སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མི་རིགས་ཁག་གི་མང་ཚོགས་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་སོང་བ།
སྤེལ་དུས། 2017-06-13   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
——ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་ཚིགས་དང་པོའི་སྒྲིལ་གླེང་གསུམ་པ།
          ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་བྱེད་སྒོའི་སྤྱིའི་ཇུས་གཞིའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། བོད་ལྗོངས་ཀྱི་ས་གནས་ཁག་གིས་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གི་མཛུབ་ཁྲིད་དང་རིམ་ཁག་བྱེད་སྒོའི་གཞུང་ལས་ཁང་གི་ཚད་མཐོའི་མཐོང་ཆེན་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་དང་རིམ་པ་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་དུས་ཚིགས་དང་པོའི་ལས་དོན་ཁག་ཏན་ཏིག་ངང་སྤེལ་བ་དང་ལྷག་དོན་དུ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”ཆེད་དོན་གཅིག་སྡུད་སྒྲོག་འགྲེལ་སློབ་གསོ་བརྒྱུད་བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། དགོན་སྡེའི་གྲྭ་བཙུན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་བཅས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་བསམ་བློའི་ངོས་འཛིན་ཡོངས་ཁྱབ་ངང་མཐོ་རུ་ཕྱིན་ནས་མི་ཚང་མས“སྣང་ཆེན་བཞི་དང་དགའ་ཞེན་བཞི”བརྗོད་པ་དང་ཚང་མ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རྣམ་པ་ཟབ་མོའི་ཁྲོད་ཞུགས་ཏེ་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།
          སྒྲོག་འགྲེལ་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་བ་དང་གསོན་ཉམས་དོད་པས“ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”གནས་ལུགས་རྒྱུ་མཚན་དེ་བས་ཁ་གསལ་བྱུང་བ།
          བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གྲོང་ཁྱེར་དང་ས་ཁུལ་དང་རྫོང(ཆུས)ཁག་གི་སྒྲོག་འགྲེལ་ཚོགས་པའི་གཅིག་སྡུད་གསོ་སྦྱོང་ཕྱོགས་ཡོངས་ནས་བདེ་བླག་ངང་སྤེལ་ཟིན་ནས་ཁོངས་གཏོགས་ཁག་དང་ལས་རིགས་ཁག་གི་སྒྲོག་འགྲེལ་པའི་འཐུས་མི་ཚང་མ་གསོ་སྦྱོང་ནང་ཞུགས་ཡོད། གཅིག་སྡུད་སྒྲོག་འགྲེལ་ཕྱོགས་ཡོངས་ནས་སྤེལ་ཏེ་རིམ་ཁག་སྒྲོག་འགྲེལ་ཚོགས་པ(རུ་ཁག་དང་ཚོགས་ཆུང)ཞིང་འབྲོག་ཁུལ་དང་། སློབ་གྲྭ དགོན་སྡེ། ཁེ་ལས་བཅས་སུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཡོད།
          སྒྲོག་འགྲེལ་ལས་དོན་ཁྲོད་ཏང་གི་སློབ་གྲྭའི་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་དང་བྱེད་ཐབས་བསླབ་ཡོད་ལ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱིས་གནས་ལུགས་རྒྱུ་མཚན་དང་འགྱུར་ལྡོག་གླེང་ཡོད་པ་མ་ཟད། ད་དུང་ཞིང་འབྲོག་པ་སྒྲོག་འགྲེལ་པས་དོན་དངོས་བརྗོད་པ་དང་མྱོང་ཚོར་གླེང་ནས་སྒྲོག་འགྲེལ་ལས་དོན་ཧྲིལ་པོ་དོན་དངོས་དང་ཉེ་བཅར་དང་། གོ་སླ་དོན་ཟབ། གོ་བདེ་ཤེས་སླ་བཅས་བྱུང་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལྷག་བསམ་རྣམ་དག་ངང་དགའ་ཞེན་བྱེད་པའི་སྲོག་ཤིང་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ནང་སྔ་ས་ནས་རྩ་བ་ཚུགས་པའི་སྲོག་ཤིང་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་འགན་ལེན། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་གཞི་རྩའི་འགན་ལེན་གྱི་ངོས་འཛིན་དེ་བས་གསལ་པོ་བྱུང་བས་སྲོག་ཤིང་ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། ཡིད་ཆེས་གང་ལེགས་བྱེད་པ། སེམས་དབུས་ནས་དགའ་ཞེན་བྱེད་པ་བཅས་ཀྱི་བསམ་བློ་དེ་བས་བརྟན་པོ་བཙུགས་ཡོད།
          ནག་ཆུའི་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་300ལྷག་ཙམ་གྱིས་སྐད་གསང་མཐོན་པོས“གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤོ་བོ་ཞི་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད། མཚེའུ་གཉིས་རྫོང་གི་མང་ཚོགས་ཚོས་སྒྲོག་འགྲེལ་ལ་ཕན་ཚུན་གྲོས་བསྡུར་བྱེད་པའི་ལྷུ་ཚིགས་སུ་གནད་དོན་ལ་ལན་ཚ་ཚ་འུར་འུར་ངང་བརྒྱབ་པ་དང་ལན་ཡང་དག་བརྒྱབ་ནས་ངེས་པར་དུ་ཁྱིམ་ཚང་གི་སྒྲོག་འགྲེལ་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ལུགས་གཅིག་རྗེས་གཉིས་མཐུད་ངང་བརྗོད། ཉི་མ་རྫོང་སྐྱུང་ཚང་ཤང་དམའ་རིམ་སློབ་འབྲིང་གི་སློབ་མ་ཚེ་རིང་སྲི་གནོན་གྱིས་བབ་ཆགས་པའི་སྐད་ཆའི་ཐོག་ནས་ཁོང་གིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་དང་དད་གུས་བྱ་ལུགས་བརྗོད། ཁོང་གིས་ཏང་དང་སྲིང་གཞུང་གི་ཐུགས་ཁུར་ཟབ་བཞེས་མེད་ཚེ་ང་སློབ་གྲྭའི་ནང་ཤེས་བྱ་སྦྱོང་བའི་གོ་སྐབས་མེད་པར་ཉིན་ལྟར་ལུག་འཚོ་ནས་སྡོད་རྒྱུ་ལས་མ་མཆིས། ང་རང་སློབ་གྲྭར་བསྐྱོད་རྒྱུར་དགའ་པོ་ཡོད་ལ་འདི་གའི་ཡོད་ཚད་ལ་ཧ་ཅང་དགའ་པོ་ཡོད་ཅེས་བརྗོད། ནག་ཆུ་རྫོང་སྟག་གསར་ཤང་གི་ཞིང་འབྲོག་མང་ཚོགས་ཚོས་སྒྲོག་འགྲེལ་ཉན་རྗེས་རང་འགུལ་ངང་ས་གནས་དེ་གའི་སྲིད་གཞུང་ལ་བཀག་རྒྱ་ལས་འགལ་བའི་པར་དང་རྟགས་མ་བསྐྱལ་བ་དང་སྦྲགས་སླད་ཕྱིན་ངེས་པར་དུ་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་ཏང་གི་སྲོག་ཤིང་ལ་ལྷག་བསམ་རྣམ་དག་གིས“ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”མང་ཚོགས་ཡག་པོ་ཞིག་བྱ་རྒྱུ་ཡིན་ལུགས་ཀྱང་བརྗོད།
          ལག་ལེན་བྱེད་སྒོའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་བཀྲག་མདངས་འཚེར་ས་མང་བས“ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”བསམ་བློ་དང་བྱ་སྤྱོད་དེ་བས་རང་འགུལ་དུ་གྱུར་པ།
          རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་རྟེན་ནུས་ལྡན་བཟོས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཡོད། རིག་རྩལ་འཁྲབ་སྟོན་དང་། “མི་སྣ་ཡག་ཤོས”འདེམས་པ། ཤེས་བྱའི་འགྲན་བསྡུར། གཏམ་བཤད་འགྲན་བསྡུར། དཔེ་དེབ་ཀློག་པ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བའི་རྣམ་པ་ཟབ་མོ་བཏོད་དེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བྱེད་སྒོ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱས་ནས་བྱེད་སྒོ་དེ་རིམ་པ་མི་འདྲ་བའི་མང་ཚོགས་ཁྲོད་དོ་ཁུར་རྒྱ་ཁྱབ་ངང་ཐོབ་པ་བྱས་ཡོད།
          “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་གཞིས་རྩེ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་གཙོ་གནད་དེར་དམ་པོར་དམིགས་ནས“སློབ་གསོ་ཁག་ལྔ་གཏིང་ཟབ་ཏུ་གཏོང་བ་དང་འདུ་ཤེས་ལྔ་ཟབ་ཏུ་གཏོང་རྒྱུ”གཞི་རྟེན་དང་གཞི་འཛིན་སར་བྱས་ཏེ“སློབ་གསོ་ཁག་ལྔ་གཏིང་ཟབ་ཏུ་གཏོང་བ་དང་འདུ་ཤེས་ལྔ་ཟབ་ཏུ་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོའི་ཁྲོད་བཏོན་པའི“ཁག་ཐེངས་དྲུག”གི་བྱེད་སྒོའི་གཞི་རྟེན་དེ་རང་འདེམས་བྱ་སྤྱོད་ལ་བརྩིས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་བཅུག་ནས་ལས་ཀའི་སྣུར་བསྲིང་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཡོད།
          མིག་སྔའི་བར་སློབ་དེབ་ཁག་གཅིག་རྩོམ་འབྲི་དང་། གློག་བརྙན་ཁག་གཅིག་བཟོས་པ། སྲིད་ཇུས་ཀྱི་རྩིས་ཁྲ་ཁག་གཅིག་ཡག་པོ་བཟོས་པ། ལེ་ཚན་བཟང་པོ་ཁག་གཅིག་བཏོད་པ། རྟེན་རྫས་བཤམས་མཛོད་ཁང་ཁག་གཅིག་བཙུགས་པ། རྒྱལ་གཅེས་རིང་ལུགས་ཀྱི་གནའ་ཤུལ་ཁག་གཅིག་ཉམས་བཟོ་བྱས་པ་བཅས་དང་། 《གཞིས་རྩེ་གྲོང་ཁྱེར་གྱི་དམངས་འཚོའི་འགན་ལེན་གྱི་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས》ཀྱི་གསལ་འབྱེད་གཱ་153200བཟོས་ནས་པར་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ལ་སྤྲད་པ། གྲོང་ཁྱེར་རིག་གནས་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་རིག་རྩལ་སྐོང་འཁྲབ་བྱས་ནས་རྫོང(ཆུས)18དུ་རིག་རྩལ་སྐོང་འཁྲབ་བྱས་པ་བཅས་རེད།
          དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་རྣམ་པ་ཟབ་མོ་བཏོད་པ་དང་གཞི་ཁྱོན་ཆགས་པ་བྱས་ནས“ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་ཞེན་བྱེད་པའི”ཆོད་སེམས་དང་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་པ།
          རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་ལས་ཁང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ས་གནས་དེ་གའི་བྱེད་སྒོའི《དྲིལ་བསྒྲགས་ལས་ཀའི་ཇུས་གཞི》ཞིབ་འཇུག་གིས་བཟོས་ནས་བཀྲམས་པ་དང་སྤྱི་ཚོགས་ཐོག་དྲིལ་བསྒྲགས་དང་། རིགས་པའི་གཞུང་ལུགས་སྒྲོག་འགྲེལ། གསར་འགྱུར་དྲིལ་བསྒྲགས། རིག་རྩལ་དྲིལ་བསྒྲགས། དྲ་ཐོག་ཏུ་དྲིལ་བསྒྲགས་བཅས་བྱེད་པའི་ཐད་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།
          ལྷོ་ཁ་གྲོང་ཁྱེར་གྱིས《ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲིལ་བསྒྲགས་ལྟེབས་ཤོག》དང《ལྷོ་ཁ་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དྲིལ་བསྒྲགས་ལག་དེབ》(བོད་རྒྱ་ཡིག་རིགས་གཉིས)སྒྲིག་བཟོ་བྱས་པ་དང་གླུ་གཞས་གསར་རྩོམ་གྱིས《“སྣང་ཆེན་བཞི་དང་དགའ་ཞེན་བཞི”སེམས་ལ་བརྟན་པོ་ངེས་དགོས་པ》སོགས་གླུ་གཞས་ཀྱི་སྨྱུག་རོལ་མགྱོགས་གཏམ་མང་པོ་བརྩམས་ཡོད།
          ལམ་དུམ་གཙོ་བོ་དང་མ་ལམ་གྱི་གཡས་གཡོན་དུ་ཁང་ཕྱིའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བརྡ་ཆ་ཡོངས་བསྒྲགས་བྱས་ཏེ་རིགས་ཁག་གི་LEDགློག་རྡུལ་བརྙན་ཆས་དང་། བདལ་གཏོང་རླངས་འཁོར་གྱི་ཐོག་སྒྲོན། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་སྤྱད་དེ་ཡོངས་བསྒྲགས་བྱས་པའི་དྲིལ་བསྒྲགས་སྦྱར་ཡིག་འཕྲིན་སྤེལ་བྱེད་པ་དང་། གྲོང་ཁྱེར་གྱི་སྨྱར་སྦྱོར་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་བཞིན་པ”ཞེས་པའི་ཆེད་དོན་ལེ་ཚན་གཏོང་རྒྱུར་སྒྲིག་འཛུགས་བྱེད་པ། ཆ་འཕྲིན་དང་། ཟུར་བྲིས། གསར་འགྱུར་ཐོར་བུ། སྒྲིལ་གླེང་། དཔྱད་གཏམ་བཅས་གཏོང་སྤེལ་བྱེད་པ། རྫོང(ཆུས)ཁག་དང་། ཁོངས་གཏོགས་ཁག ཁྱབ་ཁོངས་ཁག་བཅས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་དྲིལ་བསྒྲགས་འཕྲིན་སྤེལ་བྱེད་པ། ལྷག་པར་དུ་བྱེད་སྒོའི་དོན་སྙིང་གལ་ཆེན་དང་། ཐོབ་པའི་གྲུབ་འབྲས། མང་ཚོགས་ཞུགས་མང་བ་དང་གླེང་ཆེ་བ་སོགས་ལ་སྟབས་བསྟུན་འཕྲིན་སྤེལ་བྱས་ཡོད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་སྤྱི་ཕན་བརྡ་ཆའི་སྦྱར་ཡིག་ཆེ་གྲས་238དང་། སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སོགས་བརྡ་ཆ་སྦྱར་ཡིག་ཆུང་གྲས་2300 བདལ་གཏོང་རླངས་འཁོར་70ལྷག་ཙམ། སྤྱི་སྤྱོད་རླངས་འཁོར་20ལྷག་ཙམ། LEDཡི་གློག་རྡུལ་བརྙན་ཆས་430ལྷག་ཙམ་བཅས་ཐོག་དུས་ངེས་མེད་ངང་ཆ་འཕྲིན་གཏོང་སྤེལ་བྱེད་པ་མ་ཟད། གྱང་ངོས་ཀྱི་སྦྱར་ཡིག་1034ལ་རྩི་གསར་པ་བཏང་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716