སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ་དང་རྒྱ་ཚ་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་པ།
སྤེལ་དུས། 2017-06-14   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
          ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོ་དང་རྒྱ་ཚ་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། ལས་འགན་ལྕི་པོ་ཕྲག་ཏུ་ཏན་ཏིག་ཁུར་བ། མཐའ་མཚམས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མཐའ་མཚམས་མི་སེར་གྱི་འཚོ་བ་སྔར་བས་བདེ་སྐྱིད་དང་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྔར་བས་སྲ་བརྟན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚེས་8ནས་ཚེས་11ཉིན་བར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཡུང་ཙེ་ཡི་ཕེབས་རོགས་འོག་བློ་བཟང་རྒྱལ་མཚན་གྱིས་ལ་བརྒྱབ་ཀླུང་བརྒལ་གྱིས་ཡུལ་སྨད་དང་། རྩ་རི། མདོ་ཡུལ་སོགས་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་ཞིང་དུད་དང་། སློབ་གྲྭ སྨན་ཁང་། གཞི་རིམ་རྩ་འཛུགས། མཐའ་མཚམས་མངགས་གཏོང་ཁང་། ལན་ཏུའེ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་། མང་ཚོགས།
          མཐའ་མཚམས་ཀྱི་དཔོན་དམག་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འབྲེལ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་། “ཞིང་གསུམ”ལས་དོན། དབུལ་སྒྲོལ་འགག་སྒྲོལ། གཞི་རིམ་གྱི་མི་དམངས་འཐུས་ཚོགས་ལས་དོན་བཅས་ལ་བརྟག་ཞིབ་ཀྱང་གནང་བ་རེད།
          ཡུལ་སྨད་ནི་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་ཤང་ཞིག་རེད་ལ། ལྷུན་རྩེ་རྫོང་ཁོངས་ཀྱི་ས་རྒྱ་ཆེ་ཤོས་ཀྱི་ཤང་ཞིག་ཀྱང་རེད། དེ་སྔའི་ཤང་ཀྲང་སྒྲོལ་དཀར་གྱི་ཁྱིམ་དུ་བློ་བཟང་རྒྱལ་མཚན་གྱིས་མང་ཚོགས་ཀྱི་འཐུས་མི་དང་སྒོར་སྒོར་བྱས་ནས་བཞུགས་ཏེ་འབབ་ཁུངས་ཀྱི་སྐོར་ཞིབ་པར་གླེང་བ་མ་ཟད། ད་དུང་འབབ་འཕར་ཕྱུག་འགྱུར་གྱི་སྐོར་ཡང་གླེང་ཞིང་། བློ་བཟང་རྒྱལ་མཚན་གྱིས་ས་སྲུང་མཐའ་བརྟན་བྱས་པ་ནི་ཁྱེད་ཚོས་རྒྱལ་ཁབ་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་རེད། དེ་ཐོག་ནས་བབ་ཆགས་ཤོས་དང་། ལྷག་བསམ་དོད་ཤོས། ཟོལ་པ་མེད་ཤོས་བཅས་ཀྱི་རྒྱལ་ཁབ་ལ་དགའ་ཞེན་བྱེད་སེམས་མཚོན་གྱི་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཚང་མར་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། སླད་ཕྱིན་ང་ཚོས་རྐང་འོག་གི་ས་ཆ་མུ་མཐུད་ལེགས་པར་སྲུང་དགོས་པ་དང་མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཡུལ་སྨད་ཀྱི་མཐའ་མཚམས་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་དུས་འགོའི་ལས་དོན་ཁག་བདེ་བླག་བྱུང་བ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་འཆར་འགོད་ས་བཀྲར་ནན་གྱིས་གཟིགས་པ་དང་འབྲེལ་ཡུལ་སྤོས་དབུལ་སྐྱོར་དང་ས་སྲུང་མཐའ་བརྟན་གཉིས་ཟུང་འབྲེལ་གྱི་ལས་དོན་ལ་དམ་འཛིན་གྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་སྔར་བས་མང་དུ་དང་འཚོ་བ་སྔར་བས་ལེགས་སུ་འགྲོ་བ་བྱ་རྒྱུའི་རེ་བ་འཆང་ལུགས་གསུངས་པ་རེད།
          འཛུགས་སྐྲུན་ཚད་ལྡན་བྱས་པ་བརྒྱུད། ད་ཆ་རྩ་རི་ཤང་སློབ་ཆུང་དུ་གློག་ཀླད་ཁང་དང་། དཔེ་དེབ་ཁང་། འཁྲུ་ཁང་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད་ལ། རྨང་གཞིའི་སློབ་གསོའི་སྤུས་ཚད་དང་སློབ་གཉེར་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད། བློ་བཟང་རྒྱལ་མཚན་གྱིས་སློབ་ཁང་དང་ཉལ་ཁང་ལ་གཟིགས་པར་ཕེབས་པ་དང་། སློབ་སྟོན་ཀྲུའུ་རེན་ཚེ་བརྟན་སྒྲོལ་དཀར་སོགས་དགེ་རྒན་དང་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་མ་ཟད། ད་དུང་ཁོང་ཚོར་སློབ་ཞུགས་གོང་དང་སློབ་ཆུང་གི་སྐད་གཉིས་སློབ་གསོའི་ལས་དོན་སྔར་བས་གཏིང་ཟབ་སྤེལ་ནས་སློབ་མ་འཚར་ལོངས་ཡོང་ཕྱིར་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འདིང་དགོས་པའི་བཀའ་སློབ་ཀྱང་གནང་བ་རེད། སྲོལ་རྒྱུན་གྱི་དམངས་སྲོལ་རི་སྐོར་དུ་སྐྱོད་ཡུལ་ཞིག་ཡིན་པའི་རྩ་རིར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བློ་བཟང་རྒྱལ་མཚན་གྱིས་རྩ་རི་ཤང་གི་འཕེལ་རྒྱས་ཇུས་གཞི་དམིགས་སུ་བཀར་ནས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གསར་འབྱེད་བསམ་ཕྱོགས་སྔར་བས་ཆེ་རུ་དང་འཆར་འགོད་ཚད་གཞི་མཐོ་རུ་བཏང་སྟེ་ཁྱད་ལྡན་ཡུལ་སྐོར་ལ་བརྟེན་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ད་དུང་བཅོ་ལྔ་མེ་ཏོག་དང་བསྟན་འཛིན་ཆོས་སྒྲོན་སོགས་ཀྱི་ཁྱིམ་དུ་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། ཡོང་འབབ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཀྱང་གནང་བ་རེད།
          མདོ་ཡུལ་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་རིགས་ཀྱི་མང་ཚོགས་འདུས་སྡོད་ཁུལ་གཅིག་པུ་དེ་རེད། མ་དངུལ་སྒོར་ཁྲི་3810བཏང་བ་དང་2014ལོའི་ཟླ་10པར་སྐྲུན་མཇུག་འགྲིལ་བའི་མདོ་ཡུལ་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གི་དཔེ་སྟོན་གྲོང་ཚོར་གྲོང་མིའི་སྡོད་ཁང་གཅིག་ལ་གཅིག་འདྲེས་དང་། སྒྲིག་བཀོད་ཀྱི་བྱེད་ནུས་ཆ་ཚང་བ། ལྷོ་པ་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་བཅས་ཡོད། བློ་བཟང་རྒྱལ་མཚན་གྱིས་བག་ཕེབས་ངང་གྲོང་ཚོར་ཕེབས་ཏེ་རྣམ་གྲངས་ལག་བསྟར་བྱས་པ་ལས་ཐོན་པའི་ཕན་འབྲས་མཁྱེན་རྟོགས་གནང་བ་མ་ཟད། ཞའོ་ཅ་ཡའུ་ཡི་ཁྱིམ་དུ་ཕེབས་ནས་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་མཁྱེན་རྟོགས་གནང་བ་རེད། ཞའོ་ཅ་ཡའུ་ནི་ཏང་གི་ཚོགས་ཆེན་བཅུ་དྲུག་པ་དང་བཅུ་བདུན་པའི་འཐུས་མི་ཡིན་པ་དང་། ཁོང་གི་བུ་མོ་བཀྲ་ཤིས་དབྱངས་ཅན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་ད་ཆ་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་རེད། མ་སྨད་གཉིས་ཀྱིས་ཏང་གི་བྱམས་བརྩེའི་ཐུགས་ཁུར་འོག་ལྷོ་པ་རིགས་ཀྱི་མང་ཚོགས་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ད་ཆ་ཧ་ཅང་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོད་ཅེས་མྱོང་ཚོར་ཟབ་མོས་བཤད། མདོ་ཡུལ་ཤང་དུ་བློ་བཟང་རྒྱལ་མཚན་གྱིས་ད་དུང་འཕྲོད་བསྟེན་ཁང་དང་། ཤང་སློབ་ཆུང་། ལྷོ་པ་རིགས་ཀྱི་རིག་གནས་བཤམས་སྟོན་ཁང་སོགས་ལ་གཟིགས་སྐོར་གནང་བ་རེད།
          བློ་བཟང་རྒྱལ་མཚན་གྱིས་ཡུལ་སྤོས་དབུལ་སྐྱོར་ལས་དོན་ལ་དོ་ཁུར་ཆེན་པོ་གནང་གི་ཡོད། རྒྱ་ཚ་རྫོང་རྨོག་ར་འབའ་ཡུལ་སྤོས་དབུལ་སྐྱོར་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་བ་དང་། ས་ཁྱོན་མུའུ་708བཟུང་བ། བཀོད་སྒྲིག་སྡོད་ཁང་244ཡོད་པ། འཆར་གཞི་ལྟར་ན་འདི་ལོའི་ཟླ་7པའི་གོང་དུ་འཛུགས་སྐྲུན་ལས་འགན་ཆ་ཚང་ལེགས་འགྲུབ་ཡོང་རྒྱུ་རེད། བློ་བཟང་རྒྱལ་མཚན་གྱིས་ཨར་ལས་བྱ་ཡུལ་དུ་ཕེབས་ཏེ་འཆར་འགོད་ལ་གཟིགས་པ་དང་ལས་ཀའི་འཕེལ་རིམ་བཀའ་འདྲི་གནང་ཞིང་། མི་རྩ་བར་འཛིན་རྒྱུ་དང་། ཚད་གཞི་མཐོ་པོའི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུ། ཐོན་ལས་རྣམ་གྲངས་ཇུས་འགོད་ཞིབ་ཚགས་བྱ་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལྗོངས་ཡོངས་ཀྱི་གནས་སྤོའི་མ་དཔེ་དང་འབྱོར་འབྲིང་གི་དཔེ་སྟོན་ཞིག་གཏོད་རྒྱུའི་རེ་བ་འཆང་ལུགས་གསུངས་པ་རེད།
          བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་མཐའ་མཚམས་ཤང་གི་ལས་ཀའི་སྙན་སེང་གསན་པ་རེད། ཁོང་གིས་བོད་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷུན་རྩེ་རྫོང་དུ་བརྟག་ཞིབ་གནང་རིང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ། རང་གིས་རང་ལ་གནོན་ཤུགས་སྤྲོད་པ། རང་འགུལ་ངང་ལས་ཀ་ཧུར་ཐག་བྱེད་པ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་འཕེལ་རྒྱས། མང་ཚོགས་ཕྱུག་འགྱུར་བཅས་ཡོང་ཆེད་འབད་པ་ལྷོད་མེད་བྱེད་དགོས། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་འགྲིལ་བ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་མང་ཚོགས་ཞུགས་ཐུབ་པ་དང་འབྲས་བུ་ཡོད་པའི་བྱ་བཟང་མང་ཙམ་བསྒྲུབས་ནས་མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་བཏང་སྟེ་བྱ་གཞག་གཏོད་པའི་བསམ་པ་དང་། འགན་འཁྲིའི་བསམ་པ། དམངས་ལ་བརྩེ་བ་འཆང་སེམས་བཅས་ཆེན་པོའི་ཐོག་ནས་མཐའ་དར་དམངས་ཕྱུག་གི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་ལེགས་སུ་ཤུགས་ཆེན་བཏང་སྟེ་མཐའ་མཚམས་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བར་བྱེད་པའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
          མཐའ་སྲུང་དཔོན་དམག་ལ་གཟིགས་སྐབས། བློ་བཟང་རྒྱལ་མཚན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགྱུར་མེད་ཀྱི་འགོ་ཁྲིད་དང་། མཐའ་སྲུང་དཔུང་སྡེའི་ལྷག་བསམ་ཟོལ་མེད་ཀྱི་སྲུང་སྐྱོང་། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག བོད་ཀྱི་མཐའ་མཚམས་ས་ཁུལ་དེ་བས་མཛེས་སྡུག་ལྡན་པ་དང་དེ་བས་སྲ་ཞིང་བརྟན་པ་ཞིག་ཏུ་སྐྲུན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716