སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ58འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
སྤེལ་དུས། 2017-04-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
  ཟླ3པའི་ཚེས28ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དག་མཉམ་འཛོམས་ཐོག་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ58འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ནས། ཐུན་མོང་ཐོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་དགྱེས་སྟོན་ལ་རྟེན་འབྲེལ་ཞུས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུར་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་མཛད་སྒོར་ཞུགས་པ་རེད་།
  བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་བྱས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་ཞིང་འབྲོག་མི་དམངས།ཤེས་ལྡན་པ། ལས་བྱེད་པ། མི་རིགས་ཁག་དང་ལས་རིགས་ཁག་གི་རྒྱལ་གཅེས་མི་སྣར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་དང་། མི་དམངས་བཅིངས་འགྲོལ་དམག་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། རྒྱ་ཆེའི་ལས་བྱེད་པ་རྒན་པ། བློ་མཐུན་རྒན་པར་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད་བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
  བློ་བཟང་རྒྱལ་མཚན་གྱིས། ལོ་ངོ58གོང་གི་དེ་རིང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཞིང་བྲན་ལ་བཅིངས་འགྲོལ་གཏོང་རྒྱུ་ལྟེ་བར་དམིགས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཞིག་བོད་ལྗོངས་སུ་སྒོ་ཀུན་ནས་སྤེལ་བ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རླབས་ཆེན་གྱི་ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཞིང་། དེ་ནས་བཟུང་བོད་ལྗོངས་ནི་མུན་ནག་ནས་འོད་ཟེར་དང་། དབུལ་ཕོངས་ནས་འབྱོར་ཕྱུག རྗེས་ལུས་ནས་ཡར་ཐོན།  སྲིད་དབང་སྒེར་སྤྱོད་ནས་དམངས་གཙོའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་པ་རེད་། ལོ་ངོ58ཀྱི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་། ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཁོད་ཡངས་ཐོག་མཐུན་སྒྲིལ་འབད་འཐབ་དང་། བྱ་གཞག་ཁག་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་འོད་སྟོང་འབར་བ་ལོན་ཡོད་པ་དང་།སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ། མི་རིགས་ཁག་གི་མི་དམངས་ཀྱི་ལས་དབང་ལ་རྩ་བའི་འགྱུར་ལྡོག་བྱུང་ཡོད་ཅིང་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཁོད་ལམ་ཆེན་པོ་ཕྱེས་ཤིང་། ཡར་ལངས་ཞིང་བྲན་དང་ཁོ་ཚོའི་རྗེས་རབས་པ་དག་ནི་རིམ་པ་ཁག་གི་ཏང་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ལས་རིགས་ཁག་གི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་ཅིང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་གངས་ལྗོངས་ས་མཐོར་རྩ་བ་བཙུགས་ཤིང་རྩེ་མོ་རྒྱས་ཡོད་ཅེས་བསྟན་བྱུང་།
  བློ་བཟང་རྒྱལ་མཚན་གྱི། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མེད་གནང་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་སྟེ་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་རྣམ་གྲངས་དེ་བས་མང་བོ་བཀོད་སྒྲིག་མཛད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་ལས་བྱེད་ལས་བཟོ་རྣམས་ལ་དངོས་ཕན་དེ་བས་མང་བ་ཐོབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་ཡོད། དེ་རིང་། དཔལ་ཡོན་རྣམ་པར་བཀྲ་བའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྲེངས་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་ཡོད་ཅིང་། འཛམ་གླིང་སྐྱེ་བོ་ཀུན་གྱི་མདུན་དུ་མངོན་པར་བྱས་ཡོད། ལོ་རྒྱུས་དངོས་ཀྱིས་ར་སྤྲོད་བྱས་པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱས་ཚེ།  བོད་ལྗོངས་ལ་ད་གཟོད་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོད་སྲིད་ཅེས་བསྟན་བྱུང་།
  བློ་བཟང་རྒྱལ་མཚན་གྱིས། ལོ་རྒྱུས་མདུན་དུ་སྐྱོད་དགོས་པ་དང་སྤྱི་ཚོགས་ཡར་རྒྱས་འགྲོ་དགོས། ཏཱ་ལའི་རུ་ཚོགས་ཀྱིས་བོད་ལྗོངས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་། རྒྱུན་ཆད་མེད་པར་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་སྣ་ཚོགས་སྒྲིག་འཛུགས་དང་ངན་བཀོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་གོམ་སྟབས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་བཀག་འགོག་བྱེད་པ། ལོག་སྤྱོད་དང་མུན་ནག  ཀླ་ཀློ། རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་པའི་རྣམ་པ་བརྗེད་ཐབས་མེད་པ་དང་། དེ་རིང་ང་ཚོས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བ་ནི་འཛམ་གླིང་སྐྱེ་བོ་ཀུན་ལ་ལོག་སྤྱོད་ཀྱི་སྟོབས་ཤུགས་གང་གིས་ཀྱང་བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་འགོག་མི་ཐུབ་པ་དང་། “བོད་རང་བཙན་”བྱེད་འདོད་ཀྱི་བྱེད་སྤྱོད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུའི་ལྐོག་གཡོ་མཐའ་དག་ཕམ་ཉེས་སུ་འགྱུར་ཐག་ཆོད་ཡིན། བོད་ལྗོངས་ནི་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་དང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བོད་ལྗོངས་ཡིན་ལ། སྐར་ལྔའི་དར་དམར་ནམ་ཡང་གངས་ལྗོངས་ས་མཐོའི་ཐོག་ལྷབ་ལྷུབ་ཏུ་གཡོ་སྲིད་ཅེས་བསྟན་བྱུང་།
  བློ་བཟང་རྒྱལ་མཚན་གྱིས། མིག་སྔར་བོད་ལྗོངས་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་འགྲེངས་ཡོད་དེ། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་།  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། བཞི་བ། ལྔ་བ། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས་པའི”འཐབ་ཇུས་ཀྱི་དགོངས་དོན་གལ་ཆེན།“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར་། ཡུན་རིང་བོད་འཛུགས་སྐྲུན། མི་སེམས་གཅིག་ཏུ་སྒྲིལ་བ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་རྒྱུ་དེ་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་འཛིན་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་ལ་ཁག་ཐེག་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་། རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་རིག་གནས་དང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་ཡོང་བར་ཁག་ཐེག་བྱེད་དགོས་པ། སྐྱེ་ཁམས་ལེགས་པོ་ཡོང་བར་ཁག་ཐེག་བཅས་བྱས་ཏེ་ཧུར་ཐག་སྒོས་བདེ་སྡོད་ལས་བརྩོན་དང་འགན་ལེན་ནུས་ལྡན། ཁྱིམ་གཞིས་མཛེས་སྐྲུན། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་གྲུབ་བྱས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཁག་རྒྱུན་ཆད་མེད་པར་མདུན་དུ་སྐུལ་སྤེལ་གཏོང་དགོས་ཞེས་བསྟན་བྱུང་།
  བློ་བཟང་རྒྱལ་མཚན་གྱིས། ཐོག་མཐའ་བར་གསུམ་དུ་བརྟན་བརླིང་སྲུང་སྐྱོབ་དེ་འགན་འཁྲི་ཨང་དང་པོར་བརྩི་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཞི་མཐུན་བོད་ལྗོངས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ། ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུས་གོང་འཕེལ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ། ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་བོད་ལྗོངས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་པ། ཐོག་མཐའ་བར་གསུམ་དུ་དམངས་འཚོ་ཕྱོགས་སྟོན་ཨང་དང་པོར་བརྩིས་ནས་ནུས་ཤུགས་ཡོད་རྒུས་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཀྱི་མ་མཐའི་སྲུང་ཐིག་ཨང་དང་པོར་བརྩི་བ་དང་། ནུས་ཤུགས་ཡོད་རྒུས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་ཏེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་པའི་དམིགས་འབེན་ལ་བློ་སྤོབས་ཆེན་པོས་མདུན་སྐྱོད་བྱེད་པ་དང་། ཐུན་མོང་ཐོག་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འབྱུང་འགྱུར་གསར་གཏོད་བྱས་ཏེ་རྨད་བྱུང་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས་ཞེས་བསྟན།
  ཆེ་དགྲ་ལྷས་ཚོགས་འདུར་གཙོ་སྐྱོང་གནང་སྐབས། ལོ་རྒྱུས་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱི་ཞབས་རྗེས་རྣམ་པར་བཀོད་ཡོད་དེ། སླད་ཕྱིན་དེ་བས་ཀྱང་གཟི་བརྗིད་ལྡན་པའི་ལེ་ཚན་འབྲི་དགོས། ང་ཚོས་སྔར་བས་ཀྱང་ བློ་མཐུན་ཞིས་ཅིན་ཕིང་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས་། གཅིག་གྱུར་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འགོ་ཁྲིད་སྲོག་ཤིང་ སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས་པའི”འཐབ་ཇུས་ཀྱི་དགོངས་དོན་གལ་ཆེན་དང་།“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན”གྱི་མཛུབ་སྟོན་གལ་ཆེན་ལག་ལེན་མཐིལ་ཕྱིན་དང་དོན་འཁྱོལ་གཏིང་ཟབ་གཏོང་པ། ཧྲུའུ་ཅི་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་སྟེང་བཏོན་པའི་སླད་ཕྱིན་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་ཚད་ལྟར། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་སྐྱོད་པ་དང་། ལས་སྒྲུབ་ཏན་ཏིག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་རྩོམ་དགོས་ཞེས་བསྟན།
  བཞུགས་མོལ་ཚོགས་འདུའི་ཐོག་ཡར་ལངས་ཞིང་བྲན་གྱི་འཐུས་མི་ཚེ་བརྟན་སྒྲོལ་དཀར་དང་། དུས་ཡུན་རིང་བོར་ང་ཚོའི་ཏང་དང་གཅིག་སེམས་གཅིག་གཏད་དང་། བློ་གཅིག་སེམས་གཅིག་གིས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེའི་རྗེས་རབས་ཀྱི་འཐུས་མི་དཀོན་གྲགས་ཆོས་དབང་། སློབ་མའི་འཐུས་མི་ཚེ་རིང་བསམ་གྲུབ། ཏང་ཕྱིའི་ཤེས་ལྡན་པའི་འཐུས་མིའི་ཟླ་བ་སྒྲོལ་མ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བློ་བཟང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཟུར་ངོས་མི་འདྲ་བའི་ཐོག་ནས་བོད་ལྗོངས་རྙིང་པའི་མུན་ནག་གདུག་རྩུབ་དང་རུལ་སུངས་རྗེས་ལུས་ཐེར་འདོན་གཏིང་ཟབ་གནང་པ་དང་། རང་ཉིད་ཀྱི་མྱོང་ཚོར་དངོས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལ་སྤྲོ་སེམས་འཁོལ་བའི་ངང་ནས་བསྟོད་གླུ་ཕུལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱད་འཕགས་ཅན་ལ་སྤྲོ་སེམས་འཁོལ་བའི་ངང་ནས་བསྟོད་གླུ་ཕུལ་བ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་རླབས་པོ་ཆེར་སེམས་གཏིང་ནས་བསྟོད་གླུ་ཕུལ་ནས་དུས་ནམ་ཡང་བློ་བརྟན་འགྱུར་མེད་སྒོས་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་སྔར་བས་ཀྱང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
  ལྷ་སར་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔོན་རིམ་པའི་འགོ་ཁྲིད་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། དེ་རིང་བཞུགས་མོལ་ཚོགས་ཞུགས་མཁན་ལ་ད་དུང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། དུས་ཡུན་རིང་བོར་ང་ཚོའི་ཏང་ལ་གཅིག་སེམས་གཅིག་གཏད་དང་བློ་གཅིག་སེམས་གཅིག་གི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་དེའི་རྗེས་རབས་ཀྱི་འཐུས་མི། བོད་ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་བསྒྱུར་སོགས་ཀྱི་ལོ་རྒྱུས་དོན་རྐྱེན་གལ་ཆེན་ཁྲོད་ང་ཚོར་ཕངས་མེད་རོགས་སྐྱོར་དང་རོགས་སྐྱོར་ཤུགས་ཆེན་གནང་མཁན་མང་ཚོགས། དེ་བཞིན་རང་སྲོག་བློས་གཏོང་མཁན་མང་ཚོགས་ཀྱི་རྗེས་རབས་པའི་འཐུས་མི། ལས་བྲལ་དང་ལས་འཁྱུར་ངལ་གསོ་གནང་པའི་ལས་བྱེད་པའི་འཐུས་མི། ཡར་ལངས་ཞིང་བྲན། ཞིང་འབྲོག་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་འཐུས་མི། མི་རིགས་ལས་རིགས་སྡེའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐུས་མི། ཏང་ཕྱིའི་ཤེས་ལྡན་པའི་འཐུས་མི། རྒྱལ་ནང་དུ་ལོག་པའི་གཞིས་ཆགས་བོད་རིགས་སྤུན་ཟླའི་འཐུས་མི། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི། དགེ་སློབ་ཀྱི་འཐུས་མི་བཅས་ཞུགས་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716