
དབྱངས་སྐྱིད་མ་ནི་མོན་པའི་གཞས་མ་ཞིག་ཡིན་པ་དང་མོན་པའི་གདོད་མའི་རོལ་དབྱངས་ཀྱི་རྒྱུན་འཛིན་པ་ཡིན་པའི་ཁོང་གིས་ཐུན་མོང་མ་ཡིན་པའི་ས་ཁམས་དང་རིག་གནས་དེ་ཡིད་དབང་འཕྲོག་ས་ཞིག་ཏུ་གྱུར་ཡོད་ཅེས་བཤད། “ཀྲུང་གོའི་ཕུགས་འདུན་གྱི་གླུ་སྒྲ”ཞེས་པའི་གར་སྟེགས་ཐོག་ཁོང་གི་བབ་ཆགས་ཀྱི་གྱོན་ཆས་དང་སྙན་ཞིང་འཇེབས་པའི་གླུ་སྒྲའི་ཐོག་ནས“གནས་པདྨ་བཀོད”ཀྱི་མེ་ཏོག་དང་གནའ་བོའི་མོན་པའི་མང་ཚོགས་རྣམས་མིག་ལམ་དུ་དྲངས།
གནས་པདྨ་བཀོད་དང་གནའ་བོའི་མོན་པ་བས་འཛམ་གླིང་གི་མི་རྣམས་ལ་རྟོགས་དཀའ་བའི་ལྐོག་གྱུར་མང་པོ་ཞིག་བཞག་ཡོད། རང་ཉིད“ཕ་ཡུལ”གྱི་རིག་གནས་སྐོར་གླེང་སྐབས་དབྱངས་སྐྱིད་མས“ང་ནི་གཞས་གཏོང་རྒྱུར་དགའ་པོ་ཡོད། 《ཀྲུང་གོའི་ཕུགས་འདུན་གྱི་གླུ་སྒྲ》ནས་ད་བར་བསྐྱོད་པ་ནི་ལས་ལ་བསྐོས་པའི་འཆར་སྣང་ཞིག་ཡོང་གི་འདུག”ཅེས་བཤད།
དབྱངས་སྐྱིད་མ་སྐད་གྲགས་ཆོད་པ་དང་ཆབས་ཅིག་མེ་ཏོག་དང་མོན་པའི་གདོད་མའི་གླུ་དབྱངས་དེ་སྐད་ཅིག་ཉིད་དུ་མི་རྣམས་ཀྱི་མདུན་དུ་འཆར། མོན་པའི་ཕུལ་བྱུང་གཞས་མའི་མཚོན་བྱེད་ཅིག་ཡིན་པའི་ཁོང་ལ་གསར་འགོད་པས་རང་ཉིད་ཀྱི་འཁྲབ་སྟོན་དང་ལས་འགན་སྐོར་འདྲི་སྐབས་དབྱངས་སྐྱིད་མས“ང་ནི་གྲངས་ཉུང་མི་རིགས་གཞན་དག་ནང་བཞིན་སྤོབས་ཆེ་ཞུམ་མེད་ཅིག་མེད། མོན་པའི་མི་རྣམས་ནི་ལྷིང་པོ་ཞིག་ཡོད། ངས་ནམ་ཡང་རང་བྱུང་ཁམས་ཆེན་པོ་དང་། འཇིག་རྟེན། དཀོན་མཆོག་གསུམ་བཅས་ལ་བསྟོད་གླུ་འབུལ་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འབྲེལ་བ་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་ལན་བཏབ་བྱུང་།
དབྱངས་སྐྱིད་མས་རང་ཉིད་ཀྱིས་སྔ་ཕྱི་བར་གསུམ་དུ་དམའ་ས་བཟུང་བ་དང་གཤིས་ཀ་དེ་ནི་སྤོ་བོ་དང་རྨོ་བོའི་མི་རབས་ཀྱི་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་པ་དང་ཁོང་ཚོའི་ལུས་ཐོག་ནས་ཧ་ཅང་མང་པོ་ཤེས་བྱུང་། ཚང་མས་འགྲོ་བ་འདྲ་མཉམ་གྱི་འདུ་ཤེས་བཟུང་དགོས། འགྲོ་བ་མི་ནི་ཧ་ཅང་ཆེ་བའི་འཇིག་རྟེན་ངོས་ནས་བཤད་ན། ཆུང་ཆུང་ཞིག་རེད། འགྲོ་བ་མི་ནི་འཇིག་རྟེན་ཐོག་གནས་པས་འཇིག་རྟེན་ཁམས་ཀྱི་སྐྱེ་དངོས་དང་འགྲོ་བར་བསྟོད་གླུ་འབུལ་དགོས་ཞེས་དང་ཁོང་གིས་འཛུམ་དམུལ་དམུལ་ངང་ང་ནི་སྐད་ཆ་ཤོད་རྒྱུར་དགའ་པོ་མེད། འོན་ཏེ་སེམས་ཀྱི་གཏིང་དུ་མོན་པ་བར་བརྩེ་སེམས་མཚོན་པའི་འདུན་པ་དང་མཚོན་ཚུལ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་རོལ་དབྱངས་རེད་ཅེས་བཤད་བྱུང་།
མོན་པའི་གཞས་མ“མི་རབས་བདུན་པ”ཡིན་པའི་དབྱངས་སྐྱིད་མས“དེ་ནི་རང་བཞིན་དང་རྩེ་གཅིག་ཏུ་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་པ་ལས་གནོན་ཤུགས་ཤིག་མ་རེད”ཅེས་དང་ཁོང་གིས་མོན་པའི་རོལ་དབྱངས་ལ་ངེས་པར་དུ་རྒྱུན་འཛིན་ནམ་ཡང་ན་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་ཞིག་མ་ཡིན་པ་དང་དེ་ནི་རང་བཞིན་དུ་འཕེལ་རྒྱས་སོང་བ་ཞིག་རེད། རང་ཉིད་ཀྱིས་སྤོ་བོ་དང་རྨོ་བོ་བརྒྱུད་རོལ་དབྱངས་ཀྱི་འགྱུར་ཁུག་དྲན་གསོ་བྱས་རྗེས་ཐོ་འགོད་ཀྱིས་རོལ་དབྱངས་དེ་དག་ལ་གཞས་ཚིག་འབྲི་གི་ཡོད། ཉིང་ཁྲི་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དུ་ཡོད་པའི་སྲུ་མོ་ནི་གཞས་གདངས་རྩོམ་མཁན་ཡིན་པ་དང་ཁོང་གིས་མོན་པའི་རོལ་དབྱངས་དེ་དག་རྒྱུན་འཛིན་བྱེད་དགོས་ཞེས་ཤོད་ཀྱི་ཡོད་ཅེས་བཤད་བྱུང་། རྗེས་སུ་དབྱངས་སྐྱིད་མས་འཁྲབ་སྟོན་སྦྱངས། བྱ་བ་དེ་ནི་དོན་སྙིང་ལྡན་པ་ཞིག་ཡིན་པའི་ཤེས་ཚོར་ཐུབ་སྟེ་ཁོང་གིས་མོན་པའི་རོལ་དབྱངས་ཤེས་མཁན་སྲུ་མོ་དང་རྨོ་བོའི་ས་ནས་རྒྱུན་འཛིན་བྱས་ཏེ་འགན་འཁྲི་དང་ལས་འགན་ཧུར་ཐག་སྒྲུབ་ཀྱི་ཡོད།
དབྱངས་སྐྱིད་མའི་རོལ་དབྱངས་ཀྱི་ལམ་བུའི་ཐོག་ཁོང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་གཉེན་ཉེ་ཞིག་ཡོད་པ་ནི་ཁོང་གི་རྨོ་བོ་རེད། རྨོ་བོས་དབྱངས་སྐྱིད་མར་མོན་པའི་གླུ་གཞས་གཏོང་སྐབས་རྣམ་འགྱུར་བསྟན་མི་རུང་ཞེས་བཤད་མྱོང་ཡོད། དབྱངས་སྐྱིད་མས་རྨོ་བོས་རང་ཉིད་ལ་གཞས་དེ་ཇི་ལྟར་གཏོང་དགོས་པ་མི་ཤོད་པར་ང་ཚོས་གཞས་གང་ཞིག་གཏོང་དགོས་པ་ཤོད་ཀྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་བྱུང་། མོན་པ་བའི་གཞས་ཚང་མ་ནི་རང་བྱུང་ཁམས་ལ་བསྟོད་གླུ་དང་མི་ཆོས་ཀྱི་འོད་ཟེར་དང་མཛེས་སྡུག རང་བྱུང་ཁམས་ཀྱིས་གནང་བའི་ཚེ་སྲོག་བཅས་ལ་བསྟོད་གླུ་འབུལ་བ་སོགས་རེད། དབྱངས་སྐྱིད་མའི་མིག་ལམ་དུ་མི་རྣམས་ལ་འདོད་པ་ཆེན་པོ་མེད་པ་དང་། སྤོ་བོ་དང་རྨོ་བོའི་བསམ་བློ་གཏོང་སྟངས་ཀྱང་དེ་ལྟར་རེད།
འབྱུང་འགྱུར་དང་ཕུགས་འདུན་སྐོར་གླེང་སྐབས་དབྱངས་སྐྱིད་མས་མུ་མཐུད་གཞས་ལེགས་པར་བཏང་ནས་ཚང་མར་གཞས་དེ་བས་ལེགས་པ་གཏོང་རྒྱུ་ཡིན་པ་དེ་ནི་རང་ཉིད་ཀྱི་འབད་པ་ལྷོད་མེད་བྱེད་པའི་འདུན་པ་ཞིག་ཡིན་པ་དང་དེ་དང་ཕྱོགས་མཚུངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རོགས་པ་དགོས་པའི་མི་ཐམས་ཅད་ལ་རོགས་པ་བྱ་རྒྱུ་དེ་ཡིན་ཞེས་བཤད་།
དབྱངས་སྐྱིད་མ་ནི་མེ་ཏོག་རྫོང་གི་མོན་པའི་གཞས་མ་དང་འཁྲབ་སྟོན་པ་ཡིན་པ་དང་2013ལོར《ཀྲུང་གོའི་ཕུགས་འདུན་གྱི་གླུ་སྒྲའི》ནང་ཞུགས་ནས་ཨང་གཉིས་པ་ཐོབ་རྗེས་སྐད་གྲགས་ཆོད། 《ལྟ་སྲུང་བྱེད་པའི་བདེ་སྐྱིད》དང”《སྤུན་གྲོགས》ཞེས་པའི་གློག་བརྙན་དང《གྲོང་ཁྱེར་གྱི་འཆར་སྣང་སྟེ་ཨ་པུའུ》དང《མི་རེར་ཕྱེད་རེ》སོགས་གློག་བརྙན་ཆུང་གྲས་གི་པར་རྒྱག་ནང་ཞུགས་མྱོང་ཡོད་པ་དང་རོལ་དབྱངས་བརྩམས་ཆོས《གཉིད་ལས་སད་ཅིག》དང《རི་ནག》ཅེས་པ་སོགས་ཡོད།