སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྐལ་བཟང་གཡུ་སྒྲོན། རྒྱལ་མོ་རྔུལ་ཆུའི་ལྷ་བྱ་ཁྲུང་ཁྲུང་།
སྤེལ་དུས། 2016-08-11   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

   རི་མཐོ་ལུང་གཟར་དུ་བསྐྱོད་པའི་བུད་མེད་སྐལ་བཟང་གཡུ་སྒྲོན་ལགས་ནི། སྲིད་འཛིན་ས་ཁུལ་༦དང་། སློབ་གྲྭ་༩། དགོན་སྡེ༡༠ལ་རྟག་པར་འཕྲིན་སྐྱེལ་དུ་ཕེབས་པའི་ཤང་གི་འཕྲིན་སྐྱེལ་བ་དཀྱུས་མ་ཞིག་རེད། དབྱར་དགུན་སྟོན་དཔྱིད་ག་དུས་ཡིན་ནའང་ཁོ་མོ་འདི་ལྟར་ཁོར་ཡུག་འདི་རུ་འཚོ་བཞིན་ཡོད། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི༩༩༠ཟིན་པའི་ས་ཆའི་ག་ས་གང་ལ་ཁོ་མོས་ཞབས་རྗེས་བཞག་ཡོད། ཁོ་མོ་ནི་སྨར་ཁམས་རྫོང་ཚོ་བ་ཤང་གི་འཕྲིན་སྐྱེལ་བ་སྐལ་བཟང་གཡུ་སྒྲོན་ལགས་རེད། ཚོ་བ་ཤང་གི་ས་གཤིས་ནི་རི་མཐོ་ལུང་གཟར། བརྡ་འཕྲིན་འཕེལ་རྒྱས་ཆེན་པོ་མེད་ལ། ཡུལ་ལུང་རེ་གཉིས་ལ་ད་རུང་གློག་ཡོད་པ་མ་རེད། འདི་འདྲའི་རུ་ལུང་ཞིག་དུ་སྐལ་བཟང་གཡུ་སྒྲོན་ལགས་ནི་མང་ཚོགས་དང་གྲྭ་བཙུན་དག་ཕྱི་ལོགས་སུ་འབྲེལ་འདྲིས་ཐུབ་པའི་ཕོ་ཉ་དཀར་མོ་དེ་རེད། ཁོ་མོ་རྒྱུན་པར་ལམ་ལ་ཆས་དུས། སྤྱི་རྒྱ་༣༠ཉེ་བའི་རྡོག་ཁྲེ་ལྗིད་མོ་ཞིག་འཁུར་དགོས་ཤིང་། འཕྲིན་སྦྱོར་དང་ཚགས་པར་གྲངས་སུམ་སྟོང་ལ་ཉེ། ཐེངས་གཅིག་ལ་སྤྱི་ལེ་བརྒྱ་ཕྲག་བརྒལ་དགོས་པ་དང་། ཟླ་བ་རེར་ཉིན་ཉི་ཤུ་རྩ་གྲངས་སུ་རི་མཐོ་ལུང་གཟར་བརྒྱུད་དགོས་པ་དང་། ངལ་གསོ་དུས་སྐར་དང་དུས་ཆེན་སོགས་གང་གི་སྐལ་བ་ཡང་བྲལ་བར་ལོ་ངོ་བརྒྱད་ལ་འདི་ལྟར་ཧུར་ཐག་བྱས་འདུག  རི་མཐོ་ལུང་གཟར་ཁྲོད་ཀྱི་ཕོ་ཉ་བ། ཚོ་བ་ཤང་དུ་རི་བོ་མཐོན་པོ་རྒྱ་མཚོ་ངོས་ལས་མུས་༤༠༠༠ཟིན་པའི་གངས་རི་དང་། རྦ་རླབས་འཁྲུག་པའི་གཙང་པོ་དང་། ཁུག་ཀྱོག་བཅོ་བརྒྱད་ལྡན་པའི་རི་ལམ་སོགས་ཡོད། གཡང་གཟར་ཟབ་མོ་མུས་སྟོང་ཕྲག་ཉེ་བ་སྟེ་ས་ཆ་འདིར་མ་སླེབས་པའི་མིས་བསམ་ཡུལ་འདས་པ་ཞིག་རེད། ཁོ་མོའི་འགན་ཁུར་ནི་རྒྱལ་མོ་རྔུལ་ཆུའི་ཤང་གི་སྐུད་ལམ་དེ་བརྒྱུད་དགོས་ཤིང་། ལམ་བར་དུ་མི་དམངས་ཀྱི་ཁ་རྒྱུན་དུ་གྲགས་པའི་འདྲེ་ལམ་ཕྲ་མོ་གཉིས་བརྒྱུད་དགོས་ལ། འདྲེ་ལམ་ཟེར་བ་ནི་ལ་མཐོན་པོ་དབྱར་ཟླ་དྲུག་པའི་སྐབས་སུའང་ཁ་ཆར་འབབ་པའི་ས་དང་།དྲོད་ཚད་གོར་ཐིག་མན་གྱི་ཏུའུ་༣༠ཟིན་པ་དང་། གཅོང་རོང་གཡང་གཟར་ནི་ཆན་སྟོང་ལག་སྟོང་གི་མིའང་སྙིང་རྩ་འདར་བའི་གཙང་འགྲམ་གྱི་ལམ་ཕྲན་རྒྱུ་མ་ལྟ་བུར་ཆགས། ཁོ་མོས་རྒྱུན་པར་རྡོག་ཁྲེས་སྤྱི་རྒྱ་༣༠ལ་ཉེ་བ་ཁུར་ནས་ལོ་ཟླ་གང་མང་ཞིག་འདི་ལྟར་འདས།

          བསམ་ཡུལ་ལས་འདས་པ་ནི་དགུན་ཁ་སླེབས་དུས། ཁ་བ་ལྷབ་ལྷབ་དུ་འཕུར་ཞིང་། རིི་ལུང་ཐམས་ཅད་འཁྱག་རོམ་དུ་གྱུར། གྲང་ལྷགས་འུར་འུར་དུ་ལྡང་། དབྱར་ཁར་ཆར་བ་དྲག་པོ་པོ་རླུང་འཚུབ་ཐོག་སེར། ལམ་ཁ་ཐམས་ཅད་འདམ་འབག་གིས་སྣུབས་འགྲོ། འདི་འདྲའི་ཁོར་ཡུག་ཞིག་ཏུ་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་གོམ་མཚམས་བཞག་མ་མྱོང་ལ་འཕྲིན་ཡིག་རེ་རེ་དང་། ཚགས་པར། ཅ་ལག་རེ་རེའི་འཕྲོ་བརླག་ཕྲན་བུའང་མ་བྱུང་མི་ཁྱིམ་རེ་རེའི་སྒོ་ཁར་སྐྱེལ་བཞིན་མཆིས། ལམ་བར་དུ་ལྟོགས་ན་རང་ཉིད་ཀྱི་འཁྱེར་བའི་རྩམ་སྐྱ་འགམ་པ་དང་། སྐོམ་ན་རྫ་ཆུ་གྲང་མོ་བཏུང་བ། དགོང་མོ་སྦྲ་ནང་དུ་སྡོད་པ་བཅས་དཀའ་ངལ་ཁྱད་བསད་བྱས། ཁ་ཆར་བུ་ཡུག་དང་འཕྲད་ཐེངས་རེར་ཡང་ཁོ་མོའི་རང་ཉིད་ལ་སེམས་གསོ་བྱས་སྟེ། རང་ཉིད་ཀྱི་དཀའ་ལས་བརྒྱབ་པ་ནི་འོས་ཤིང་འཚམས་པ་ཞིག་སྟེ། འཕྲིན་པ་རེ་རེའི་བཞིན་བདག་པོ་ལ་འཕྲོད་ཚར་ན་རང་ཉིད་ཀྱི་སེམས་ལ་སྤྲོ་སྣང་འབུམ་གྱིས་བརྟས་ཡོང་།

འཕྲིན་ཡིག་རེ་རེའི་ཆེད་དུ།

༢༠༡༡ལོའི་དབྱར་ཁར། སྐལ་བཟང་གཡུ་སྒྲོན་ལགས་བྱེ་གྲོང་དུ་འཕྲིན་སྐྱེལ་དུ་འགྲོ་བའི་ལམ་བར། དྲག་ཆར་ཆེན་པོ་གློ་བུར་དུ་བྱུང་སྟེ། ལམ་ཁར་གར་འགྲོ་འདིེར་འགྲོ་ཡི་གནས་དང་བྲལ་ལ་ཡིག་སྒྲོམ་སོགས་བརླན་གྱིས་སྦངས་བར་བསམ་སྟེ་ཁོ་མོས་ཆར་ལྭས་ལེགས་པོར་གཡོགས་ཤིང་། རང་ཉིད་ཆར་ནང་དུ་འགྱེལ་སོང་། སྨན་ཁང་དུ་སླེབས་དུས་གློ་ཚད་བྱུང་འདུག་ལ་ཉིན་ལྔར་ཞག་སྡོད་སྨན་བཅོས་ཙམ་བྱས་ཤིང་།སྨན་པའི་མངག་བྱར་ཡང་མ་ཉན་པར་རྡོག་ཁྲེ་འཁུར་སྟེ་རང་ཉིད་ཀྱི་ལམ་ལ་ཆས། དལ་འགོར་མེད་པར་འཕྲིན་པ་རེ་རེ་བདག་པོ་དག་གི་ལག་པ་རུ་སྤྲད་འདུག

གྲྭ་བཙུན་དང་མི་དམངས་ཀྱི་སེམས་ཁོང་ན། ཡིད་འོང་རླབས་ཆེན་གྱི་མི་ཞིག རོང་འབྲོག་མི་དམངས་སྡོད་གནས་ནི་ཁ་འཐོར་དུ་གནས་ཤིང་། འབྲོག་པ་དག་ནི་རུ་སྤོར་བཀལ་འདེགས་ཀྱི་ས་གནས་ངེས་གཏན་མེད་པ་རེད། ཁོ་མོ་ནི་ལམ་ཁ་འདིར་ཕར་འགྲོ་ཚུར་འོངས་ཀྱི་འཕྲིན་སྐྱེལ་བ་དེ་རེད། ལོ་ཤས་ནང་དུ་ཁོ་མོས་འཕྲིན་ཡིག་དང་ཅ་ལག་ཕར་ཚུར་སྐྱེལ་བ་ནི་གྲངས་གིས་མི་ཟིན་ལ། མང་ཚོགས་ཀྱི་ཚབ་བྱས་ཤིང་གླ་ཆའང་ཁོ་མོའི་དངུལ་ལོ་འགྲོ་གྲོན་གཏོང་བཞིན་མཆིས། ལོ་ངོ་འདི་དག་ལ་ཁོ་མོ་ལམ་ལ་ཆས་དུས་རྒྱུན་མཁོ་ཡི་སྨན་ལ་སོགས་པའང་ཁོ་མོས་ཉོས་སྟེ་གྲོང་གསེབ་དུ་འཁྱེར་བཞིན་ལ། འབྲོག་ཐང་དུ་སླེབས་དུས་དངོས་ཟོང་འདི་དག་ནི་རིན་ཐང་བྲལ་བ་ཤ་སྟག་དུ་གྱུར་འདུག ཁོ་མོ་སླེབས་དུས་མི་ཚང་མའི་གདོང་ལ་སྐྱིད་སྣང་གིས་ཁེངས་འདུག ཚོ་བ་ཤང་གི་གྲོང་སྡེ་དག་ཁ་འཐོར་དུ་གནས་པ་དང་དགོན་སྡེ་ཆེ་ཆུང་ཡང་༡༠ཙམ་ཡོིད། དགོན་སྡེ་ལ་ལ་ནི་རི་རྩེར་ཆགས་ཡོད་པ་དང་། ཁ་ཤས་ནི་རི་སྡེབས་སུ་ཡོད། ལམ་ཁ་ཡག་པོ་མེད་པར་རྐང་བགྲོད་ལམ་ཕྲན་ཞིག་ལས་མེད་པའང་ཡོད། བརྡ་འཕྲིན་གོད་ཆག་དང་འགོར་འགྱངས་མེད་པར་དགོན་པར་སྐྱེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས། ཁྲིམས་མཐུན་ཁྲིམས་རྩ། དོན་གནད་གསར་འགྱུར་སོགས་སྐལ་བཟང་གཡུ་སྒྲོན་ལགས་ཀྱི་དགོན་པའི་ལས་གནས་སུ་དུས་ཐོག་དུ་འཕྲོད་ཐུབ་པ་བྱེད་བཞིན་འདུག

  འཕྲིན་སྐྱེལ་ལམ་ནས་ཕ་ཡུལ་ལའང་ལོག་མ་ཐུབ།

   ལོ་ངོ་བརྒྱད་དུ་འཕྲིན་སྐྱེལ་ལམ་ནས་ཕ་ཡུལ་ལའང་ལོག་ཐུབ་ཀྱིན་མི་འདུག རང་ཉིད་ཀྱི་ཁྱིམ་ཚང་ལའང་རམ་འདེགས་བྱེད་དཀའ་ལ་ལོ་ངོ་ཧྲིལ་པོར་གུང་གསེང་ཉིན་རེ་གཉིས་ཙམ་ལས་ནང་མི་ལྷན་འཛོམས་ཁེག་པོ་རེད། འཕྲིན་སྐྱེལ་ལམ་ཐག་རིང་བ་དང་། ལས་རེས་གཅིག་ལ་ཉིན་བཅུ་གྲངས་འགོར་འགྲོ་བ་རེད། ཟླ་གཅིག་ལ་ལས་རེའི་ཐེངས་གསུམ་དང་ཕ་ཡུལ་དུ་ཉིན་རེ་གཉིས་ལས་བསྡད་ཁོམ་ཡོད་པ་མ་རེད། ཁོ་མོའི་ཁྱོ་ག་ནི་ས་གནས་སློབ་ཆུང་གི་དགེ་རྒན་རེད། རྒྱུན་པར་སློབ་ཁྲིད་ཀྱི་བྱ་བས་བུ་ཕྲུག་གཉིས་ནི་ཨ་མ་རྒན་མོས་གཉོར་སྐྱོང་བྱེད་བཞིན་ཡོད། སྐལ་བཟང་གཡུ་སྒྲོན་ལགས་ཀྱི་འཕྲིན་སྐྱེལ་ལས་ཀས་ཁྱིམ་ཚང་གི་ལས་ཀ་ཕྲན་བུའང་འཇོན་མི་ཐུབ་ལ། རང་ཉིད་ཀྱི་སེམས་ནའང་ཨ་མ་རྒན་མོའི་དཀའ་ལས་རིག་ན་ཁོ་མོའི་མིག་ཆུ་འང་དབང་མེད་དུ་བཞུར་བཞིན་འདུག

སྐལ་བཟང་གཡུ་སྒྲོན་ལགས་ཀྱིས། ང་རང་ལས་ཀ་འདིར་སྤྲོ་བས་བརྟས་ཤིང་། རང་ཉིད་འཁར་བ་ལ་བརྟེན་དགོས་པ་དང་། རྡོག་ཁྲེས་མ་ཐུབ་ཚུན་ཆད་ལ་ལས་ཀ་འདི་གཉེར་འདོད་ཡོད། ཞེས་དང་། དགུན་ཁར་ཁ་བ་བབས་ཀྱང་། དབྱར་ཁར་དྲག་ཆར་རྒོད་ཀྱང་། ལྟོགས་ན་རྩམ་པ་དང་སྐོམ་ན་རྫ་ཆུ་བཏུང་བ། འགྲོ་རོགས་སྨུག་ཆུང་དྲེའུ་དང་། ཉལ་ས་རྡོ་བྲག་གཡའ་མ་སྔོན་མོ་ནགས་གསེབ་སོགས་ཡོད། ཅེས་དང་། རི་མཐོ་ལུང་གཟར་གྱི་ཁྲོད་ན་བུད་མེད་འཕྲིན་སྐྱེལ་བ་ཞིག་གི་རྒྱབ་གཟུགས་ནི་ཇི་འདྲའི་ཡིད་དབང་འཕྲོག་པ་ཞིག་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716