སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།
སྤེལ་དུས། 2017-05-27   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
          ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ཏེ་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་པ་རེད།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཞུས་ཡུང་དང་། ཝང་གཡུང་ཅུན། ཧོ་ཝུན་ཧའོ། པད་མ་དབང་འདུས། ཧྥང་ལིང་མིན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད།
          བརྙན་ལམ་བཀོད་འདོམས་མ་ལག་བརྒྱུད་བློ་བཟང་རྒྱལ་མཚན་གྱིས་གྲོང་ཁྱེར(ས་ཁུལ)ཁག་གི་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་ལས་དོན་བཀོད་སྒྲིག་བྱས་ཚུལ་གསན་ནས་ལོ་གསར་པ་ཤར་ཚུན་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་ཀྱི་བློ་མཐུན་ཚོ། ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། ལས་སྒྲུབ་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བྱམས་བརྩེའི་འཚམས་འདྲིའང་གནང་བ་རེད།
          བློ་བཟང་རྒྱལ་མཚན་གྱིས་མིག་སྔར་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་། ཁྱོན་ཡོངས་སྐུལ་སློང་། དོན་འཁྱོལ་ལ་དམ་འཛིན། ཕྱོགས་བསྡུས་བྱེད་ཐབས་སྤྱོད་པ་བཅས་བྱས་པས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡིན་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་གསུངས་པ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་བཅས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་མིག་སྔའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས། དུས་བབ་གསལ་རྟོགས་དང་། བདེ་སྡོད་ཉེན་བསམ། ཆུ་མ་ཤོར་གོང་ཆུ་རགས་རྒྱག་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་བཀོད་སྒྲིག་བླང་བྱར་ནན་པོ་གཞིགས་པ་བཅས་བྱས་ཏེ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་དང“ལྗོངས་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་དང་ཚད་མཐོའི་དོགས་ཟོན་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ཞིབ་ཚགས་ངང་དོན་འཁྱོལ་ཡག་པོ་བྱེད་པ། ཉེན་བརྡ་རྒྱུན་སྒྲོག་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཙོ་གནད་མངོན་གསལ་དོད་པ་དང་དམིགས་ཚད་ཁ་གསལ་ཡོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེའི་མཛུབ་ཁྲིད། ལས་ཀའི་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་དང་འགག་རྩའི་ཁྱབ་ཁོངས་མངོན་གསལ་དོད་པ། སྔོན་ཚུད་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་ཞིབ་ཚགས། དམ་འཛིན་ཡག་པོ་བཅས་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་རང་འགུལ་ངང་དོགས་ཟོན་བྱེད་པའི་ཐད་འབད་བརྩོན། བརྟན་ལྷིང་སྲུང་སྐྱོང་གི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རིག་པ་དྭངས་གསལ་ཡོང་བ་བྱེད་དགོས་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་དོ་དམ་སོགས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྐོར་བཤེར་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བཅས་བྱས་ཏེ་སྤྱི་པའི་བདེ་འཇགས་ཐད་སྐྱོན་ཆ་གང་ཡང་མི་ཐོན་པ་བྱེད་དགོས་པ། ཆོས་ལུགས་ཁྱབ་ཁོངས་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ཁྲིད་སྟོན་ཐད་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིད་སྟོན་ལ་བྱེད་ཐབས་ཡོད་པ་དང་། ཁྲིད་སྟོན་ལ་ནུས་ཤུགས་ཡོད་པ། ཁྲིད་སྟོན་ལ་ཕན་འབྲས་ཐོན་པ་བཅས་བྱས་ཏེ་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། ཁོངས་གཏོགས་དོ་དམ་ནན་པོ། ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བཅས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་སྣང་ཆེན། སྒྲིག་ཁྲིམས་ལ་སྣང་ཆེན། སྒྲིག་ལམ་ལ་སྣང་ཆེན་བཅས་བྱེད་པ་མ་ཟད། རིམ་ཁག་སྒྲིག་བཤེར་དང་རྩ་འཛུགས་སྡེ་ཚན་གྱིས་མངོན་བཤེར་ལྐོག་ཞིབ་དང་། ཞིབ་བཤེར་ཡོ་བསྲང་ནན་པོ། འགན་འཁྲི་བདའ་འདེད་ནན་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འགྱུར་མེད་ཀྱི་སྒྲིག་ཁྲིམས་ལ་བརྟེན་ནས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་ཐོག་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུན་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
          ཏིང་ཡེ་ཤན་གྱིས་གསུང་བཤད་གནང་སྐབས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་ཡོང་བ་བྱས་ཏེ་ད་ཐེངས་ཀྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་འཕྲལ་དུ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་ཡོང་བ་དང་། ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་ཐུགས་བློ་བདེ་པོ་ཡོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚོགས་འདུ་གྲོལ་རྗེས་བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཧོ་ཝུན་ཧའོ། པད་མ་དབང་འདུས། ཧྥང་ལིང་མིན་བཅས་ལྷ་ས་གྲོང་ཁྱེར་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་བཀོད་འདོམས་པུའུ་རུ་ཕེབས་ནས་ལས་རེས་མི་སྣ་དང་ལས་རེས་སྣེ་ཁྲིད་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ། རྫོང་དང་ཆུས་ཁག་གཅིག་དང་བརྙན་ལམ་སྦྲེལ་མཐུད་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན་གནས་ཚུལ་མཁྱེན་རྟོགས་གནང་ནས་ཉེ་དུས་ཀྱི་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་བཏོན་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716