སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བསམ་བློའི་གཞི་རྩ་བརྟན་པོ་བཙུགས་ནས་གདོང་ལེན་གྱི་རང་གཤིས་མངོན་པར་བྱས།
སྤེལ་དུས། 2017-04-07   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
—— “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ ཚོགས་འདུ་འཚོགས་ནས་ལོ་གཅིག་འཁོར་བའི་སྐབས་སུ་བྲིས་པ།
          “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་དང་གཞི་རྩའི་བླང་བྱ་དང་ལས་འགན་གཙོ་བོ་རྒྱས་བཤད་གཏིང་ཟབ་གནང་ནས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། 2016ལོའི་ཟླ་4ཚེས་6ཉིན་ཀྲུང་དབྱང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་བཀོད་སྒྲིག་གནང་ཡོད།
          ལོ་གཅིག་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བ། གསར་གཏོད་ལ་སྣང་ཆེན། ཕན་འབྲས་བརྩོན་ལེན་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ཚོས་སློབ་སྦྱོང་ངོ་མ་དང་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་ཚད་ལོན་ལ་སྐུལ་མ་གཏོང་བ། སློབ་སྦྱོང་བྱེད་ཀྱིན་ལེགས་བཅོས་བྱེད་པ་བཅས་བྱས་ཏེ“སློབ་སྦྱོང”ཁྲོད་བསམ་བློའི་གཞི་རྩ་བརྟན་དུ་གཏོང་བ་དང“ཚད་ལོན”ཁྲོད་གདོང་ལེན་གྱི་རང་གཤིས་མངོན་པར་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་མ་ནུས་ལྡན་བཏང་ཡོད།
          སྦྱོང་སྤྱོད་ཟུང་འབྲེལ་དང་ཤེས་སྤྱོད་གཅིག་སྡུད་བྱས་པ།
          རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སློབ་སྦྱོང་གཏིང་ཟབ་དང་ཚད་ལོན་ཏན་ཏིག་བྱས་ཏེ་སྦྱངས་པར་ཡིད་ཆེས་དང་། སྦྱངས་པ་གོ་ཆོད། སྦྱངས་པ་བེད་སྤྱོད་བཅས་ཧུར་ཐག་བྱས་པ།
          ཟླ་ཤས་བསྟུད་མར་ཧེ་ལུང་ཅང་ཧར་པིན་བཟོ་སྐྲུན་སློབ་ཆེན་གྱིས“ཏང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་བསྐྱར་དྲན་དང་། ཏང་ལ་ཞུགས་པའི་གླེང་མོལ་བསྐྱར་དྲན། ཏང་ལ་ཞུགས་པའི་དམ་ཚིག་བསྐྱར་དྲན”བཅས་ལ་བརྟེན་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཚ་རླབས་གསར་པ་ཞིག་འཕྱུར་བ་བྱས་ཡོད།
          “ཏང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་བསྐྱར་དྲན་བྱས་པ་ལས་ལོ་29ཡི་གོང་གི་རང་ཉིད་ཀྱི་མོས་པ་དང་ལྷག་བསམ་མཐོང་བྱུང་ལ་ཏང་ལ་ཞུགས་སྐབས་ཀྱི་གླེང་མོལ་དང་ཏང་ཡོན་གྱིས་མི་བཟང་ཁོ་ན་དང་རང་ཉིད་ཁོ་ན་ཡར་ཐོན་ཡོང་རེ་བྱེད་པ་ཙམ་མ་ཡིན་པར་ཏང་ཡོན་གྱི་གདོང་ལེན་གཟུགས་བརྙན་དེ་བས་བཏོད་དེ་འགན་འཁྲི་ལག་ལེན་ཧུར་ཐག་དང་མི་གཞན་གྱི་ཡར་ཐོན་ལ་སྣེ་ཁྲིད་ཀྱིས་རྒྱལ་ཁབ་དང་མཉམ་སྡེབ་ལ་ལེགས་སྐྱེས་འབུལ་དགོས་ཞེས་པའི་ཏང་ཡོན་རྒན་གྲས་ཚོའི་སློབ་གསོ་ད་དུང་སེམས་ལ་དྲན་གྱི་འདུག”ཅེས་ཏང་ལོ་30ཙམ་ཡོད་པའི་ཧར་པིན་བཟོ་སྐྲུན་སློབ་གླིང་འཇིག་རྟེན་འཕུར་སྐྱོད་དང་འཛུགས་སྐྲུན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཝང་ཀེ་ཡིས་བཤད།
          ཐོག་མའི་བསམ་འདུན་མི་བརྗེད་པ་དང་རང་གཤིས་མི་འགྱུར་བ་བྱས།
          རྒྱ་ཆེའི་ཏང་ཡོན་ཚོས་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། ཏང་ལ་ལྷག་བསམ་རྣམ་དག་རྒྱུན་འཁྱོངས། སྤྱོད་གཙང་གཞུང་དྲང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་བྱེད་པ་ནི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བརྗོད་དོན་རེད། ལོ་གཅིག་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཏང་རྩ་འཛུགས་ཀྱི་གཞི་རྩའི་འཚོ་བའི་རྣམ་པ་དང་ཏང་གི་སྒྲིག་ཡིག་དང་ཏང་སྲོལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་གཞི་རྩའི་ནང་དོན་དུ་བྱས་ཏེ་ཏང་ཡོན་སྒྲིག་འཛུགས་ཀྱིས་སློབ་སྦྱོང་དངོས་དང་གཏིང་ཟབ་བྱེད་པ་དང་ཏང་ཡོན་སྣེ་ཁྲིད་ཀྱིས་དད་མོས་ཀྱི་རྨང་གཞི་བརྟན་པོ་བཙུགས་ནས་བསམ་པའི་ཀལ་འདང་ངེས་གསབ་ཡོད།
          བཟོ་གྲྭ་དང་གྲོང་གསེབ་ནས་དཔུང་སྡེ་དང་སློབ་གྲྭའི་བར་དང་ཏང་སྲིད་ལས་ཁུངས་ནས་ཁེ་ལས་དང་བྱ་གཞག་ཚན་པའི་བར་ཏང་ཀྲི་པུའུ་ཚང་མ་དང་ཏང་ཡོན་ཚང་མས་སློབ་སྦྱོང་བྱེད་བཞིན་ཡོད། འགོ་ཁྲིད་ཀྱིས་སློབ་སྦྱོང་བྱེད་པ་མ་ཟད། ཏང་ཡོན་དཀྱུས་མས་ཀྱང་སློབ་སྦྱོང་བྱེད་པ་དང་ལས་ཐོག་ཏུ་ཡོད་མཁན་ཚོས་སློབ་སྦྱོང་བྱེད་པ་མ་ཟད་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱིས་ཀྱང་སློབ་སྦྱོང་བྱེད་ཀྱི་ཡོད། རིམ་ཁག་འགོ་ཁྲིད་ལས་ཁུངས་དང་། འགོ་ཁྲིད་ཚན་ཁག འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་སློབ་གསོ་ཀྲུང་གོའི་ས་གཞི་ཆེ་མོར་ཁྱབ་པར་བྱས་ཡོད།
          “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་རྨང་གཞི་ནི་སློབ་སྦྱོང་དང་འགག་རྩ་ནི་ཚད་ལོན་ལ་ཐུག་ཡོད། སློབ་སྦྱོང་སློབ་གསོ་དམངས་འཚོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཁོ་ནར་སྤེལ་བ་ཙམ་མ་ཡིན་པར་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཕྱོགས་ཚང་མར་ཁྱབ་པར་བྱེད་དགོས་ངེས་རེད།
          རྩ་འཛིན་དུ་མ་ལས་ནི་བྱ་སྤྱོད་གཅིག་ལྷག
          ལོ་གཅིག་རིང་། ཀྲུང་དབྱང་ནས་ས་གནས་ཀྱི་བར་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སློབ་སྦྱོང་སློབ་གསོ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་དང་ཟུང་འབྲེལ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ཡོད།
          གཞི་རིམ་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པར་དམིགས་ནས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྟ་བཤེར་ཚོགས་ཆུང་13བཙུགས་ནས་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན་གྱི“སྒྲོན་འོག་མུན་པའི”གནད་དོན་ཆེད་དོན་བཅོས་སྒྲིག་བྱས་ཏེ་ལས་ཁུངས་ཚན་པའི་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོར་དམ་འཛིན་ནན་པོ་དང་དམ་འཛིན་དངོས་བྱས་ཡོད།
          གཞི་རིམ་དུ་དོན་འཁྱོལ་བྱེད་སྐབས་ཕན་འབྲས་ལ་སྣང་ཆེན་བྱས་པ།
          སློབ་སྦྱོང་སློབ་གསོས་ཏང་ཡོན་གྱི་གདོང་ལེན་འདུ་ཤེས་འཆང་བར་འབོད་སྐུལ་དང་། ཚད་ལོན་གྱི་ཚད་གཞི་འཛུགས་པ། དཔེ་སྟོན་གྱི་གཟུགས་བརྙན་གཏོད་པ་བཅས་བྱེད་ཐུབ།
          སློབ་སྦྱོང་སློབ་གསོ་སྤེལ་ཚུན་རིམ་ཁག་ཏང་རྩ་འཛུགས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མཐུན་སྦྱོར་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། སྤྱོད་ཚུལ་སྒྱུར་བ་སོགས་ཀྱི་ཕན་འབྲས་དངོས་ཀྱིས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས་ཡོད།
          དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཏང་ཡོན་ནི་དར་ཆ་ཞིག་རེད།
          ཅང་ཤིས་ཞིང་ཆེན་ཕིང་ཤང་གྲོང་ཨུད་རྩ་འཛུགས་པུའི་ལུའུ་ཤིས་རྫོང་ཙེ་ཤིས་གྲོང་ཚོར་བཅའ་སྡོད“ཧྲུའུ་ཅི་ཨང་དང་པོའི”ངོས་ནས་ཧྥན་ཞའོ་རྨིན་གྱིས་དབུལ་པོའི་འབྱུང་རྩ་མེད་པར་བཟོ་བ་དང་དབུལ་ཞྭ་འབུད་པར་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་འགག་རྩ་ཡིན་པ་གསལ་པོ་ཤེས་ཀྱི་ཡོད། ཁོང་གི་སྣེ་ཁྲིད་འོག་ཕིང་ཤང་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་དང་དབུལ་སྐྱོར་ཟུང་འབྲེལ་གྱིས“ཏང་ཡོན་དུད་ཆེན་དང་དུད་ཚང་དབུལ་པོ་ཟུང་འབྲེལ”གྱི་འཕེལ་རྒྱས་གཏོང་ཐབས་ཁྱབ་གདལ་བཏང་བ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་ལག་རྩལ་གསར་པ་ཚོད་སྤྱོད་དང་སྣ་ཁ་གསར་པ་ཚོད་འདེབས་བྱེད་པ། ས་གནས་ས་ཐོག་ཏུ་དུད་ཚང་དབུལ་པོར་དཔེ་སྟོན་མཛུབ་ཁྲིད་བྱེད་པ་བཅས་ཀྱིས་གནད་ཀྱིས་ཁྱོན་ལ་སྣེ་ཁྲིད་དེ་ཐོན་ལས་དབུལ་སྐྱོར་ལ་ཞུགས་པའི་རྒྱ་ཁྱོན་དང་ཕན་འབྲས་ཐོན་པའི་རྒྱ་ཁྱོན་རྒྱ་ཆེར་བཏང་ཡོད།
          གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ནི་དབུལ་ཞྭ་འབུད་པའི་སྲོག་ཤིང་དུ་གྱུར་བ་དང་ཏང་ཡོན་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་ཡོད། 2016ལོར་ཙེ་ཤིས་གྲོང་ཚོས་དུད་ཚང་43དབུལ་སྒྲོལ་ཐུབ་པའི་ལས་འགན་ལེགས་སྒྲུབ་བྱས་པ་དང་ཕྱོགས་གསུམ་པའི་དཔྱད་དཔོག་དང་དཔྱད་བསྡུར་ཐོབ་ནས་གྲོང་ཚོ་དབུལ་པོའི་དབུལ་ཞྭ་ཕུད་པ་རེད།
          གེགས་བར་གྱི་མདུན་དུ་ཏང་རྩ་འཛུགས་ནི་དམག་འཐབ་མཁར་རྫོང་ཞིག་རེད།
          དྲག་ཆར་གྱི་གནོད་འཚེ་ཐོན་སྐབས་ཨན་ཧུའེ་ཅིན་ཀྲའེ་རྫོང་ཐེ་ཁྲུང་ཤང་ཀའོ་ཧྥན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཝང་ཏ་ཨན་གྱིས་ཀྲི་པུའི་ཏང་ཡོན་གྱི་ཚོགས་ཆེན་གནོད་འགོག་རང་སྐྱོབ་ཀྱི་སྐུལ་སློང་ཚོགས་ཆེན་དུ་བསྒྱུར་ནས། ཏང་ཡོན་61ལས་གྲུབ་པའི་ཉེན་སྐྱོབ་ཚོགས་ཆུང་8བཙུགས་ཏེ་མང་ཚོགས་དུད་ཚང་22དང་མི་གྲངས་73གནས་སྤོས་པས་མི་སྣ་ཤི་རྨས་ཀྱི་གནད་དོན་གཏན་ནས་ཐོན་མེད།
          འགག་རྩའི་དུས་སུ་རྒྱ་ཆེའི་ཏང་ཡོན་ཚོས་དཀའ་ངལ་གྱི་མདུན་བསུས་ཏེ་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་གདོང་མཆོང་བཅུ་ཤོག་དང་འཐབ་འཛིང་རུ་ཁག་ཏུ་གྱུར་པར་བྱས་ནས་དུད་ཚང་དང་མི་གཅིག་ཀྱང་མ་ལུས་པར་བྱས་པ་རེད།
          རྒྱུན་མཐུད་སྐུལ་འདེད་དང་འབད་བརྩོན་ལྷོད་མེད་བྱས་པ།
          “སློབ་སྦྱོང”དང“ཚད་ལོན”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་སློབ་གསོ་ནམ་ཡང་སྤེལ་བཞིན་ཡོད།
          ཟླ་3ཚེས་28ཉིན་ཀྲུང་དབྱང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ་གཅིག་འཁོར་ཉེར་ཡོད་པས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་སྟེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མངོན་གསལ་དོད་པའི“འགག་རྩ་ཉུང་ཤས”ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་འབྲེལ། གཞི་རིམ་དུ་སྣུར་སྲིང་བྱེད་ཆེད་བཀོད་སྒྲིག་གསར་པ་བྱས་པ་རེད།
          “‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་པ་དེས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་ཏང་ལ་དྲང་ནུས་ཟམ་མི་ཆད་པར་ཐོབ་ཐུབ། ཏང་ཡོན་ཚང་མས་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ངོས་ལ་བླང་བྱ་རྒྱུན་ཆད་མེད་པར་བཏོན་པ་དང་དུས་རབས་ཀྱི་སྙིང་སྟོབས་ཀྱིས་རང་ཉིད་ལ་དྲག་ཆས་རྒྱུན་ཆད་མེད་པར་སྤྲས་ཚེ་གཞི་ནས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་ཁེ་ཕན་ཟུང་འབྲེལ་དམ་ཟབ་ཐུབ་པ་དང་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་ཐུབ་སྟེ་མ་འོངས་པར་རྙོག་འཛིང་དེ་བས་ཆེ་བའི་དུས་བབ་དང་ཛ་དྲག་དེ་བས་ཆེ་བའི་འགྲན་སློང་འཕྲད་སྐབས་གཞི་ནས་རྫོགས་མཐའ་མེད་པའི་འཐབ་འཛིང་གི་སྟོབས་ཤུགས་ལྡན་སྲིད”ཅེས་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ལི་ཐོའོ་ཡིས་བརྗོད།
          “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུ་ནི་གཞི་རིམ་ཏང་ཡོན་ལས་བྱེད་པའི་ཐུན་མོང་གི་རེ་འདུན་རེད།
          སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར“དུས་རྒྱུན་མཉམ་བསྲེས་དང་རྟག་ཏུ་དམ་འཛིན”བྱེད་པར་དམ་པོར་དམིགས་དགོས།
          སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བར“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་གསོའི་བྱ་སྤྱོད་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ནང་འཇུག་རྒྱུར་ཡིད་གཟབ་བྱེད་དགོས།
          སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གཙོ་གནད་ནི“འགག་རྩའི་ཉུང་ཤས”ལ་དམ་འཛིན་དང་རིམ་པ་བཞིན་འགན་འཁྲི་དངོས་འཁུར་དུ་འཇུག་རྒྱུ་དེ་རེད།
          སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བར་རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ“རྒྱུག་པ་ལེབ་རྡུང”མི་བྱེད་པར“ལྡེ་མིག་རེ་རེས་སྒོ་ལྕགས་རེ་རེ་འབྱེད”ཐུབ་པ་བྱེད་དགོས།
          རྒྱུན་རྣམ་ཅན་གྱི་སློབ་གསོར་བརྟེན་ནས་ཟམ་མི་ཆད་པར་རྨང་གཞི་བརྟན་གཏོང་དང་ལམ་ལུགས་ཅན་གྱི་འཛུགས་སྐྱོང་ལ་བརྟེན་ནས་གཡས་སྲུང་གཡོན་སྐྱོར་མཐའ་འཁྱོངས་བྱས་ཏེ་ཏང་ནང་ཁུལ་གྱི་སློབ་གསོར་ཕན་འབྲས་དངོས་ཐོན་པར་ཤུགས་སྣོན་ཐེབས་ཏེ་ཏང་གི་སྒྲིག་གཞི་སྐྱོན་བྲལ་དང་ཏང་ཡོན་ཚོར་གསོན་ཤུགས་སྔར་བས་ལྡན་ནས་ཀྲུང་གོ་གུང་ཁྲན་ཏང་ཐོག་མཐའ་བར་གསུམ་དུ་ཡར་རྒྱས་ཀྱི་མདུན་བྲལ་དུ་སླེབས་པ་དང་ནམ་ཡང་དུས་རབས་ཀྱི་རླབས་རྩེར་གནས་ཐུབ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716