སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“སྤྲུལ་སྐུ”་རྫུས་མ་ཁྲིམས་ལྟར་རྩད་གཅོད་དང་བཀག་འགོག་བྱས་ཏེ་གནས་ས་མེད་པར་བྱ་དགོས།
སྤེལ་དུས། 2017-05-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  འབྲུག་བྷས་བསྒྱུར།
  ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་བཏོན་པའི་གྲོས་འདོན་ཡི་གེ།(གྲོས་འདོན་ཡི་གེ་ཆ་ཚང་ཟུར་དུ་བཀོད་ཡོད།)
  ཟླ་4པའི་ཚེས་19ཉིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱས་འཛོམས་གྲོས་ཚོགས་ཁྲིན་ཏུའུ་རུ་གཟབ་རྒྱས་ངང་འཚོགས། ཚོགས་འདུས་ཉེ་བའི་ལོ་འདི་གའི་ནང་“སྤྲུལ་སྐུ་”རྫུས་མ་དང་“ཆོས་རྒྱལ”གང་སར་ཁྱབ་སྟེ་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུད་བཟོས་ཤིང་ བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལ་དྲི་ངན་བགོས་པའི་གནས་ཚུལ་ལ་དམིགས་གཏད་དེ།《སྒྲིག་ཁྲིམས་དང་ཚུལ་ཁྲིམས་སྲུང་ཞིང་རྫུན་སྤངས་ཡོ་བསྲང་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སྣང་བརྙན་མཉམ་དུ་སྲུང་སྐྱོང་བྱེད་དགོས》ཞེས་པའི་གྲོས་གཞི་བཏོན་ཏེ། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩད་གཅོད་བྱེད་པ་དང་སྤྱི་ཚོགས་ཀྱི་སྡེ་སོ་སོ་ནས“སྤྲུལ་སྐུ་”རྫུས་མ་དང་“ཆོས་རྒྱལ་”ལ་ལྟ་རྟོག་དང་བཀག་འགོག་བྱས་ཏེ་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པའི་རེ་བ་ནན་མོ་བཏོན་ཡོད།
  ཚོགས་ཞུགས་མི་སྣ།
  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཞུའེ་ཁྲེང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སྤྲུལ་སྐུ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྤྲུལ་སྐུ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ཡུང་ཧྲོའུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དགེ་བཤེས་ཙུང་ཞིང་། སྤྲུལ་སྐུ་རིན་ཆེན་རྣམ་རྒྱལ། སྤྲུལ་སྐུ་འབྲི་གུང་ཁྱུང་ཚང་བློ་བཟང་བྱམས་པ། བླ་མ་ཧུའུ་ཞོ་ཧྥུན། ཏུང་པོད་འབྲོང་པ་ཧུ་ཐོག་ཐུ་སོགས།  པེ་ཅིང་དང་ལྷ་ས། ཀན་སུའུ། མཚོ་སྔོན། སི་ཁྲོན། ཡུན་ནན། ནང་སོག ཤིན་ཅང་། ལེའོ་ཉིང་། ཧྲན་ཞི་སོགས་ནས་ཐོན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་དམིགས་བསལ་གདན་ཞུ་འཐུས་མི། ད་དུང་དྲུང་ཆེ་འབྲེལ་གཏུགས་ཚོགས་འདུའི་འཐུས་མི་བརྒྱ་ཙམ་ཚོགས་འདུར་ཞུགས་སོ། །    
  རྒྱལ་གླུའི་དབྱངས་རྟ་དང་བསྡོངས་ཏེ་གྲོས་ཚོགས་ཀྱི་མཛད་སྒོ་ཕྱེ་ཞིང་། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མས་གྲོས་ཚོགས་ཀྱི་འགོ་འཛིན་གནང་།  ཁོང་གིས་གསུང་དོན་ཐེངས་འདིའི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ནི། ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཚང་མཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཚོགས་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གཏིང་ཟབ་མོས་སློབ་སྦྱོང་བྱེད་རྒྱུ་དང་། རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ས་གནས་སོ་སོའི་བོད་བརྒྱུད་ནང་བསྟན་དགོན་པའི་ཚད་ལྡན་གྱི་དོ་དམ་ཉམས་མྱོང་བརྗེ་རེས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ཕུགས་ཕན་ལམ་སྲོལ་གྱི་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས་པ་དང་། བོད་བརྒྱུད་ནང་བསྟན་ལ་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཐབས་བྱེད་པ་དང་། མཉམ་དུ་རང་རྒྱལ་གྱི་བོད་བརྒྱུད་ནང་བསྟན་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་དགོས་ཞེས་གསུངས། 
  སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་ཚུའེ་པའོ་ཧྭ་དང་དགེ་བཤེས་ཡུང་ཧྲོའུ་སོ་སོ་ནས་དགའ་བསུའི་གཏམ་བཤད་གནང་སྟེ།  རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཐོན་པའི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་སྐུ་མགྲོན་རྣམ་པར་སྙིང་ཐག་པ་ནས་དགའ་བསུ་ཞུས་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བསྡུས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་པར་མ་ཟད། སི་ཁྲོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་གྱི་སྤྱི་ཚོགས་འཕེལ་རྒྱས་དང་།  ནང་བསྟན་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་ཐད་ལའང་ངོ་སྤྲོད་རགས་ཙམ་བྱས་པ་རེད།
  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ།
  སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་《རྒྱལ་གཅེས་ཆོས་གཅེས། རྒྱལ་སྲུང་དམངས་ཕན། བོད་བརྒྱུད་ནང་བསྟན་ལ་སྣེ་ཁྲིད་གང་ལེགས་མཛད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱ་དགོས》ཞེས་པའི་སྙན་ཞུ་ཕུལ། 
  2004ལོར་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལྷ་སར་ཚོགས་འདུ་བསྡུས་པ་ནས་བཟུང་། རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་དང་། བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་བཏོན་པའི་བསམ་འཆར་ཁག་ལྔ་དང་བཅས་ཕྱོགས་དྲུག་ནས་ཕྱོགས་སྡོམ་དང་ཕྱིར་རྟོག་བྱས་པ་རེད། ཁོང་གིས་ནན་གྱིས་གསུང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་པོ་འཁྱོངས་རྒྱུའི་རྩ་བའི་འགན་ལེན་ཡིན་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་འཁྱོངས་ཡོང་བའི་རྩ་དོན་གལ་ཆེན་ཡིན་པ་དང་། བོད་བརྒྱུད་ནང་བསྟན་གྱི་མངའ་ཁོངས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་འཁྱོངས་ཡོང་བའི་རྩ་བའི་འོས་འགན་ཡིན་པ་དང་། ཨུ་ཡོན་གྱི་བྱེད་ནུས་བླ་ལྷག་འདོན་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་འཁྱོངས་ཡོང་བའི་སྲ་བརྟན་རྨང་གཞི་ཡིན་པ་དང་། དྲང་སྲོལ་བཟང་སྤྱོད་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་རང་ངོས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལེགས་འཁྱོངས་ཡོང་བའི་གཙོ་གནད་རྒྱུ་རྐྱེན་ཡིན། 
  རིན་ཐང་ལྡན་པའི་ཉམས་མྱོང་འདི་དག་ལ་ང་ཚོས་མ་འོངས་པའི་ལས་དོན་ཁྲོད་མཐའ་འཁྱོངས་དང་དར་སྤེལ་གཏོང་དགོས་ཞེས་གསུངས། 
  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོས་《ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་ལམ(འཆར་ཟིན)》སྒྲོག་སྦྱང་བྱས་པ་དང་།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྒོ་མང་ཚང་གིས《སྒྲིག་ཁྲིམས་དང་ཚུལ་ཁྲིམས་སྲུང་ཞིང་རྫུན་སྤངས་ཡོ་བསྲང་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སྣང་བརྙན་མཉམ་དུ་སྲུང་སྐྱོང་བྱེད་དགོས》ཞེས་པའི་གྲོས་འདོན་ཡི་གེ་སྒྲོག་སྦྱང་བྱས།
  ཚོགས་གཙོ་དགེ་བཤེས་ཞུའེ་ཁྲེང་གིས་གསུང་བཤད་གནང་དོན།  ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དང་རྒྱ་བོད་ནང་བསྟན་གྱི་བརྗེས་རེས་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཐོག སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་དབུ་བཙུགས་པ་ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་བྱ་གཞག་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཐད་ཀྱི་ལས་དོན་ལ་སྤྱི་སྡོམ་གནང་བ་དང་བསྟུན། བོད་བརྒྱུད་ནང་བསྟན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པར་བསམ་འཆར་གསུམ་བཏོན་པ་སྟེ།  གཅིག་ནི་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་  རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་དགོས་པ།
  གཉིས་ནི་མི་འགྱངས་པར་བཟོ་བཅོས་འགྲེམས་སྤེལ་བྱེད་པའི་《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་སློབ་སྦྱོང་མཐའ་འཁྱོལ་དགོས་ཤིང་། ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་ལུགས་གོ་རྟོགས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ།   
  གསུམ་ནི་བོད་བརྒྱུད་ནང་བསྟན་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་སྔར་བས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་སོ། །  
  གྲོས་ཚོགས་སུ་《སྒྲིག་ཁྲིམས་དང་ཚུལ་ཁྲིམས་སྲུང་ཞིང་རྫུན་སྤངས་ཡོ་བསྲང་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སྣང་བརྙན་མཉམ་དུ་སྲུང་སྐྱོང་བྱེད་དགོས》ཞེས་པའི་གྲོས་འདོན་ཡི་གེ་ལ་གྲོས་འཆམ་བྱུང་པ་རེད། 《གྲོས་འདོན་ཡི་གེ》ལས ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་གྱི་གདན་རབས་ལམ་སྲོལ་ཞིག་ཡིན་ཅིང་། ལོ་ངོ་བརྒྱ་ཕྲག་དུ་མའི་འཕེལ་རྒྱས་ཁྲོད་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་མ་ལག་འཐུས་སྒོ་ཚང་བ་ཞིག་ཏུ་གྲུབ་པ་ཞིག་རེད།  སྤྲུལ་སྐུ་ནི་འགྲོ་བའི་དོན་ཕྱིར་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་ཀྱི་སྐུ་སྐྱེ་ལེན་པ་ཞིག་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་སོགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཚབ་བྱེད་ཕུལ་བྱུང་མི་སྣ་སྐོར་ཞིག་བྱུང་བ་དེས།  ཆོས་ལུགས་དར་སྤེལ་དང་འགྲོ་དོན་རྒྱ་ཆེར་སྤེལ་ཏེ་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཟིན་ཡོད། 
  《གྲོས་འདོན་ཡི་གེ》ལས། ཉེ་བའི་ལོ་འགའི་ནང་མི་ལ་ལས་སྤྱི་ཚོགས་དང་དྲ་ངོས་སུ་“སྤྲུལ་སྐུ་”ལ་རྫུས་ཏེ་མགོ་གཡོག་མགོ་བསྐོར་གཏོང་གིན་འདུག དེ་ལས་ རང་གིས་རང་ལ་ཆོ་ལོ་སྩོལ་མཁན་ཡོད་ལ་དགོན་པའི་དགེ་འདུན་པ་ནས་རྫུས་མིང་ཉར་མཁན་ཀྱང་ཡོད།  རེ་ཞིག་“སྤྲུལ་སྐུ་”དང་“ཆོས་རྒྱལ་”གང་སར་ཁྱབ་སྟེ་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུད་བཟོས་ཤིང་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལ་གནོད་སྐྱེལ་ཐེབས་པས་དངོས་ནས་ཡིད་སེམས་སྐྱོ་བ་ཞིག་རེད་ཅེས་གཟབ་ནན་གྱིས་བསྟན་ཡོད། སྒྲིག་ཁྲིམས་དང་ཚུལ་ཁྲིམས་སྲུང་ཞིང་རྫུན་སྤངས་ཡོ་བསྲང་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་སྣང་བརྙན་མཉམ་དུ་སྲུང་སྐྱོང་བྱེད་དགོས།
  སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་གྱི་གདན་རབས་ལམ་སྲོལ་ཞིག་ཡིན་ཅིང་། ལོ་ངོ་བརྒྱ་ཕྲག་དུ་མའི་འཕེལ་རྒྱས་ཁྲོད་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་སྲོལ་མ་ལག་འཐུས་སྒོ་ཚང་བ་ཞིག་ཏུ་གྲུབ་པ་ཞིག་རེད།  སྤྲུལ་སྐུ་ནི་འགྲོ་བའི་དོན་ཕྱིར་སྙིང་རྗེའི་དབང་གིས་འཁོར་བར་ཡང་སྲིད་ཀྱི་སྐུ་སྐྱེ་ལེན་པ་ཞིག་སྟེ། པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་སོགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཚབ་བྱེད་ཕུལ་བྱུང་མི་སྣ་སྐོར་ཞིག་བྱུང་བ་དེས།  ཆོས་ལུགས་དར་སྤེལ་དང་འགྲོ་དོན་རྒྱ་ཆེར་སྤེལ་ཏེ་བོད་བརྒྱུད་ནང་བསྟན་གྱི་ཚབ་མཚོན་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཟིན་ཡོད། 
  དེང་སྐབས། བོད་བརྒྱུད་ནང་བསྟན་ནི་ལོ་རྒྱུས་སྟེང་ཆེས་ལེགས་པའི་འཕེལ་རྒྱུས་ཀྱི་དུས་སྐབས་ཤིག་ཏུ་གནས་ཡོད་པ་རེད། སྤྲུལ་སྐུ་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ལ་གོང་བཀུར་ཚད་མེད་དང་རྒྱུད་འཛིན་འཐུས་སྒོ་ཚང་བ་ཐོབ་སྟེ་ཉིན་བཞིན་ཚད་ལྡན་དུ་འགྱུར་བ་རེད། 2007ལོར། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་དོ་དམ་བྱ་ཐབས》ཞེས་པ་འགྲེམས་སྤེལ་གནང་སྟེ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ལ་སྲུང་འཛིན་དགོས་པའི་རྩ་དོན་དང་ཚང་དགོས་པའི་ཆ་རྐྱེན། ལག་བསྟར་དགོས་པའི་གོ་རིམ་བཅས་ལ་གཏན་ཁེལ་གསལ་པོ་བྱས་པ་རེད། 2010ལོར། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་དཔང་ཡིག”གཅིག་གྱུར་བཀྲམ་པ་དེ་སྤྲུལ་སྐུའི་ཁྲིམས་མཐུན་ཐོབ་ཐང་གི་བདེན་དཔང་དུ་གྱུར་ཡོད། 2016ལོར།“བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་”ཤར་གཏོང་བྱས་ཏེ་རྒྱལ་ནང་སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་སྤྲུལ་སྐུ1331གི་ཆ་འཕྲིན་ཆ་ཚང་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས་ཟིན་པ་རེད། 
  ཡིན་ཡང་ཉེ་བའི་ལོ་འགའི་ནང་མི་ལ་ལས་སྔར་བཞིན་སྤྱི་ཚོགས་དང་དྲ་ངོས་སུ་“སྤྲུལ་སྐུ་”ལ་རྫུས་ཏེ་མགོ་གཡོག་མགོ་བསྐོར་གཏོང་གིན་འདུག དེ་ལས་ རང་གིས་རང་ལ་ཆོ་ལོ་སྩོལ་མཁན་ཡོད་ལ་དགོན་པའི་དགེ་འདུན་པ་ནས་རྫུས་མིང་ཉར་མཁན་ཀྱང་ཡོད།  རེ་ཞིག་“སྤྲུལ་སྐུ་”དང་“ཆོས་རྒྱལ་”གང་སར་ཁྱབ་སྟེ་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གྱོང་གུད་བཟོས་ཤིང་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་ལ་གནོད་སྐྱེལ་ཐེབས་པས་དངོས་ནས་ཡིད་སེམས་སྐྱོ་བ་ཞིག་རེད།
  རྔམ་བརྗིད་ཀྱི་རྒྱལ་མངའ་ལ་འཁོར་རྣམ་བཞིས་ཆོས་ཁྲིམས་དང་ཚུལ་ཁྲིམས་ཀྱི་འདུལ་བ་སྲུང་དགོས་པ་ནི་ཀུན་གྱི་རྩ་བ་ཡིན་ལ། ཆོས་ཀྱི་སྒོ་མོ་ཡང་དག་ཡོང་བ་ལ་ཕྱོགས་སོ་སོའི་མཁས་མཛངས་རྣམ་པས་བདེན་རྫུན་མཐའ་སྐྱོང་མཛད་པས་ན་ད་གཟོད་སྲོལ་བཟང་ལམ་ལྷོངས་ལྡན་ངེས་རེད། དེར་བརྟེན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་འདོན་ཡི་གེ་སྤེལ་བ་གཤམ་གསལ་དུ།
  གཅིག བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ནས་རང་སེམས་ཡོངས་སུ་འདུལ་བ་དང་། ལྷག་བསམ་བསྐྱེད་དེ་ཚུལ་ཁྲིམས་སྲུང་བ་དང་དགེ་སྒྲུབ་སྡིག་སྤངས་དང་ངན་སྲོལ་དག་ཐེར་བྱེད་དགོས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་མཛད་དེ། གོམ་གང་མདུན་སྤོས་ཀྱིས་འདྲ་མཉམ་འདུ་ཤེས་དང་སྤྱི་འབངས་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྐྱེས་འབུལ་གྱི་འདུ་ཤེས་སོགས་བཞེངས་སྐྲུན་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་དང་མི་དམངས་བདེ་སྐྱིད་ཐད་ལ་སྐྱེས་འབུལ་མང་ཙམ་འདོན་དགོས། 
  གཉིས། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་བོད་བརྒྱུད་ནང་བསྟན་རྒྱུད་འཛིན་འཕེལ་རྒྱས་ཐད་ཀྱི་དོན་ཆེན་ཞིག་རེད། དགེ་འདུན་པ་ཚོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དམ་སྲུང་དགོས་པ་དང་རང་རྟོགས་ཀྱིས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་གཏན་སྲོལ་སྲུང་བརྩི་བྱས་ཐོག སྤྲུལ་སྐུའི་མཚན་སྙན་ལ་གཅེས་འཛིན་དང་དགའ་ཞེན་བྱེད་དགོས། དེ་ཡང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྒྲིག་སྲོལ་ལ་གཏོར་བརླག་དང་“སྤྲུལ་སྐུ”ཡིན་མདོག་བྱེད་མཁན་གྱི་རིགས་ལ་དགོན་པས་ཁྲིམས་ལྟར་མཐར་སྤྲོད་གཏོང་བ་དང་།ནང་བསྟན་མཐུན་ཚོགས་ཀྱིས་ཐག་གཅོད་ནན་མོ་བྱེད་དགོས། 
  གསུམ། ཡང་སྲིད་ངོས་འཛིན་ལ་སྒྲིག་སྲོལ་ངེས་གཏན་ཡོད་པ་དང་སྤྲུལ་སྐུའི་བདེན་རྫུན་ནི་དབྱེ་འབྱེད་ཆོག་པ་ཞིག་ཡིན། སྲིད་གཞུང་གིས་ཆོག་མཆན་ཐོབ་པའི་སྤྲུལ་སྐུ་ལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་བཀྲམ་པའི་སྤྲུལ་སྐུའི་དཔང་ཡིག་ཡོད་དགོས་ཀྱི་མེད་པ་ནི་རྫུས་མ་ཡིན། ཆོས་ལུགས་བྱ་འགུལ་ནི་དགོན་པའི་ནང་སྤེལ་དགོས་པ་ཡིན་ལ། དེ་མིན་དགོན་པའི་ཕྱི་ཕྱོགས་སུ་ཆོས་ལུགས་བྱ་འགུལ་སྤེལ་བའམ་བསོད་སྙོམས་ཞུ་བ། རྒྱུ་ནོར་སློང་མཁན་གྱི་རིགས་ནི་རྫུས་མ་ཡིན་པས། རྒྱ་ཆེ་བའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གསལ་འབྱེད་དགོས་པར་འཚལ་ལོ། །  
  བཞི། སྤྱི་ཚོགས་སྟེང་དང་དྲ་ངོས་སུ་མགོ་གཡོག་མགོ་བསྐོར་གཏོང་མཁན་གྱི་“སྤྲུལ་སྐུ”རྫུས་མར། འབྲེལ་ཡོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩད་གཅོད་བྱེད་པ་དང་སྤྱི་ཚོགས་ཀྱི་སྡེ་སོ་སོ་ནས་ལྟ་རྟོག་དང་བཀག་འགོག་བྱེད་པར་རེ་བ་ནན་མོ་ཞུས། ཆ་འཕྲིན་དྲ་བའི་ལས་སྟེགས་སུ་“སྤྲུལ་སྐུ”དང་“རིན་པོ་ཆེ”ལ་སོགས་ཀྱི་མིང་འཛིན་ཐོག་བྱ་འགུལ་སྤེལ་མཁན་ལའང་སྤྲུལ་སྐུའི་ཐོབ་ཐང་དཔང་ཡིག་ཡོད་དགོས། མཉམ་དུ་ཆོས་ལུགས་ཀྱི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་སོ།།

ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ཡོན་ལྷན་ཁང་གིས།
2017ལོའི་ཟླ་4པའི་ཚེས་19ཉིན།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716