སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྐད་ཡིག་སྣ་མང་མཁྱེན་པའི་བོད་རིག་པའི་ཞིབ་འཇུག་མཁས་ཆེན་སྟོང་སྐོར་ཚེ་རིང་ཐར།
སྤེལ་དུས། 2017-07-31   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རིན་ཆེན་གྱིས་བསྒྲིགས།

ཁོང་གི་ཉེ་པར།
  ཁོང་ནི། ༡༩༥༨ལོར་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་སྟོང་ཆེ་ལུང་བའི་སྟོང་སྐོར་ཚང་དུ་སྐྱེས། ༡༩༧༧་ལོ་ནས་༡༩༨༧ལོའི་བར་མཚོ་སྔོན་ཁུལ་དགེ་འོས་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་གླིང་ནས་དགེ་རྒན་བྱས། ༢༠༠༠ལོ་ནས༢༠༠༤ལོའི་བར་འཇའ་པན་གྱི་སྣ་ཚོགས་ཞིབ་འཇུག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཡ་སུའུ་ཧིས་ཁོ་ན་རྒ་ནོ་མཆོག་གི་དྲུང་ནས་མི་རིགས་རིག་པའི་སློབ་གཉེར་གནང་། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་སློབ་དཔོན་ཆེན་མོ། འབུམ་རམས་པའི་མཛུབ་སྟོན་པ། ཞོར་དུ་རིག་གནས་པུའུ་རྒྱལ་ཡོངས་ཡིག་རྙིང་སྲུང་སྐྱོབ་ལས་ཀའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་པའི(IATS)ལས་འཛིན་པ། རྒྱལ་སྤྱིའི་བོན་པོའི་ཞིབ་འཇུག་ཚོགས་པའི(IABR-ATRB)ལས་འཛིན་གཞོན་པ། ཀྲུང་གོའི་ཆོས་ལུགས་རིག་པ་ཚོགས་པའི་ལས་འཛིན་པ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཤ་མན་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཚན་ཁག་གི་གདན་ཞུའི་ཞིབ་འཇུག་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ། མཚོ་སྔོན་གསོ་རིག་གླིང་གི་གདན་ཞུའི་སློབ་དཔོན་ཆེན་མོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གདན་ཞུའི་ཞིབ་འཇུག་པ་བཅས་ཀྱི་འགན་བཞེས་ཡོད། གཤམ་ཏུ་ཁོང་གི་བརྩམས་ཆོས་སྐོར་རེ་རེ་བཞིན་རགས་ཙམ་ཞུས་ན།

ཚོགས་ཐོག་ཏུ་གཏམ་བཤད་གནང་བཞིན་པ།
  གཅིག བོད་ཡིག་གི་བརྩམས་ཆོས་སྐོར། 
  ༡.བོན་པོའི་ལོ་རྒྱུས་གྲགས་ཅན་ལེགས་བཤད་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས།《མཚོ་སྔོན་སློབ་གསོ》༩༨༢.༦ ཟི་ལིང༌། ༢.བོད་དེང་རབས་རྩོམ་རིག་གི་འཕེལ་རྒྱས་སྐོར་གླེང་བ།《མཚོ་སྔོན་མི་རིགས་སྐད་ཡིག་གི་བྱ་བ》༡༩༨༤.༡ ཟི་ལིང༌། ༣.གཞོན་ནུ་ཟླ་མེད་ནང་གི་ངེས་འབྱུང་གི་བསམ་བློ་ལ་དཔྱད་པ། 《མཚོ་སྔོན་མི་རིགས་སླ《མཚོ་སྔོན་སློབ་གསོ》༡༩༨༥.༦ ཟི་ལིང༌རིག་གི་ཤན་ཞུགས་པའི་སྐོར་གྱི་དཔྱད་པ།《བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས》དེབ་གཉིས་པར། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༡༩༩༡ལོ། པེ་ཅིན། ༦. ནོར་ཝེ་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་དྲུག་པའི་དཔྱད་རྩོམ་ཕྱོགས་བསྒྲིགས《Tibetan Studies》ཞེས་པའི་པོད་གཉིས་པར། ༡༩༩༤ལོ། ཨོ་སི་ལོ། ནོར་ཝེ། ༧.བོད་སྤྱི་འགྲོས་ཀྱི་སྐད་ཆའི་སྐོར་གྱི་དཔྱད་པ། ༡༩༩༢ལོ་ཡི་ཏ་ལི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་སྐོར་གྱི་གྲོས་དཔྱོད་ཚོགས་འདུ་ཐེངས་གཉིས་པ་སྟེང་གི་ཚོགས་བཤད་དཔྱད་རྩོམ།《ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ༽སྟེང་དུ་སྤེལ་ཞིང་ཕྱིས་སུ《བོད་ཀྱི་སྤྱི་སྐད་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས༽ཞེས་པའི་ནང་དུ་བདམས། མི་རིགས་དཔེ་སྐྲུན་ཁང༌། ༡༩༩༩ལོ། པེ་ཅིན། ༨.དཀར་མཛེས་རྫོང་གི་དགོན་པ་བཅུ་གཅིག་གི་ལོ་རྒྱུས་བྲིས་པ།《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ་ནང་བསྟན་གསལ་བའི་མེ་ལོང་།》གི་དེབ་དང་པོར། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། ༡༩༩༩ལོ། པེ་ཅིན། ༩.གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་གྱི་བྱུང་བ་ལ་དཔྱད་པ། 《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》༠༠༥.༡ ཟི་ལིང༌།

རིག་གཞུང་བགྲོ་གླེང་གནང་བཞིན་པ།
  གཉིས། རྒྱ་ཡིག་གི་བརྩམས་ཆོས་སྐོར། 
  ༡.དྲི་མེད་ཀུན་ལྡན་ལ་ཐོག་མར་དཔྱད་པ།《བོད་ལྗོངས་ཞིབ་འཇུག》༡༩༨༨.༣ ལྷ་ས། ༢.གནམ་གྱི་ཁྲི་བདུན་སྐབས་ཀྱི་བོན་བསྟན།《ཀྲུང་གོ་བོད་ཀྱི་ཤེས་རིག》༡༩༩༥.༡ པེ་ཅིན། ༣.གངས་ཏི་སེའི་གནས་རིའི་མཆོད་པ་དང་དེའི་མཐའ་འཁོར་གྱི་གནའ་རབས་རིག་གནས།《ཀྲུང་གོ་བོད་ཀྱི་ཤེས་རིག》༩༩༦.༡ པེ་ཅིན། ༤.ཡི་ཏ་ལིའི་བོད་རིག་པའི་ཞིབ་འཇུག་དང་ཐུབ་པའི་བསྟན་པ། ཁྲིན་ཆིན་དབྱིན་གྱིས་གཙོ་སྒྲིག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས 《བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས་ཞིབ་འཇུག》གི་པོད་དང་པོ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང༌། ༡༩༩༦ལོ། པེ་ཅིན། ༥.《བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད》ནང་གི་བོན་གྱི་ཐ་སྙད་སྐོར་གྱི་འགྲེལ་བཤད་ཐམས་ཅད་བྲིས། ཝང་ཡོ་དང་ཁྲིན་ཆིན་དབྱིན་གྱིས་གཙོ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང༌། ༡༩༩༦ལོ། ལྷ་ས། ༦.《ཆོས་ལུགས་ཚིག་མཛོད་ཆེན་མོ》ནང་གི་བོན་གྱི་ཐ་སྙད་སྐོར་གྱི་འགྲེལ་བཤད་ཐམས་ཅད་བྲིས། རིན་ཇི་ཡུས་གཙོ་སྒྲིག་བྱས། ཧྲང་ཧེ་ཚིག་མཛོད་དཔེ་སྐྲུན་ཁང༌། ༡༩༩༨ལོ། ༧.《རྒྱལ་སྤྱིའི་བོན་པོའི་རིག་གནས་གྲོས་དཔྱོད་ཚོགས་འདུ་འཇར་པན་ནས་འཚོགས་པ》༡༩༩༩.༤ བོད་ཡིག་ཏུ་བསྒྱུར་ནས《ཀྲུང་གོ་བོད་ཀྱི་ཤེས་རིག》སྟེང་སྤེལ། པེ་ཅིན། ༨.《གཡུང་དྲུང་བོན་གྱི་བསྟན་བཅོས》《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་》གི་ཤོག་ལྷེ༡༠༨ནས༢༠༠བར་དུ་གསལ། མི་རིགས་དཔེ་སྐྲུན་ཁང༌། ༢༠༠༢ལོ། པེ་ཅིན། ༩.《བོན་པོའི་གསས་ཁང་རིག་གནས་ལ་སྐྱར་དུ་དཔྱད་པ།》《ཀྲུང་གོ་བོད་ཀྱི་ཤེས་རིག》༢༠༠༡ལོ། པེ་ཅིན། ༡༠.《བོད་བརྒྱུད་ནང་བསྟན་ནུབ་གླིང་ནས་དར་རྒྱས་གོང་འཕེལ་བྱུང་བའི་སྐོར་གྱི་གཏམ་གླེང་》ལྷག་པ་ཕུན་ཚོགས་དང་དགེ་ལེགས་ཀྱིས་གཙོ་སྒྲིག་བྱས་པའི《དེང་སྐབས་བོད་རིག་པའི་ཞིབ་འཇུག་སྐོར་གྱི་གཞུང་ལུགས་ཀྱི་གནད་དོན་འགའ》ཤོག་ལྷེ༢༢༩ནས༢༥༠བར་དུ་གསལ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང༌། ༢༠༠༢ལོ། པེ་ཅིན། ༡༡.《བོན་པོའི་བཀའ་འགྱུར་གྱི་བྱུང་བ་དང་འཕེལ་རྒྱས》《བོད་ལྗོངས་ཞིབ་འཇུག》༢༠༠༥ཡི་ལྷན་ཐབས། ༡༢.བོད་བརྒྱུད་ནང་བསྟན་གྲྭ་བའི་སློབ་གཉེར་དང་ཐོབ་ཐང་སྐོར་གྱི་ཆེད་དམིགས་ཞིབ་འཇུག་ཟེར་བའི་ཞིབ་འཇུག་ལས་གཞི་ལ་ཞུགས་ཤིང་དེའི་འབྲས་བུ་ལ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི༢༠༠༢ལོའི་བྱ་དགའ་ཁྱད་པར་ཅན་ཐོབ། ༡༣.《གནའ་རབས་ཞང་ཞུང་གི་ཤེས་རིག་ལ་སྐྱར་དུ་དཔྱད་པ》《ཀྲུང་གོ་བོད་ཀྱི་ཤེས་རིག》༢༠༠༥.༡ པེ་ཅིན།

ཚོགས་འདུར་གཙོ་སྐྱོང་གནང་བཞིན་པ།
  གསུམ། བོད་རྒྱ་ཡིག་སྦྲགས་སྤེལ་བརྩམས་ཆོས་སྐོར། 
  ༡.《ཞང་ཞུང་གི་ཤེས་རིག》《བོད་ལྗོངས་ཞིབ་འཇུག》 རྒྱ་ཡིག ༡༩༨༥.༢ལོར། བོད་ཡིག ༡༩༨༥.༣ལོར། ལྷ་ས། ༢.《བོད་ཡིག་གི་འབྱུང་གཞི་ལ་གསར་དུ་དཔྱད་པ》《ཀྲུང་གོ་བོད་ཀྱི་ཤེས་རིག》བོད་ཡིག ༡༩༢༢.༡ལོར། རྒྱ་ཡིག༡༩༨༨.༡ལོར། པེ་ཅིན། ༣.《བོན་པོ་ཞིབ་འཇུག་སྐོར་གྱི་གནད་དོན་འགའ》《ཀྲུང་གོ་བོད་ཀྱི་ཤེས་རིག》གི་བོད་ཡིག༡༩༨༨.༣ ལོར། རྒྱ་ཡིག ༡༩༨༨.༣ལོར། པེ་ཅིན། ༤.《བོན་གྱི་བསྟན་བཅོས་དང་དེའི་ཕྱོགས་བསྒྲིགས་ཀྱི་སྐོར་ལ་དཔྱད་པ》《ཀྲུང་གོ་བོད་ཀྱི་ཤེས་རིག》རྒྱ་ཡིག ༡༩༩༠ལོར།  《བོད་ལྗོངས་ཞིབ་འཇུག》བོད་ཡིག ༡༩༩༠.༤ལོར། ཕྱིས་སུ་དབྱིན་ཡིག་ཏུ་བསྒྱུར་ནས Thcsis 0nTibcblo in China《ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པའི་སྟེང་པར་དུ་བསྐྲུན། ༡༩༩༦ལོར། པེ་ཅིན།

མཁས་དབང་མཁར་རྨེའུ་བསམ་གཏན་སོགས་དང་ལྷན་དུ།
  བཞི། དབྱིན་ཡིག་གི་བརྩམས་ཆོས་སྐོར། 
  ༡.Dralag Monastery and its Tribes《གྲི་ལག་དགོན་པ་དང་དེའི་ལྷ་སྡེ》༡༩༩༥ལོར་ཨོ་སི་ཁྲི་ཡ་རྒྱལ་ཁབ་ཀྱི་རྒི་ར་ཚི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བདུན་པའི་དཔྱད་རྩོམ་ཕྱོགས་བསྒྲིགས།《Tibetan Studies》 ཞེས་པའི་པོད་གཉིས་པའི་ཤོག་ལྷེ༩༨༡ནས༩༨༤སྟེང་གསལ། ༡༩༩༢ལོ། ཨོ་སི་ཁྲི་ཡའི་རྒྱལ་ས་ཝེ་ཨེན་ནས་པར་དུ་བསྐྲུན། ༢.《Lama》of Bonpo Tradition in Amdo and Khams《ཨ་མདོ་དང་ཁམས་ཀྱི་བོན་པོའི་བླ་མ》༡༩༩༩ལོ་འཇར་པན་གྱི་གྲོང་ཁྱེར་ཨོ་ས་ཁ་ནས་འཚོགས་པའི་རྒྱལ་སྤྱིའི་བོན་པོའི་རིག་གནས་གྲོས་དཔྱོད་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས《New Horisons in BonStudies》《བོན་པོའི་རིག་གནས་ཀྱི་ས་མཚམས་གསར་བ》ཞེས་པའི་ཤོག་ལྷེ༤༡༧ནས༤༢༨བར་དུ་གསལ། ༢༠༠༠ལོ་ཨོ་ས་ཁ་ནས་པར་དུ་བསྐྲུན། ༣.《Bonpo Tantrics in Kokonor Area》《མཚོ་སྔོན་པོའི་ས་ཁུལ་གྱི་བོན་པོའི་སྔགས་འཆང་》༡༩༩༨.༧.༢༥ནས༣༡བར་དུ་ཨ་རི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བརྒྱད་པའི་སྟེང་གི་དཔྱད་རྩོམ། ༤.《A New Bonpo Center---Shar-rdza Hermitage》《བོན་གྱི་ལྟེ་གནས་གསར་བ་ཤར་རྫ་རི་ཁྲོད༽སྐབས་དགུ་བའི་ལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་ཕུལ་བའི་དཔྱད་རྩོམ། ཚོགས་འདུ་དེའི་དཔྱད་རྩོམ་ཕྱོགས་བསྒྲིགས་སྟེ《Khams pa Histories: Visions of People, Place and Authority, edited by Lawrence Epstein》ཞེས་པའི་ཤོག་ལྷེ༡༥༥ནས༡༧༢བར་ཏུ་གསལ། Koninklijke Brill NVཔར་སྐྲུན་ཁང༌། ཧོ་ལན་རྒྱལ་ཁབ་ཀྱི་ལེ་ཏིན་གྲོང་ཁྱེར་ནས ༢༠༠༢ལོར་པར་དུ་བསྐྲུན། ༥.《Monastic Education of Bon in sNang zhig》《སྣང་ཞིག་དགོན་པའི་བོན་བསྟན་གྱི་སློབ་གསོ》༢༠༠༣.༩.༦ནས༡༢བར་དུ་དབྱིན་ལན་གྱི་གྲོང་ཁྱེར་ཨོ་ཁི་སི་ཧྥོར་དི་ནས་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཐེངས་བཅུ་བའི་སྟེང་གི་དཔྱད་རྩོམ། ༦.《A Survey of Bonpo Monasteries and Temples in Tibet and the Himalayas》《བོད་དང་ཧི་མ་ལ་ཡའི་བོན་བསྟན་གྱི་དགོན་པ་དང་གསས་ཁང་ཞིབ་འཇུག༽ཞེས་པའི་ཤོག་ལྷེ་༢༤༧ནས༦༦༨བར་དུ་གསལ། འཇར་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀ་ན་ཡོད་པའི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གི་པར་སྐྲུན་ཁང་ནས ༢༠༠༣ལོར་པར་དུ་བསྐྲུན། ༧.《A Catalogue of the Bon Kanjur》《བོན་པོའི་བཀའ་འགྱུར་གྱི་དཀར་ཆག༽ནོར་ཝེ་རྒྱལ་ཁབ་ཚན་རིག་ཁང་གི་མཐོ་རིམ་ཞིབ་འཇུག་ལྟེ་གནས་ཀྱི་མགྲོན་འབོད་ལྟར། རྒྱལ་ས་ཨོ་སི་ལོ་ནས་རྒྱལ་ཁབ་གཞན་ནས་གདན་དྲངས་པའི་ཞིབ་འཇུག་པ་བརྒྱད་དང་མཉམ་དུ་བསྒྲིགས་ཤིང༌། འཇར་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀ་ན་ཡོད་པའི་རྒྱལ་གཉེར་མི་རིགས་རིག་པའི་བཤམས་སྟོན་ཁང་གི་པར་སྐྲུན་ཁང་ནས༢༠༠༣ལོ་པར་དུབསྐྲུན། ༨.《The sNang zhig Family and its Monastery...An ethnographic study of the  sNang zhig family and its monasticinfluence in the Amdo Bonpo society》《ཨ་མདོའི་སྤྱི་ཚོགས་ནང་གི་སྣང་ཞིག་ཚང་དང་ཁོང་གི་དགོན་པའི་ཤན་ཞུགས་སྐོར་གྱི་མི་རིགས་རིག་པའི་ཞིབ་འཇུག》ཧོ་ལན་རྒྱལ་ཁབ་ཀྱི Bri༡༡ པར་སྐྲུན་ཁང་ནས་པར་དུ་སྐྲུན་བཞིན་ཡོད།

རིག་གཞུང་བགྲོ་གླེང་གནང་བཞིན་པ།
  ལྔ། དབྱི་ཐ་ལི་སྐད་ཀྱི་བརྩམས་ཆོས་སྐོར། 
  《La Religione Bon e I suoi Rapporti con il Buddhismo in Tibet》《བོད་ཀྱི་བོན་བསྟན་དང་བན་བོན་གཉིས་བར་གྱི་འབྲེལ་བ》༡༩༩༢ལོ་དབྱི་ཐ་ལི་རྒྱལ་ཁབ་ཀྱི་གླིང་ཕྲན་ས་རྡན་ཉ་ནས་འཚོགས་པའི་ཡུ་ཤེ་ཆོས་ལུགས་དང་བོད་བརྒྱུད་ནང་བསྟན་གཉིས་ཀྱི་ཞལ་ཏ་ཟེར་བའི་རྒྱལ་སྤྱིའི་རིག་གཞུང་གྲོས་དཔྱོད་ཚོགས་འདུའི་སྟེང་གི་དཔྱད་རྩོམ། དེའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཏེ《Monachesimo tibetano in dialogo》《བོད་ཀྱི་བཙུན་པའི་སྐོར་གྱི་དྲི་ལན》ཟེར་བའི་ཤོག་ལྷེ༩༥ནས༡༠༠བར་དུ་གསལ། དབྱི་ཏ་ལིའི་རྒྱལ་ས་རོ་མ་ནས༡༩༩༥ལོ་པར་དུ་བསྐྲུན།

ལན་ཀྲོའུ་སློབ་ཆེན་དུ་རིག་གཞུང་བགྲོ་གླེང་གནང་བཞིན་པ།
  དྲུག བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་སྐོར།
  ཆོས་རྒྱལ་ནམ་མཁའ་ནོར་བུས་བརྩམས་པའི《བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་སྐོར》ཞེས་པའི་དཔྱད་རྩོམ་བོད་ཡིག་གི《ཀྲུང་གོའི་བོད་ཀྱི་ཤེས་རིག》༡༩༨༨དེ་རྒྱ་ཡིག་ཏུ་བསྒྱུར། རྒྱ་ཡིག་གི་དུས་དེབ《ཀྲུང་གོའི་བོད་ཀྱི་ཤེས་རིག》༡༩༨༨.༢ན་གསལ།

ཕྱི་གླིང་གི་བོད་རིག་པའི་ཆེད་མཁས་པར་ལོ་ཙཱ་གནང་བཞིན་པ།
  བདུན། དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་སྐོར།
  ཕེར་ཁི་ཝེར་ནེསPerKvaerneབརྩམས་པའི《Literature of Bon》《བོན་གྱི་བསྟན་བཅོས》བོད་ཡིག་ཏུ་བསྒྱུར། བོད་ཡིག་གི《ཀྲུང་གོའི་བོད་ཀྱི་ཤེས་རིག》༡༩༩༨.༣ལོར། པེ་ཅིན།

སློབ་མ་རྣམས་ལ་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
  བརྒྱད། དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་སྐོར། 
  ༡.ཨེ་ལིའོ་ཐི་སི་པེར་ལིན《Elliot Sperling》གྱིས་བརྩམས་པའི《The 5th Karmapa and some aspects of the relationship between Tibet and the early Ming》《ཀརྨ་སྐུ་ཕྲེང་ལྔ་བ་དང་བོད་མིན་བར་གྱི་སྔོན་རབས་འབྲེལ་བའི་གནད་དོན་འགའ》ཞེས་པ་རྒྱ་ཡིག་ཏུ་བསྒྱུར།《ཕྱི་གླིང་བོད་རིག་པའི་ཞིབ་འཇུག་གི་བསྒྱུར་རྩོམ་ཕྱོགས་བསྒྲིགས》དེབ་གཉིས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང༌། ༡༩༨༥ལོར་པར་དུ་བསྐྲུན། ལྷ་ས། ༢.དོ་ནལ་ལོ་ཕེ་ཙི་ཡིས་བརྩམས་པའི《Prisoners of Shangri-La__Tibetan Buddhism and the West》《ཤམ་བྷ་ལའི་བཙོན་མ། བོད་བརྒྱུད་ནང་བསྟན་དང་ནུབ་གླིང་》ཞེས་པའི་དཔེ་དེབ་ཀྱི་ལེའུ་བཞི་བ་སྟེ《the Spe༡༡》《གཟུངས་སྔགས》ཞེས་པ་རྒྱ་ཡིག་ཏུ་བསྒྱུར་ཞིང་། ཀྲུང་གོ་བོད་ཀྱི་ཤེས་རིག་པར་སྐྲུན་ཁང་གིས་པར་དུ་བསྐྲུན། པེ་ཅིན།

དགེ་སློབ་ཀུན་ལ་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
  དགུ། གཙོ་སྒྲིག་བྱས་པའི་དཔེ་ཚོགས་ཀྱི་སྐོར།
  ༡.《བོན་ཆོས་ཞིབ་འཇུག་གི་དཔྱད་རྩོམ་ཉིང་བསྡུས།》ཞེས་པ་གཙོ་སྒྲིག་བྱས། རྒྱ་ཡིག ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ལོར། པེ་ཅིན།
  ༢.གངས་ཅན་བོན་གཞུང་རིག་གཏེར་ཞེས་པའི་དཔེ་ཚོགས་གཙོ་སྒྲིག་བྱས། དེབ་དང་པོ། དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི《ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར༽ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌གིས་པར་ཏུ་བསྐྲུན། ༡༩༩༠ལོར། པེ་ཅིན། དེབ་གཉིས་པ།《དྲང་རྗེ་བཙུན་པའི་གཏེར་མ་མདོ་གཟེར་མིག》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌གིས་པར་བསྐྲུནགནང་། ༡༩༩༡ལོར། པེ་ཅིན། དེབ་གསུམ་པ། སྤ་བསྟན་རྒྱལ་བཟང་བོས་བརྩམས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌གིས་པར་བསྐྲུན་གནང་། ༡༩༩༡ལོར། པེ་ཅིན། དེབ་བཞི་བ། རིག་འཛིན་ཀུན་གྲོལ་གྲགས་པས་བརྩམས་པའི《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌གིས་པར་བསྐྲུན་གནང་། ༡༩༩༣ལོར། པེ་ཅིན། ༣.ནོར་བུ་དཔེ་ཚོགས་གཙོ་སྒྲིག་བྱས། དེབ་དང་པོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་སོགས་ཀྱིས་བརྩམས་པའི《རྩིས་གཞུང་པད་དཀར་ཞལ་ལུང》མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོར། པེ་ཅིན། དེབ་གཉིས་པ། ཀུན་གསལ་བློ་གྲོས་ཀྱིས་བརྩམས་པའི《ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན》མི་རིགས་དཔེ་སྐྲུན་ཁང༌གིས་པར་ཏུ་བསྐྲུན། ༢༠༠༣ལོར། པེ་ཅིན། དེབ་གསུམ་པ། དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས་པའི《གསོ་རིག་འབུམ་བཞི》མི་རིགས་དཔེ་སྐྲུན་ཁང༌གིས་པར་ཏུ་བསྐྲུན། ༢༠༠༥ལོར། པེ་ཅིན། ༤.《གངས་ཏི་སེ་བོན་གཞུང》ཞེས་པ་གཙོ་སྒྲིག་བྱས། དཔེ་ཚོགས་འདིར་སྡོམ་པའི་དེབ་ཕྲེང་ཉེར་ལྔ་ཡོད་ཅིང་། མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716