སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-04-17   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། རྫོང(ཆུས)ཨུད་ཀྱི་སྐོར་ཞིབ་ལམ་ལུགས་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སྐོར་གྱི་ལམ་སྲོལ་སོགས་འཛུགས་རྒྱུའི་སྐོར་ཞིབ་འཇུག་བྱས་པ།
          ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《རྫོང(ཆུས)ཨུད་ཀྱི་སྐོར་ཞིབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》དང《〈ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་སྲོལ〉ལག་བསྟར་བྱ་ཐབས》《ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》སོགས་ལ་ཞིབ་འཇུག་བྱས་པ་དང་སྦྲགས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་སླར་ཡང་མངོན་ཡོད།
          ང་ཚོས་ངེས་པར་དུ་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། འགོ་ཁྲིད་མི་སྣ་གཙོ་བོས་སྣེ་འཁྲིད་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ལ་སྙན་ཞུ་འབྲེལ་གཏུག་ཐུབ་རྒྱུར་རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་གཅེས་སྐྱོང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཚོར་ཐུབ་པའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། རྫོང(ཆུས)ཨུད་ཀྱི་སྐོར་ཞིབ་ལམ་ལུགས་འཛུགས་རྒྱུ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། སྐོར་གཟིགས་ལྟ་སྐུལ་གཞི་རིམ་དུ་སྣུར་སྲིང་དང་རྒྱ་ཆེར་གཏོང་བ་ཞིག་ཡིན་པ་དང་། དེ་རང་ལྗོངས་ཀྱིས་ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད། རིམ་ཁག་ཏང་ཨུད་དང་སྒྲིག་ཨུད་ཀྱིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ནས་སྐོར་ཞིབ་ལམ་ལུགས་དུས་ཚོད་དམ་འཛིན་གྱིས་བཟོ་བ་དང་། “འཕྲེད་གཞུང་གཉིས་སུ་ཡོངས་སུ་ཁྱབ་པ་དང་ཡོངས་སུ་འབྲེལ་བ། ལྗོངས་ཡོངས་གཅིག་གྱུར་ཐུབ་པ”བཅས་ཀྱི་སྐོར་གཟིགས་སྐོར་ཞིབ་ལྟ་སྐུལ་གྱི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། 《〈ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཨུད(ཏང་ཙུའུ)རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་སྲོལ〉ལག་བསྟར་བྱ་ཐབས》བཟོས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ལྷག་དོན་དུ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེར་བརྟེན་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ་རང་རྟོགས་ངང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དེ་ཉིད་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱེད་དགོས། 《ལག་བསྟར་བྱ་ཐབས》ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་སློབ་སྦྱོང་བྱེད་ཐབས་གསར་གཏོད་དང་སློབ་སྦྱོང་བྱེད་ཐབས་ལེགས་བཅོས་བྱས་ནས་སློབ་སྦྱོང་གི་ཡིད་དབང་འགུག་ཤུགས་དང་། དམིགས་སའི་རང་བཞིན། ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་དགོས། ལྟ་སྐུལ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་རིགས་པའི་གཞུང་ལུགས་ལྟེ་བའི་སློབ་སྦྱོང་ཚོགས་ཆུང་དེ་ཉིད་ཏང་འཛུགས་སྐྱོང་ལ་དཔྱད་ཞིབ་དང་འགོ་ཁྲིད་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ《ལག་བསྟར་བྱ་ཐབས》དོན་འཁྱོལ་ཏན་ཏིག་ཐུབ་པའི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས་བཏོན་པ་དེ་ནི་ཧ་ཅང་དགོས་ངེས་ཤིག་ཡིན་པ་དང་། ཁྲིམས་བཞིན་བོད་སྐྱོང་རྒྱུ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཏང་འཛུགས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཏང་གི་འགོ་ཁྲིད་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་འཛུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ནས་ཏང་གིས་ཁྲིམས་འཛུགས་ལས་དོན་ཐད་ཆབ་སྲིད་ཀྱི་འགོ་ཁྲིད་དང་། བསམ་བློའི་འགོ་ཁྲིད། རྩ་འཛུགས་ཀྱི་འགོ་ཁྲིད་བཅས་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཁྲིམས་འཛུགས་ལས་དོན་ཐད་དོན་དངོས་དང་ཟུང་འབྲེལ་གྱིས་བོད་ཀྱི་ཁྱད་ཆོས་མངོན་པ་དང་རྒྱུན་གཏན་གྱི་ཁྲིམས་འཛུགས་ལས་དོན་ལེགས་པར་སྒྲུབ་པའི་རྨང་གཞིའི་ཐོག་ཇི་ལྟར་བྱས་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་སོགས་ཀྱི་ཐད་ཁྲིམས་འཛུགས་རྒྱུར་དམ་པོར་དམིགས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གི་ཁྲིམས་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་འགན་ལེན་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་འཛུགས་ལས་དོན་ནང་གི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ཁྲིམས་འཛུགས་ཐད་བརྟག་ཞིབ་ནན་ཏན་བྱེད་པ། ཡོངས་བསྒྲགས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཆེད་ཁྲིམས་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་དེ་མཚོན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གལ་ཆེ་ཆུང་གསལ་པོ་འབྱེད་པ། ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཁྲིམས་འཛུགས་ལས་དོན་ཚང་མ་རྩ་ཁྲིམས་ཀྱི་དགོངས་པ་དང་མཐུན་པ་དང་། མི་དམངས་ཀྱི་རེ་འདོད་མཚོན་པ། མི་དམངས་ཀྱི་བརྩི་བཀུར་ཐོབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
          ཚེས་14ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅོ་ལྔ་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་2016ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་སྙན་ཞུ་གསན་སྐབས་ཀྱི་ཚོགས་འདུ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་སླད་ཕྱིན་གྱི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་འགན་འཁྲི་ཁག་བགོས་ལ་ཤུགས་སྣོན་དང་ལས་དོན་ཁག་ཞིབ་ཚགས་ངང་སྤེལ་ཏེ་འདི་ལོའི་དཔལ་འབྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པར་སྒྲུབ་དགོས། དེའང་གཅིག་ནས་བརྟན་ཐོག་ཡར་འཕེལ་དང་། བརྟན་ཐོག་ཡར་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ལྡན་གསབ་སྟེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལེགས་པར་བསྒྲུབ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་སྔོན་ཚུད་ནས་ཇུས་འགོད་དང་ཇུས་གཞི་བཟོས་ཏེ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་བློ་ཐག་ཆོད་པོས་རང་སྐྱོང་ལྗོངས་ཀྱིས་སྟངས་འཛིན་བྱས་པའི་མ་དངུལ་རྣམ་གྲངས་རྫོང་དང་ཤང་དང་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་དོན་འཁྱོལ་བྱས་ཏེ་དམངས་འཚོའི་དོན་དངོས་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པ། བཞི་ནས་ལས་བཟོ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་སྔོན་སླ་རྗེས་དཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་བཟོའི་ཐོབ་ཐང་མཐོ་རུ་བརྟན་པོ་བཏང་ནས་རྒྱ་ཆེའི་ལས་བཟོ་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ། ལྔ་ནས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འགན་འཁྲི་ཁག་བགོས་དང་རིམ་པ་སྟར་ཆགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས། ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད་པ་དང་། ང་ཚོས་ཁ་ཕྱོགས་སྟངས་འཛིན་དང་། སྒྱུར་བཅོས་ཟབ་གཏོང་། ལས་དོན་ལ་དམ་འཛིན་བཅས་བྱེད་རྒྱུར་གཞི་རྩའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་གཏོང་དང་། སྟོབས་ཤུགས་གཅིག་སྒྲིལ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་དགོས། དེའང་གཅིག་ནས་འགན་ཁུར་བློ་མཐུན་གཙོ་བོས་རང་རྟོགས་ངང་འགན་འཁྲི་ཁུར་ནས་སྒྱུར་བཅོས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣེ་འཁྲིད་དེ་སྒྱུར་བཅོས་ཀྱི་བསམ་ཕྱོགས་ཇུས་འགོད་བྱེད་པ་དང་། སྣེ་འཁྲིད་དེ་སྒྱུར་བཅོས་ཀྱི་ཇུས་གཞི་བཟོ་བ། སྣེ་འཁྲིད་དེ་སྒྱུར་བཅོས་ཀྱི་ལས་དོན་ཁག་དོན་འཁྱོལ་བྱེད་པ་བཅས་བྱས་ནས་སྒྱུར་བཅོས་བརྒྱུད་རིམ་ནང་འཕྲད་པའི་དཀའ་ངལ་བསལ་ཏེ་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་འགན་ཁུར་བློ་མཐུན་གཙོ་བོས་དོན་དངོས་གནས་ཚུལ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་གནད་དོན་དང་བསམ་གཞིག་བློ་ལ་བཅངས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གཞི་རིམ་དང་མང་ཚོགས་ཁྲོད་ནས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་འཚོལ་མཁས་པོ་བྱས་ཐོག་སྒྱུར་བཅོས་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ། གསུམ་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ཆད་ལུས་མེད་པའི་སྒོ་ནས་ལག་ལེན་བསྟར་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་སྲིད་འཛིན་ཞིབ་མཆན་འགོད་པའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་དགོས་པ། བཞི་ནས་འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་། རང་འགན་རང་འཁུར། གཞོགས་འདེགས་དམ་ཟབ་བཅས་བྱས་ནས་ཤུགས་ཆེའི་ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རིམ་ཁག་སྒྱུར་བཅོས་ཟབ་གཏོང་གཞུང་ལས་ཁང་གིས་སྒྱུར་བཅོས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་འཁྲི་དམིགས་སར་མི་འབྱོར་བ་དང་། འགན་འཁྲི་ཡག་པོ་མི་འཁུར་བ། ཁྲལ་སེལ་སླ་བཅོས་བྱེད་པ། སྒྱུར་བཅོས་ནར་འགྱངས་བྱེད་པ་བཅས་ཀྱི་རིགས་ལ་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས་པ། ལྔ་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ལས་དོན་ཁག་སྤེལ་མཁས་པོ་བྱས་ཏེ་སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་བརྟན་ལྷིང་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་སྒྱུར་བཅོས་ལ་བརྟེན་ནས་ལས་དོན་ཁག་ལ་བཀོད་སྒྲིག་བྱེད་དགོས།
          ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་2016ལོའི་ཞིང་ཆེན་རིམ་པའི་ཏང་ཨུད་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་གནས་ཚུལ་སྙན་ཞུ་ཆེད་མངགས་གསན་པ་དང་། དེའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མངོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཁྲོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་བབ་གལ་ཆེན་གསལ་བཤད་གང་ལེགས་ཐུབ་ཡོད། དེར་བརྟེན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བླང་བྱ་ནན་པོ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱུན་མཐུད་གཏིང་ཟབ་ངང་སྐུལ་འདེད་གཏོང་དགོས། དེའང་གཅིག་ནས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་དགོས་པ་དང་། གཉིས་ནས་དབུལ་སྒྲོལ་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། གསུམ་ནས་མང་ཚོགས་དབུལ་པོའི་བྱེད་པོའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། བཞི་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས་པ། ལྔ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་ཉེ་སར་ལས་ཞུགས་ཐུབ་པ་དང་། ཕ་ཡུལ་དང་མི་བྲལ་བ། ལས་ཐུབ་པ་དང་ལས་ཤེས་པ་སོགས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་དབུལ་སྐྱོར་གནས་སྤོ་གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་འདུས་དང་ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཆ་ཚང་བའི་ས་ཁུལ་དུ་གཅིག་འདུས་ཐུབ་པའི་དབར་གྱི་འབྲེལ་བ་དང་སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག་མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། སེམས་གནས་པ། ཕྱུག་པོ་ཆགས་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། དྲུག་ནས་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ནང་གནས་པའི་གནད་དོན་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ་དག་ཐེར་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་བཟོ་བ་དང་དག་ཐེར་ཇུས་གཞི་བཟོས་ཏེ་དུས་ཐོག་ཏུ་དག་ཐེར་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།
          ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716