སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་ཡུན་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་སུ་རྟོག་ཞིབ་གནང་བར་ཕེབས་པ།
སྤེལ་དུས། 2017-03-24   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།

          ཚེས་17ནས་19ཉིན་བར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་པའི་སྣེ་ཁྲིད་དེ་ཡུན་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་སུ་ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། དེའི་རིང་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་མེའར་དང་། ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་སུན་ཀྲི་ཀང་། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཧའོ། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་རོན་ཁྲེང་ཧྥ་བཅས་ཀྱིས་ཀུའེ་དབྱང་དང་ཁུན་མིང་དུ་རྟོག་ཞིབ་ཚོགས་པ་དང་བཅས་པར་སོ་སོར་མཇལ་འཛོམས་གནང་བ་དང་ཕྱོགས་གཉིས་ཀས་དབུལ་སྒྲོལ་འགག་སྒྲོལ་དང་མཉམ་ལས་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ནང་དོན་ཐད་གྲོས་བསྡུར་གཏིང་ཟབ་གནང་བ་རེད།

          ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཡག་པོ་བྱེད་པ། དབུལ་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཇི་ལྟར་བྱེད་དགོས་པའི་གནད་དོན་ཐད་བསམ་གཞིག་བྱེད་བཞིན་དུ་རྟོག་ཞིབ་ཚོགས་པས་དུས་ཐུང་ཉིན་3རིང་སྔ་རྗེས་སུ་ཀུའེ་ཀྲོའུ་ཞིང་ཆེན་པེ་ཅེ་གྲོང་ཁྱེར་ཝུའེ་ཉིང་རྫོང་དང་། ཏ་ཧྥང་རྫོང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་བཅས་སུ་ཕེབས་པ་རེད། གསོན་ཉམས་དོད་པའི་དཔེ་མཚོན་ངོ་མ་རེ་རེའི་མདུན་དུ་ཁོངས་མི་ཡོངས་ཀྱིས་ལྟ་སྦྱོང་ནན་ཏན་བྱས་པ་དང་ཟིན་ཐོ་ཞིབ་ཕྲ་བཀོད་དེ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ཁེ་ལས་མཁས་པ་དང་ཉམས་མྱོང་སྤེལ་རེས་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས་མཉམ་ལས་ཡོང་བར་གཞོལ་བ་རེད།

          པི་ཅེ་ཚང་ནི་ནུབ་རྒྱུད་དཔེ་སྟོན་ཁུལ་དབུལ་པོ་ཞིག་ཡིན་ཞིང་། ཏང་གི་སྐབས་བཅོ་བརྒྱད་པ་འཚོགས་ཚུན་པི་ཅེ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཡུལ་བབ་དང་བསྟུན་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་དུས་སྐབས་གསར་པའི་དབུལ་སྐྱོར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་བས་མི་དམངས་ཀྱི་འཚོ་བ་དང་སྣོད་བཅུད་ཁོར་ཡུག་ལ་སྔར་བྱུང་མྱོང་མེད་པའི་མཆོང་སྐྱོད་བྱུང་སྟེཔི་ཅེ་བྱེད་སྟངསསྐད་གྲགས་ལྡན་པ་ཞིག་ཆགས་ཡོད། ཆེ་དགྲ་ལྷ་དང་བཅས་པས་ས་ཆ་དངོས་ཀྱི་ཞའོ་རུང་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་རྩ་འཛུགས་གསོ་སྐྱོང་ལྟེ་གནས། ཧྭང་ཏ་ཏ་ཧྥང་སློབ་ཆུང་གཉིས་པ། བུ་བཅོལ་ཁང་ཨང་གཉིས་པ་སོགས་ཡུལ་དངོས་སུ་ཕེབས་ནས་ཐོན་ལས་དབུལ་སྐྱོར་དང་དེ་བཞིན་ཡུལ་གཞན་དུ་གནས་སྤོས་ལས་དོན་སྤེལ་ཐབས་དང་གྲུབ་འབྲས་ལ་བརྟག་ཞིབ་གནང་ཡོད།

          རྟོག་ཞིབ་ཚོགས་པ་དང་བཅས་པས་ཝུའེ་ཉིང་རྫོང་གི་ཐོན་ལས་སྐྱེད་སྲིང་འདུ་འགོད་ཀྱི་ཤུགས་ས་གནད་ལ་འཁེལ་བ་དང་། ལམ་བུའི་གདམ་ག་འགྲིག་པ། ཕན་འབྲས་བཟང་བ་བཅས་དཔྱད་གཞིར་འཛིན་རིན་ཡོད་པ་དང་། ཧེང་ཏ་ཚོགས་པས་ཏ་ཧྥང་རྫོང་ལ་ཆ་སྒྲིག་རོགས་སྐྱོར་བྱེད་སྟངས་ལ་སློབ་སྦྱོང་བྱེད་རིན་ཡོད་པས་ང་ཚོས་ཁ་གཏད་བོད་སྐྱོར་གྱི་ལམ་སྲོལ་གང་ལེགས་སྤྱད་དེསྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའིབྱེད་ཐབས་ལ་བརྟེན་ནས་བོད་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བར་རོགས་རམ་བྱ་རྒྱུའི་ངོས་འཛིན་གནང་བ་རེད།

          ཆེ་དགྲ་ལྷ་དང་བཅས་པས་ཁུན་མིང་གྲོང་ཁྱེར་གྱི་འཇའ་ཚོན་སྣ་ལྔའི་ཡུན་ནན་གྱི་སྐད་གྲགས་ལྡན་པའི་གནའ་གྲོང་དང་། ཏོའུ་ནན་རྒྱལ་ཁབ་མེ་ཏོག་ཐོན་ལས་གླིང་ཁུལ། ཁུན་མིང་ཤུན་ཏེན་རྫོང་ཐོན་ལས་དབུལ་སྐྱོར་རྣམ་གྲངས་བཅས་ལ་རྟོག་ཞིབ་གནང་ནས་ཡུན་ནན་གྱི་ཐོན་ལས་འདེགས་སྐྱོར་དང་། ཁོར་ཡུག་སྲུང་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། དམངས་འཚོ་ལེགས་གཏོང་། གནད་སྨིན་དབུལ་སྐྱོར་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཆེ་དགྲ་ལྷས་ཡུན་ནན་ཞིང་ཆེན་གྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཆར་འགོད་འདུ་ཤེས་དང་། སྒོ་དབྱེ་མཉམ་ལས། དོ་དམ་གྱི་སྒྲིག་གཞི་གསར་གཏོད་སོགས་ཀྱི་སྔོན་ཐོན་ཉམས་མྱོང་དང་འཕེལ་རྒྱས་བསམ་ཕྱོགས་སློབ་སྦྱོང་དང་དཔྱད་གཞིར་གང་ལེགས་བཟུང་ནས་བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ་དང་། བསམ་ཕྱོགས་རྒྱ་སྐྱེད་གཏོང་བ། སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་རང་འགུལ་ངང་སྔོན་ཐོན་ལ་ལྟ་བ་དང་སྔོན་ཐོན་གྱི་བསམ་བློ་དང་ལེན་བྱས་ནས་འཕེལ་རྒྱས་ཀྱི་ཞན་ཆ་འཚོལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། རྟོག་ཞིབ་གནང་རིང་ཆེ་དགྲ་ལྷས་རྟོག་ཞིབ་ཀྱི་བར་གསེང་དང་ངལ་གསོའི་དུས་ཚོད་སྤྱད་དེ་རྟོག་ཞིབ་ཚོགས་པའི་བློ་མཐུན་བསྐོངས་ནས་གཅིག་སྡུད་ཐོག་གྲོས་བསྡུར་བྱེད་པ་མ་ཟད། ཡུན་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་པོའི་དབུལ་སྒྲོལ་ཉམས་མྱོང་ཁོང་དུ་ཆུད་པར་བྱས་ཤིང་། ཆེ་དགྲ་ལྷས་གཞན་གྱི་ཉམས་མྱོང་བཟང་པོར་དཔེ་བལྟས་ནས་རང་གི་བྱ་བ་ལེགས་བཅོས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་སྐོར་གྱི་མཛུབ་ཁྲིད་དགོངས་པ་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུར་གཞི་བཙུགས་ནས་ཡུན་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་པོའི་ཉམས་མྱོང་བཟང་པོ་དང་ལྷག་པར་དུ་གསར་གཏོད་ཀྱི་འདུ་ཤེས་དང་། བསམ་པའི་ཉམས་འགྱུར་བཟང་པོ། ལས་ཀའི་སྤྱོད་ཚུལ་ཏན་ཏིག བྱེད་ཐབས་ནུས་ལྡན་བཅས་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་སྦྱངས་ནས་བསམ་བློ་སྐྱེད་པ་དང་། སྦྱངས་ནས་འབྲས་བུ་ཐོན་པ། སྦྱངས་པ་གོ་ཆོད་བཅས་བྱེད་ཐུབ་པ་བྱས་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་པའི་འབྲས་བུ་དེ་སྔར་བས་དངོས་སྒྲུབ་ཀྱི་བྱ་སྤྱོད་འཆར་གཞི་དང་། ལས་ཀའི་ཇུས་གཞི། བྱེད་ཐབས་ཞིབ་ཕྲ་བཅས་ལ་ཏན་ཏིག་ངང་བསྒྱུར་བ་བྱེད་པ་དང་ཆབས་ཅིག དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716