སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པ་ནི་ཆེས་བརྗེད་པར་དཀའ་བ་ཞིག་ཡིན།
སྤེལ་དུས། 2017-03-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།

  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་《ཀྲུང་གོའི་བོད་ལྗོངས་》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།
  ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་འོད་མདངས་བཀྲ་བའི་མུ་ཏིག་ལྟ་བུ་ཡིན་ལ། འཛམ་གླིང་རིག་གནས་ཁྲོད་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན། རིག་དངོས་དང་མངོན་མིན་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་ལྗོངས་ཤིག་ཡིན་པའི་ཆ་ནས་བོད་ལྗོངས་ནི་ལོ་རྒྱུས་ཕུན་སུམ་ཚོགས་པའི་ས་ཁོངས་ཤིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་བཀུགས་ཡོད། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་《ཀྲུང་གོའི་བོད་ལྗོངས་》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་བརྗོད་རྒྱུར་ལས་དོན་དེ་ནི་ཁོ་རང་ཉིད་ཀྱིས་བོད་ལྗོངས་སུ་དོ་ཁུར་ཆེན་པོ་བྱེད་པའི་ལས་ཀའི་གྲས་ཤིག་ཡིན། 
  2012ལོ། ལྷ་ས་གྲོང་ཁྱེར་བར་སྐོར་གྱི་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་ལ། ཆུ་འདོན་མ་ལག་འཐུས་ཚང་མིན་པ། གློག་སྐུད་རྙིང་ཐལ་ཆེ་བས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གནའ་གྲོང་སྒྱུར་བཅོས་བྱ་རྒྱུ་ཐག་བཅད་པ་དང་། རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་“གཅིག་བསྣོན་གཅིག་འཕྲིའི་”འགག་སྒྲོལ་ཐོག་མ་འགོ་བརྩམས། ཆེ་དགྲ་ལྷས་བརྗོད་རྒྱུར་“ངས་ལས་ཀ་འདི་ལ་‘གཅིག་བསྣོན་གཅིག་འཕྲི་’ཞེས་ཕྱོགས་བསྡོམས་བྱས་ཡོད་དེ། གཅིག་འཕྲི་བ་ནི་གྲོང་ཁུལ་རྙིང་པ་གཙོ་བོ་སྟེ། ལྷ་ས་དང་ལྷོ་ཁ། ཆབ་མདོ་སོགས་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་པའི་ས་ཁོངས་སུ་ཡོད་མི་འོས་པའི་བཀོད་པ་དང་། ཚོང་ལས་ཀྱི་ཁ་དབུགས་སྟུག་པོ་ཚང་མ་ཕྱིར་གཙང་ཕུད་བྱ་དགོས། ལས་སྣོན་ཁེ་ལས་དང་སློབ་གྲྭ། བྱ་བཞག་ཁེ་ལས་ཚན་པ་སོགས་ས་གནས་གཞན་ནས་འཛུགས་སྐྲུན་དང་འཚོ་གནས་འཕེལ་རྒྱས་ཆོག་པ་ཁག་ཕྱིར་འཕྲི་འགྲེམས་བྱ་དགོས། དེ་ནི་གཅིག་འཕྲི་བ་ཡིན།” 
  སྔོན་མ་བར་སྐོར་གྱི་ཁྲོམ་གཞུང་དུ་སྐོར་སྐྱོད་ཚོང་སྟེགས་4360ལྷག་ཙམ་ཡོད། ལོ་རེའི་ས་ག་ཟླ་བའི་དུས་ཆེན་དང་ངལ་གསོའི་དུས་ཚིགས་སུ་ཆོས་བསྐོར་བྱ་མཁན་དང་གནས་མཇལ་བ། དངོས་ཟོག་ཉོ་མཁན་མང་པོ་ཡོད། ཁྲོམ་ལམ་ཧ་ཅང་གུ་དོག་པ་དང་གློག་སྐུད་རྙོག་འཛིང་ཆེ་བ། འབར་གས་སླ་བའི་དངོས་རྫས་ལ་ཉེན་ཁ་ཤིན་ཏུ་ཆེ། ཆེ་དགྲ་ལྷས་ངོ་སྤྲོད་བྱས་དོན་“ད་ལྟ་བར་སྐོར་དུ་སྔར་ཡོད་ཀྱི་སྐོར་བསྐྱོད་ཚོང་བ་ཚང་མ་ཐོག་བརྩེགས་ཚོང་ཁང་གསར་བའི་ནང་སྤར་ཡོད།  ཚོང་བདག་96%གིས་བརྩི་བཀུར་ཐོབ། ཐོག་བརྩེགས་བང་རིམ་གསུམ་ཡོད་པའི་ཚོང་ཁང་དུ་ཉི་རླུང་གིས་གཙེས་མི་དགོས་ལ། དགུན་ཁ་དྲོད་རླངས་ཡོད། ཚོང་སྟེགས་ལོ་8ལ་རིན་མེད་པར་སྤྱད་ཆོག གལ་ཏེ་གནས་ཚུལ་ཁྱད་པར་ཅན་ཡིན་ཚེ་ལོ་10་ནས་ལོ་20བསྲིངས་ཀྱང་ཆོག མི་དམངས་ས་ནས་བླངས་ཏེ་མི་དམངས་གི་དོན་ལ་སྤྱོད་པ་ཡིན། ད་ལྟ་གནས་སྤོས་ཏེ་ལོ་བཞི་འགོར་ཡོད། ཚང་མར་བདེ་ཞིང་སྐྱིད་པའི་ལས་ལ་བརྩོན་བཞིན་ཡོད།” 
  ལྷ་སའི་གྲོང་ཁུལ་རྙིང་པའི་སྲུང་སྐྱོབ་ལས་གྲྭས་སླར་གསོ་བྱས་པའི་སྲོལ་རྒྱུན་གྱི་བཟོ་སྐྲུན།
  གཙུག་ལག་ཁང་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ལོ་ངོ་300ལྷག་ཙམ་རིང་ཉམས་གསོ་བྱས་མྱོང་མེད། གནའ་གྲོང་བསྒྱུར་བཅོས་བྱེད་པའི་གོ་རིམ་ཁྲོད་ཚང་མ་ཉམས་གསོ་གསར་བརྗེ་བྱས། དགོན་པའི་གྱང་ལྡེབས་དུ་བས་སྣུམ་རལ་དུ་གྱུར་ཡོད། ད་ལྟ་སྔ་མའི་ལྡེབས་རིས་ཉམས་གསོ་བྱས་ཡོད། སྔོན་ཆད་དགོན་སྡེའི་ལྷ་ཁང་ནང་དུ་སྐྱེ་དངོས་སྣུམ་གྱི་སྒྲོན་མེ་མཆོད་ཀྱི་ཡོད། ད་ལྟ་ཚང་མ་སྲོལ་རྒྱུན་གྱི་ལྷད་མེད་མར་སྤྱོད་ཀྱིན་ཡོད། གནས་མཇལ་བས་དགོན་པར་གནས་མཇལ་བྱེད་སྐབས་ངེས་པར་དུ་མར་གཙང་མ་བེད་སྤྱོད་བྱ་རྒྱུ་སྐུལ་སློང་བྱ་བཞིན་ཡོད།“འདི་ལྟར་བྱས་ན་ཧ་ཅང་གཙང་མ་དང་བདེ་འཇགས་ཡིན། རིག་དངོས་སྲུང་སྐྱོབ་ལའང་དགེ་མཚན་ཡག་པོ་ཡོད།  ང་ཚོའི་རིག་གནས་སྲུང་སྐྱོང་བྱེད་པར་རྒྱལ་ཁབ་རིམ་པ་དང་སྲིད་གཞུང་རིམ་པ། མི་དམངས་མང་ཚོགས། རྒྱ་ཆེའི་གྲྭ་བ་ཚང་མ་སྐུལ་སློང་བྱས་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཁོ་ཚོར་མི་ཚང་མར་འགན་འཁྲི་ཡོད་པའི་འདུ་ཤེས་ཆགས་པ་བྱེད་དགོས།”
  གཞན་ཡང་། གྲོང་ཁུལ་རྙིང་པའི་འཕྲི་བ་མཐར་ཕྱིན་པ་བྱ་ཆེད། ད་དུང་གྲོང་ཁུལ་རྙིང་པ་དང་བར་སྐོར་ཁྲོམ་གཞུང་གི་མི་སྣ་གྲགས་ཅན་56གྱི་སྒོ་ར་ཡོངས་སུ་གཙང་དག་བྱ་དགོས། དཔེར་ན་བོད་སྡོད་ཡ་མོན། གཙང་དག་བྱས་རྗེས་ཡ་མོན་གྱི་རྣམ་པ་ངོ་མ་སློབ་གསོ་བགྱིས་ཏེ་རྒྱལ་གཅེས་སློབ་གསོའི་རྟེན་གཞི་བྱས་ཡོད། ང་ཚོས་སྡོད་ཁང་དང་སྒོ་ར་རྙིང་པ་ཁག་གཅིག་དང་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པ་ཡོད་པའི་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་སྒྲུབ་རྒྱུ་ཡིན།”
  2016ལོར་དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོའི་》འཁྲབ་སྟོན་ཐོག་མ་དེ་བོད་ལྗོངས་ལྷ་སའི་ཚེ་མཆོག་གླིང་བོད་ཁྱིམ་ཡུལ་སྲོལ་ཁྲོམ་གཞུང་དུ་སྤེལ་ཞིང་། ལྟད་མོ་བ་5000ལྷག་གི་སྤྱན་ལམ་དུ་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་བཤམས།
  འོ་ན་ཕྱིར་འཕྲི་བཏང་བ་དག་གང་ལ་བུད་སོང་ངམ།—— རིག་གནས་ཐོན་ལས་ཁག་ཚེ་མཆོག་གླིང་ལ་སྤར་ཡོད།
  དེས་ན་རྣམ་གྲངས་གང་དག་མང་དུ་བཏང་ཡོད།
  ཆེ་དགྲ་ལྷས་ང་ཚོར་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་ནི་དངོས་ལྗོངས་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ་》ཡིན།《འུན་ཤིང་ཀོང་ཇོ་》གྲ་སྒྲིག་བྱེད་དུས་ཟླ་ངོ་བདུན་བརྒྱད་ཙམ་ལས་མེད། འཁྲབ་སྟེགས་འཛུགས་སྐྲུན་ནས་འགོ་བཟུང་སྟེ་འཁྲབ་གཞུང་འབྲི་བ་དང་མཉམ་དུ་ཕྱོགས་གཞན་དུ་ལས་གཞི་སྒྲུབ་མགོ་བརྩམས་པ་དང་།  ཞིང་པའི་འཁྲབ་སྟོན་པ་བསྡུས་པ་བཅས་ལས་ཀ་ཁག་འགའ་མཉམ་དུ་སྒྲུབ་ནས་འགྲུབ།
  ཆེ་དགྲ་ལྷས་བརྗོད་རྒྱུར།“སྐབས་དེ་དུས་གནམ་གཤིས་ལེགས་པོ་མིན། ཆར་བབས་ཞིང་གནམ་གཤིས་འཁྱག ལམ་བཙོག་པོ་ཡོད། ངས་བརྗོད་རྒྱུར་ཆར་བབ་པའི་མི་ཚད་རྣོ་གྲི་བབ་ཀྱང་ང་ཚོས་ལས་ཀ་བྱ་དགོས། དེ་ལྟར་སྒྲུབ་པའི་སྙིང་སྟོབས་དགོས། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཞིག་ལས་ཡུལ་དངོས་སུ་གཉིད་ལ་ཡུར་སོང་། ད་དུང་བློ་མཐུན་གཞན་དག་ཀྱང་ལས་གྲྭའི་ཐོག་གཉིད་ཡོད། ཚང་མས་ལས་ཀའི་མདུན་དུ་དེ་ལྟར་བྱ་བ་སྒྲུབ་པ་རེད།”“ལོ་ཤས་རིང་དངོས་ལྗོངས་ཟློས་གར་གྱི་ལྟད་མོ་བ་མི་ཐེངས་ཁྲི་50ལྷག་ཙམ་ཟིན་ཡོད། དེའི་འགྲམ་དུ་ད་དུང་གནམ་གྲུའི་རྟེན་མཛོད་ཁང་ཞིག་ཇུས་འགོད་བྱས་ཡོད། སང་ལོ་དངོས་སུ་སྒོ་འབྱེད་རྩིས་ཡོད། དེ་ནི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཡིན་ལ་ལྷ་ས་གྲོང་ཁྱེར་དང་ཐུན་མོང་ཐོག་བསྐྲུན་པ་ཡིན།”དེའི་མི་ཚད་ཉེ་འགྲམ་དུ་ད་དུང་དངོས་ལྗོངས་ཟློས་གར་《གྱིམ་ཤིང་ཀོང་ཇོའི་》འཁྲབ་སྟོན་སྟེགས་བུ་དང་ཁམས་པའི་རྟེན་མཛོད་ཁང་། ཨེ་ཤེ་ཡ་ལྷོ་མའི་རིག་གནས་གླིང་། སྒྱུ་རྩལ་པའི་གསར་རྩོམ་ཁུལ། གློག་བརྙན་གསར་རྩོམ་རྟེན་གཞི་སོགས་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཁང་འགའ་ཡོད།“ང་ཚོས་གྲོང་ཁུལ་རྙིང་པའི་ལོ་ངོ་1400ལོ་རྒྱུས་མ་ཉམས་གསོན་པོ་རྒྱུན་བསྐྱངས་ཡོད། ”
  བར་སྐོར་གྱི་གྲོང་ཁུལ་རྙིང་པ་སྒྱུར་བཅོས་བྱེད་དུས། སྐབས་དེའི་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་རྒྱུན་དུ་དགོང་མོའི་ཆུ་ཚོད་11གམ་ཐ་ན་མཚན་གུང་ཆུ་ཚོད་1་ཡོལ་དུས་ད་དུང་ལས་ཡུལ་དུ་ཡོད། གནམ་གྲུ་ལས་བབ་མ་ཐག་པའི་དོན་དག་དང་པོ་ནི་ལས་ཡུལ་དངོས་སུ་མ་སླེབས་ཚེ་ཐུགས་བློ་བདེ་བོ་ཡོང་བ་ཞིག་མིན་པར། ལས་ཡུལ་དངོས་ཀྱི་གནད་དོན་ངེས་པར་དུ་ལས་ཡུལ་དངོས་སུ་ལྟ་ཞིབ་དང་ཐག་གཅོད་བྱ་ཐུབ་དགོས།”
  ལས་ཀ་ནི་འདི་ལྟར་རེ་རེ་བཞིན་བསྒྲུབས་ནས་འགྲུབ་པ་དང་། དཔུང་ཁག་ཀྱང་དེ་ལྟར་སོ་སོ་གསོ་སྐྱོང་བྱས་པ་ཡིན།“ལག་པའི་ཕུ་ཐུང་བརྫེས་ཏེ་ཤུགས་རྒྱོབ་ཅེས་པ་ནི་མཚོ་འགྲམ་གྱི་འབོད་ཚིག་ཙམ་མ་ཡིན་པར་ཆུ་ཡོད་སར་ཅིས་ཀྱང་སྣེ་ཁྲིད་དེ་ཆུར་བརྒལ་དགོས། ཆུ་འགྲམ་ནས་འབོད་ཚིག་བསྒྲགས་པ་ཙམ་གྱིས་འགྲིག་གི་མ་རེད། ང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་པའི་འགོ་ཁྲིད་པ་གཅིག་ཡིན་པའི་ངོས་ནས། ལྷན་རྒྱས་ཚོ་མཐུན་སྒྲིལ་ག་འདྲ་ཡོང་བ་བྱ་དགོས་པ་ནི་བློ་སེམས་གཅིག་ལ་གཅིག་གཏད་ཡོང་བ་དགོས། དེ་ལྟ་བུའི་འདུ་ཤེས་ལ་བརྟེན་ནས་ལས་ཀ་ལས་པ་དང་དཔུང་ཁག་གི་སྣེ་ཁྲིད་པ། ཀུན་སྤྱོད་ལེགས་པོ་བསྒྱུར་ཏེ་བྱ་བ་འགྲུབ་ཚེ་དོན་དམ་དུ་སེམས་ཀྱང་མི་དམངས་མང་ཚོགས་དང་དུས་གཏན་དུ་སྦྲེལ་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716