སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-04-25   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་བློ་མཐུན་ལེའོ་ཅུན་པོའི་སྔོན་ཐོན་བྱས་རྗེས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ།
          ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།
          ཟླ་4ཚེས་23ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བློ་མཐུན་ལེའོ་ཅུན་པོའི་སྔོན་ཐོན་བྱས་རྗེས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ཀྲུང་དབྱང་རྩ་འཛུགས་པུའི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
          རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན་པས་ང་ཚོས་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་གི་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་ལས་དོན་ཁག་ལེགས་པར་སྒྲུབ་པའི་ཡིད་ཆེས་དང་གདེང་ཚོད་ཆེ་རུ་གཏོང་དགོས། དེའང་གཅིག་ནས་བརྟན་ཐོག་ཡར་འཕེལ་དང་། བརྟན་ཐོག་ཡར་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་འདི་ལོའི་དཔལ་འབྱོར་ལས་དོན་ལེགས་པར་སྒྲུབ་པ་དང་། ལྷག་དོན་དུ་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ནང་ཆུ་བེད་སོགས་ཀྱི་ཞིང་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ནས་འབྲུ་ཐོན་འཕར་དང་འབྲི་གཡག་རྒྱགས་གསོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་མགྱོགས་སུ་གཏོང་བ། ཟུར་སྣོན་རིན་ཐང་དང་སྤུས་ཚད་མཐོ་བའི་ཞིང་ལས་ཐོན་རྫས་འཕེལ་རྒྱས་ནུས་ལྡན་གཏོང་བ་བཅས་བྱས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་དགོས་པ་དང་། གཉིས་ནས“ཕར་ཆིན་རྒྱག་པའི”སྙིང་རུས་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། གཟེར་འདེབས་པའི་སྙིང་སྟོབས་སྤྱད་ནས་ཐོན་ལས་དབུལ་སྐྱོར་དང་།
          ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས། སྣོད་བཅུད་གནས་སྤོས། ས་སྲུང་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་སོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་གསར་པ་ཧུར་ཐག་ལེན་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱིས་ཏང་དང་མི་དམངས་ལ་ཁས་ལེན་ནན་པོ་བྱེད་ལུགས་དོན་འཁྱོལ་བྱེད་དགོས་པ། གསུམ་ནས་སྣོད་བཅུད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྔོ་ཞིང་དྭངས་བའི་གངས་ལྗོངས་ས་མཐོའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་དང་། མི་དང་རང་བྱུང་ཞི་མཐུན་མཉམ་གནས་འགན་ལེན། བོད་ལ་སྔོ་ཞིང་དྭངས་བའི་རི་ཆུ་དང་། ནམ་ཡང་མཁའ་རླུང་སོས་པར་གནས་པར་བྱས་ཏེ་སྣོད་བཅུད་ཁོར་ཡུག་བཟང་པོ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཀྱི་འཕར་གཞི་དང་མཛེས་སྡུག་ལྡན་པའི་གཟུགས་བརྙན་མངོན་པར་བྱེད་པའི་ཤུགས་རྒྱག་གཞི་ཞིག་ཏུ་འགྱུར་བར་བྱེད་དགོས་པ། བཞི་ནས་དམག་སྡོད་དང་དམངས་བདེ་གལ་ཆེ་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་མཐའ་དར་དམངས་ཕྱུག་གི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཐོག་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ། ལྔ་ནས་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ལོ་རྒྱུས་ཞིབ་འཇུག་དང་རྒྱུན་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་དགོས་པ། དྲུག་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས་པ། བདུན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོ་སོགས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་ཆེད་ཁོར་ཡུག་བཟང་པོ་གཏོད་དགོས། ཕྱོགས་ཁག་གི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་འཚོལ་བསྡུ་དང་ལྷག་དོན་དུ་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་འཆར་གྲོས་འགོ་དང་སྤྱི་ཚོགས་ཕྱོགས་ཁག་གིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་འཚོལ་བསྡུ་བྱེད་པ་དང་འབྲེལ་ཏང་ཀྲུང་དབྱང་ལ་སྙན་སེང་ཧུར་ཐག་ཞུས་ནས་ཏང་ཀྲུང་དབྱང་གིས་ཐབས་ཇུས་འདིང་བར་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ། བརྒྱད་ནས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འགོ་ཁྲིད་ཚན་ཁག་གི་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་། ཆེད་ལས་ཅན་གྱི་ཆུ་ཚད། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པ་མཐོ་རུ་བཏང་སྟེ་འགོ་ཁྲིད་ཚན་ཁག་གི་སྤྱི་ཡོངས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས། མི་རིགས་ཁག་གི་ལས་བྱེད་པས་གང་བྱས་དེ་དགའ་དང་གང་ཞིག་བྱེད་དུ་བཅུག་ཀྱང་དེ་ལ་དགའ་ཞེན་བྱེད་པ་དང་། གང་ཞིག་ལ་ཞིབ་འཇུག་བྱེད་དུ་བཅུག་ཀྱང་དེ་བྱང་ཆུབ་པར་བྱས་ནས་དཀའ་སྤྱད་འབད་སྒྲུབ་དང་བསམ་གཞིག་ཐེངས་མང་དང་གོ་བ་ལེན་མཁས་པོ་བྱེད་པའི་བརྒྱུད་རིམ་ནང་བྱང་གོམས་ཆེ་བ་ཞིག་ཏུ་འགྱུར་བར་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
          ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁ་ཕྱོགས་གསལ་སྟོན་གནང་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་བླངས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་གསལ་ཤེས་གང་ལེགས་བྱས་ཏེ་རང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གཅིག་ནས་བསམ་བློ་ཆབ་སྲིད་གནས་བབ་གལ་ཆེན་ཐོག་བཞག་ནས་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་སློབ་སྦྱོང་དང་གསུང་བཤད་རབ་དང་རིམ་པའི་སློབ་སྦྱོང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། རྒྱུན་གཏན་རང་བཞིན་གྱི་སློབ་གསོའི་གཞི་རྩའི་ནང་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་ཏན་ཏིག་བྱེད་དགོས་པ་དང་འབྲེལ་སློབ་སྦྱོང་གི་གྲུབ་འབྲས་དངོས་ཡོད་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པར་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་དང་། མེས་རྒྱལ་གོང་བུ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་སྲུང་སྐྱོང་བྱེད་དགོས། གཉིས་ནས་འགོ་ཁྲིད་ལས་བྱེད་པ“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་མིག་དཔེ་སྟོན་པ་དང་གོང་གིས་འོག་གི་སྣེ་ཁྲིད་ནས་གཞི་རིམ་དང་མང་ཚོགས་ཁྲོད་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱས་ནས་གཞི་རིམ་གྱི་གནས་ཚུལ་ཤེས་རྟོགས་དང་། མང་ཚོགས་ཀྱི་རེ་འདུན་ཉན་པ། མང་ཚོགས་ཀྱི་བདེ་སྡུག་མཚོན་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལས་བྱེད་པས་སྣེ་ཁྲིད་དེ་ས་བབ་མཐོ་ཚད་སྨི་4500ཡན་གྱི་དཀའ་ཚེགས་ཆེ་བའི་མཐའ་མཚམས་ལུང་ཁུག་ས་ཁུལ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་སྐྱོད་རིམ་བཞིན་ཤང་དང་གྲོང་རྡལ་དང་གྲོང་ཚོར་ཞག་སྡོད་ཉིན་གཅིག་དང་གཉིས་བྱེད་དགོས། གསུམ་ནས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཏང་གི་ལས་དོན་ཐམས་ཅད་ཀྲི་པུའུ་ལ་སྙན་སེང་ཞུ་བའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་ཁག་སྔར་བས་བཀོད་སྒྲིག་ཡག་པོ་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས། བཞི་ནས་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རང་ལྗོངས་ཀྱི“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་སྣུར་སྲིང་དང་རྒྱ་ཆེར་གཏོང་བའི་ནུས་ལྡན་གཞི་རྟེན་ཞིག་ཏུ་བརྩིས་ནས་བྱ་ཐབས་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་བཏང་སྟེ་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་དགོས། ལྔ་ནས་བྱེད་པོའི་འགན་འཁྲི་ནན་ཏུ་ཏན་ཏིག་བཏང་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། དྲུག་ནས་སློབ་སྦྱོང་སློབ་གསོ་དང་ལྟེ་བའི་ལས་དོན་ཟུང་འབྲེལ་དམ་ཟབ་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་དམ་འཛིན་ནན་པོ་མཐའ་འཁྱོངས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་ལྷག་དོན་དུ་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་གཞི་མཐུན་བརྟན་ལྷིང་འགན་ལེན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་ཆེད་བརྟན་ལྷིང་འཆམ་མཐུན་གྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་དགོས།
          ཚོགས་འདུའི་ཐོག་བློ་མཐུན་ལེའོ་ཅུན་པོ་ནི་ཏང་གི་ཕུལ་བྱུང་གཞི་རིམ་ཏང་ཡོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་བློ་མཐུན་ལེའོ་ཅུན་པོ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བློ་མཐུན་ལེའོ་ཅུན་པོའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་སློབ་སྦྱོང་ཡག་པོ་བྱེད་པ་དང་འབྲེལ་བློ་མཐུན་ལེའོ་ཅུན་པོའི་སྔོན་ཐོན་བྱས་རྗེས་དང་ཁུང་ཧྥན་སེན་དང་ཆི་ཨའེ་ཆུན་སོགས་དཔའ་པོ་དཔེ་བཟང་བར་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དམ་ཟབ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་གཏོང་བ་དང་ཟུང་འབྲེལ་དམ་ཟབ། རང་ལྗོངས་ཀྱི་གཞི་རིམ་ལས་བྱེད་པའི་ཕུལ་བྱུང་འཐུས་མི་དྲིལ་བསྒྲགས་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཉམས་ལེན་འབད་སྒྲུབ་ཀྱིས་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དང་མང་ཚོགས་ལ་དོན་འཁྱོལ་བྱས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་གཞི་རིམ་གྱི་ལས་བྱེད་པར་སེམས་ཁུར་བྱས་ཏེ་ཉེ་ལམ་ལོ་ཤས་རིང་གཞུང་དོན་ཆེད་དུ་ཚེ་སྲོག་ཤོར་བའི་གཞི་རིམ་ལས་བྱེད་པའི་ཁྱིམ་ཚང་གི་གནས་ཚུལ་ལ་བརྟག་དཔྱད་མཐིལ་རྟོགས་གཏིང་ཟབ་བྱས་ཏེ་ཆེད་མིར་འགན་འཁུར་དུ་འཇུག་པ་དང་། ཆེད་མིས་དོན་འཁྱོལ་བྱས་ཏེ་ཁོང་ཚོའི་རྒན་རྒོན་དང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ལ་ལྟ་རྟོག་ཡག་པོ་བྱེད་དགོས། ལས་བྱེད་པར་བླང་བྱ་ནན་པོ་འདོན་དགོས་ལ་སེམས་རྩ་འཁོལ་པོས་ལས་བྱེད་པར་སེམས་ཁུར་ཡང་བྱས་ཏེ་ཁོང་ཚོར་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་ཏེ་ཁོང་ཚོ་ལུས་སེམས་བདེ་བ་དང་ལས་བརྩོན་ཐུབ་པ་བྱེད་དགོས། གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་མཐོང་ཆེན་བྱས་ནས་ཁོང་ཚོར་གཟུགས་པོ་བརྟག་དཔྱད་དང་འཁོར་ཞག་སོགས་ཀྱི་ལམ་ལུགས་འཛུགས་པ་དང་དོན་འཁྱོལ་བྱས་ཏེ་ཁོང་ཚོའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716