སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚོགས་ཆེན་བཅུ་དགུ་པའི་ཐོས་བསམ་སྒོམ་རྟོགས། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྲོང་ཚོའི་མང་ཚོགས་800ལ་སྒྲོག་འགྲེལ་བྱས།
སྤེལ་དུས། 2017-11-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཟླ་10པའི་ཚེས་24ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བློ་མཐུན་ཧི་ཞུན་ཕྱིར་ལས་གནས་སུ་སླེབས་མ་ཐག འབའ་ལུང་རྫོང་ཁོག་ནཱ་གྲོང་ཚོར་སླེབས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འཕྲལ་མར་གྲོང་ཚོའི་མང་ཚོགས་ལ་སྒྲོག་འགྲེལ་བྱས།
          ཁོག་ནཱ་གྲོང་ཚོ་ནི་འབའ་ལུང་ལི་སུའུ་མི་རིགས་རང་སྐྱོང་རྫོང་གི་མཐའ་བ་གྲོང་བརྡལ་དུ་ཡོད། ས་འདིར་བོད་རིགས་དང་དབྱིས་རིགས།  ལི་སུའུ་རིགས།  འཇང་རིགས་སོགས་གྲངས་ཉུང་མི་རིགས་བཞི་དང་མཱ་ལི་མ་སཱའི་(玛丽马萨)མི་བཅས་འདུས་སྡོད་བྱས་ཡོད། ཚེས་29ཉིན་ནི་ཏག་ཏག་དགུ་གཉིས་དུས་ཆེན་ལ་འཁེལ་བ་དང་།  ཁོག་ནཱ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་སྔ་མོ་ནས་མི་ཚོགས་ཀྱིས་བཀང་།  གྲོང་ཚོ་ནས་མི་གྲངས་800ལྷག་ཙམ་སླེབས་ཡོད།  རྒན་རྒོན་རྣམས་གྲལ་གྱི་མདུན་དུ་གདན་འདྲེན་བྱས།
ཁོག་ནཱ་གྲོང་མི་མཉམ་དུ་འདུས་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱས། 
          བློ་མཐུན་ཧི་ཞུན་ལགས་ཚང་མ་དང་ཁ་གཏད་དུ་བསྡད་ནས་བོད་རྒྱ་སྐད་རིགས་གཉིས་ཀྱིས་གྲོང་མི་རྣམས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།   ཁོས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་རྒན་གསོ་དང་སྨན་གསོ།   བྱིས་པ་སློབ་གྲྭ་འགྲིམ་པ་སོགས་ཀྱི་གནད་དོན་ཐད་ཡུལ་མི་རྣམས་ལ་རེ་རེ་བཞིན།   ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དོན་ཇི་བཞིན་འགྲེལ་བཤད་བྱས།   དེ་བཞིན་སྲིད་ཇུས་ཡག་པོ་ཅི་ཡོད་གསལ་བཤད་གནང་།   བློ་མཐུན་ཧི་ཞུན་གྱི་སྒྲོག་འགྲེལ་ལ་ཉན་སྐབས།   ཚང་མས་བཞིན་རས་སུ་རེ་སྒུག་གི་འཛུམ་མདངས་ཤར།   དམངས་ཕན་སྲིད་ཇུས་འདི་དག་དོན་འཁྱོལ་ཇི་བཞིན་ཡོང་བར་རེ་སྒུག་དང་།   ཏང་གི་སྣེ་ཁྲིད་འོག་འཚོ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་རེ་སྒུག་བྱེད།
ཁོག་ནཱ་གྲོང་མིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་རར་རིག་རྩལ་འཁྲབ་སྟོན་བྱས།
          སྔ་དྲོའི་སྒྲོག་འགྲེལ་མཇུག་སྒྲིལ་རྗེས།   གྲོང་མིས་ལུས་རྩལ་འགྲན་བསྡུར་དང་རིག་རྩལ་འཁྲབ་སྟོན་བྱས།   ཏང་ཀྲི་པུའུ་བརྒྱད་ཀྱིས་ཕོ་མོའི་རྒྱུག་མཐུད་འགྲན་བསྡུར་བྱས།   འགྲན་བསྡུར་ནང་ཞུགས་མཁན་ཚང་མ་ལོ་ན་ལྔ་བཅུ་ཡན་སོན་པའི་རྒན་རྒོན་ཡིན།   འགྲན་བསྡུར་དེ་ལྟད་མོ་བའི་དགའ་འབོད་ཁྲོད་ཛ་དྲག་གིས་སྤེལ་བ་དང་།   ཏང་ཀྲི་པུའུ་སོ་སོའི་རུ་མི་དབར་མཐུན་སྒྲིལ་མ་གྲོས་རང་མཐུན་ཡིན་ལ།   རྒན་རྒོན་རྣམས་ནི་དེ་བས་ཀྱང་ལོ་རྒས་ཀྱང་ཤེད་ཤུགས་གཞོན་པས་ལུས་རྩལ་གྱི་སྙིང་སྟོབས་མངོན་ཡོད།   སྟོབས་ཤུགས་གང་ཡོད་བཏོན་པ་ནི་ན་གཞོན་གྱི་འགྲན་སྡུར་ཞིག་དང་མཚུངས།
ཁོག་ནཱ་གྲོང་མིས་གླུ་ལེན་གར་འཁྲབ་བྱེད་བཞིན་པ།
          ཧི་ཞུན་འཐུས་མི་དང་ཁོག་ནཱ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གསུམ་གྱི་ཨུ་ཡོན་གྱིས་བརྗོད་རྒྱུར།   “ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བཏོན་པའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པ་ནམ་ཡང་སྙིང་དབུས་སུ་བརྟན་པོ་ཉར་ཡོད།”
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716