆབ་སྲིད་གྲོས་ཆོད་དང་་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་གྲོས་ཆོད། གྲོས་གཞིའི་ལས་དོན་སྙན་ཞུའི་གྲོས་ཆོད། གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།
          གྲོས་ཚོགས་ཀྱི་རིང་། ཚོགས་འདུར་ཞུགས་མཁན་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་བརྩེ་སེམས་ཆེན་པོ་དང་ནན་ཏན་གྱིས་འགན་འཁུར་བའི་བསམ་པས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་དམ་པོར་དམིགས་པ་དང་། ཁྱོན་ཡོངས་བརྟན་ལྷིང་དང་སྲིད་གྲོས་ལས་དོན་ཐད་གཏམ་སྒོ་ཡངས་པོ་ཕྱེ་སྟེ་གཏམ་བཤད་སྣ་ཚོགས་སྤེལ། བསམ་འཆར་ཡག་པོ་དང་གྲོས་འཆར་མང་པོ་བཏོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་འགན་ནུས་གཙང་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་པའི་ཆོད་སེམས་དྲག་པོ་མངོན་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དབྱར་མཚོ་རྒྱས་པ་བཞིན་སྐྱེ་སྟོབས་དང་གསོན་ཤུགས་ཆེ་རུ་ཐོན་པ་མཚོན་ཡོད།
          ཚོགས་འདུས་འབོད་སྐུལ་གཏོང་རྒྱུར། རྗེས་མའི་ལོ་5ཡི་རིང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཀྱི་ཨུ་ཡོན་ཡོངས་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་བསམ་བློ་འཛུགས་པར་ཤུགས་སྣོན་བྱ་དགོས། སྲིད་གྲོས་ཀྱི་ཁྱད་ཐོན་ལེགས་ཆ་འདོན་སྤེལ་དང་། མཐུན་སྒྲིལ་དང་མཛེས་སྡུག་ལྡན་པ། བདེ་སྐྱིད་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་ཆེད་ཐབས་འདོན་ཇུས་འབུལ་བྱ་དགོས། དམངས་དོན་གྱི་འགན་འཁྲི་རྒྱུན་འཁྱོངས་ཀྱིས་“འཐབ་ཇུས་ཆེན་པོ་དྲུག་”ལག་བསྟར་མཐར་འཁྱོལ་ལ་སྐུལ་འདེད་གཏོང་བ། དམངས་གཙོ་དང་མཐུན་སྒྲིལ་གྱི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་དང་། རྒྱ་ཁྱབ་ཀྱིས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། རང་ངོས་ནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྲིད་གྲོས་ཀྱི་ལས་དོན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་དུ་བསྒྱུར་ནས་སླར་ཡང་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716